rKTs


J762

(e-text produced by ADARSHA)

see text in transliteration
104.247a
༄#། ་།རྒྱ་གར་སྐད་དུ། ་ལོ་ཀ་སྟོ་ཏྲ་པཱུ་ཛ་ཏནྟྲ་ནཱ་མ་ནོ་པི་ཀ་སནྟ་ཀཾ་།བོད་སྐད་དུ། འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་གསང་བ་ཆེན་པོ་རྡོ་རྗེ་འཛིན་པ། དུས་གསུམ་གྱི་སངས་རྒྱས་མ་ལུས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་མ་ལུས་པ་ཡང་དག་པར་བསྒྲུབ་པར་མཛད་པ། མཐུ་དང ། སྟོབས་དང ། མི་འཇིགས་པ་དང ། དབང་ཕྱུག་དང ། གཟུགས་ཀྱིས་འཇིགས་པར་བྱེད་པ། གཏུམ་པོ་དང ། དྲག་ཤུལ་ཅན་དང ། དྲེགས་པ་ཅན་དང ། སྟོབས་ཅན་དང ། བཟོད་པར་དཀའ་བ་དག་མྱུར་དུ་འདུལ་བར་བྱེད་པ། བདེ་བར་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་སྙིང་པོ་དེ་ཁོ་ན་ཉིད་ལས་ཕྱུང་བ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཙོ་བོ་ས་ཆེན་པོ་མཐར་ཕྱིན་པ་ལ་རབ་ཏུ་བཞུགས་པ། འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་སུ་གཏོགས་པའི་དབང་ཕྱུག་ལྷའི་རིགས་རྣམས་ཀྱི་བདག་པོ་ཆེན་པོ་ལྕང་ལོ་ཅན་གྱི་གནས་དང་རི་རབ་ཀྱི་གནས་ཀྱི་གནོད་སྦྱིན་རྣམས་ཀྱི་དེད་དཔོན་ཆེན་པོ་དེ། འོག་མིན་གྱི་གནས་ལྷའི་རྒྱལ་པོའི་ཁང་བཟངས་ན་བཞུགས་སྟེ། དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་པའི་འོད་ཟེར་སྣ་ཚོགས་བཀྱེ་ནས་ཚིག་འདི་སྐད་དུ་བསྐུལ་ཏེ། ཀྱེ་ཀྱེ་གསང་བདག་རྡོ་རྗེ་འཛིན། །ཁྱོད་ནི་སངས་རྒྱས་ཐམས་ཅད་ཀྱིས། །བསྟན་པ་དམ་པ་བསྲུང་བ་ཡི། །མཐུ་སྟོབས་བདག་པོར་དབང་བསྐུར་ཏེ། །དམ་ཚིག་ཆེན་པོ་དེ་གཟིགས་ལ། །སྐུ་གསུང་ཐུག་ཀྱི་གསང་བ་ལས། །འཇིགས་བྱེད་འཇིགས་པར་བྱེད་པ་ཡི། །སྐུ་མཆོག་དྲག་པོའི་གསུང་དང་བཅས། །གཏུམ་པོའི་ཐུགས་ཀྱིས་ཤུགས་ཕྱུང་ལ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། ་་་་།སྤྲུལ་པ་སྔ་འཕྲུལ་ཕྲིན་ལས་ཀྱིས། །སྔོན་གྱི་ཐུགས་དམ་རོལ་པར་མཛོད་ཞེས་བསྐུལ་མ་ཐག་ཏུ་བཅོམ་ལྡན
104.247b
འདས་དེ་སངས་རྒྱས་ཀྱི་ཕྲིན་ལས་མཛད་པའི་དུས་ལ་བབ་པར་མཁྱེན་ནས། །ཉིད་ཀྱི་སྐུ་གསུང་ཐུགས་ཞི་བ་ཆོས་ཉིད་དེ་བཞིན་ལས་མ་གཡོས་ཀྱང་གདུལ་བར་བྱ་བའི་ཡུལ་དྲག་ཤུལ་ཅན་རྣམས་ལ་གཟིགས་ནས། ཕྱོགས་བཅུ་ནམ་མཁའི་མཐའ་དང་མཉམ་པའི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་དུ་སྐུའི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་ཁྲོ་བོ་ཆེན་པོའི་གཟུགས་འདི་ལྟ་སྟེ། སྐུ་མདོག་མཐིང་ནག་ཞལ་དགུ་པ་ལ། གཡས་ཀྱི་ཞལ་ནི་ཁམ་ནག་གཙིགས་པ། གཡོན་གྱི་ཞལ་ནི་སྨུག་ནག་བསྡུས་པ། དབུས་ཀྱི་ཞལ་ནི་མཐིང་ནག་ཁྲོ་ཞིང་རྔམ་པ། ་་་ཕྱག་གཡས་ཀྱི་རྡོ་རྗེ་འབར་བས་གཡོན་གྱི་ཐོད་ཁྲག་དཀྲུག་ཅིང་གསོལ་བ། གཡས་འོག་མ་བརྒྱད་ན་ལྷ་ཆེན་པོ་བསྒྲལ་བའི་མགོ་གཅད་དེ་བསྣམས་ལ། གཡོན་འོག་མ་བརྒྱད་ན་ཀླུ་ཆེན་པོ་བརྒྱད་ཀྱི་མགོ་བསྣམས་པཿ ་དེ་དག་ཀྱང་གཡང་གཞི་དང་བཅས་པ། གཡས་ཀྱི་སྤྱན་དགུ་གྱེན་ལ་བཟློག་པ། གཡོན་གྱི་སྤྱན་དགུ་འཕྲེད་ལ་གཟིགས་པ། དབུས་ཀྱི་སྤྱན་དགུ་མཐུར་ལ་སྡང་མིག་མཛད་པ། ཁྲོ་གཉེར་དྲག་པོ་དཔྲལ་བར་བསྡུས་པ། ཤངས་ནས་སྲིད་པའི་རླུང་དྲག་པོ་འཚུབ་པ། ཞལ་ནས་བསྐལ་པའི་མེ་འབར་བ། མཆེ་བ་དམར་པོ་བར་སྣང་ཁམས་སུ་གཙིགས་པ། སྨ་ར་ཨག་ཚོམ་སྤྲིན་བཞིན་དུ་གཏིབ་པཿ ་དབུ་སྐྲ་རལ་པ་ཁམ་ནག་སྲིད་པའི་རྩེ་མོར་འབར་ཞིང་འཁྱིལ་བ། སྙན་ནས་གདུག་པའི་སྒྲ་ཆེན་པོ་འབྱིན་པ། སྦྲུལ་གྱི་ཆུན་པོས་ཡན་ལག་དཀྲིས་པ། བདུད་དང་རུ་ཏྲ་བསྒྲལ་བ་དང་གླང་པོ་ཆེའི་ལྤགས་པ་ན་བཟར་གསོལ་བ། སྟག་གི་ལྤགས་པས་སྐུ་སྨད་དཀྲིས་པ། ཁྲག་དང་ཞག་གི་ཐིག་ལེ་དང་རི་མོས་བརྒྱན་པ། ཐལ་ཆེན་གྱི་ལུས་ལ་བྱུགས་པ། ཐོད་བ་སྐམ་པོ་དང་རློན་པ་དང ། ཤ་ཁྲག་ར་རི་ཅན་གྱིས་ཕྲེང་བར་བྱས་ནས་བརྒྱན་པ། ཞབས་བརྒྱད་ཀྱི་ཚངས་པ་དང་ཁྱབ་འཇུག་དང་དབང་ཕྱུག་ཆེན་པོ་དང ། རྒྱ་བྱིན་ཆུང་མ་དང་བཅས་པ་དག་མནན་པ། ཡུམ་ཆེན་མོ་རབ་ཏུ་གཏུམ་མོ་འཇིགས་བྱེད་མ་རང་གི་སྐུ་དང་མཚུངས་པ་ཞིག་དང་མཉམ་པར་སྦྱོར་བ། གྲངས་མེད་ཅིང་བརྗོད་ཀྱིས་མི་ལང་བ་བྱེ་བ་ཏིལ་གྱི་གང་བུ་བཞིན་དུ་གྱུར་པ་ཐམས
104.248a
ཅད་ཀྱང ། ོཾ་བཛྲ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊ། ཞེས་བྱ་བའི་གསུང་སྒྲ་དྲག་པོ་འབྱིན་པ། དེ་དག་རེ་རེ་ལས་ཀྱང་སྤྲུལ་པ་དང་སྤྲུལ་པའི་ཡང་སྤྲུལ་བསམ་གྱིས་མི་ཁྱབ་པ་རབ་ཏུ་སྣང་བར་མཛད་པ། འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པ་ཅན་ལྷའི་ཚོགས་དང ། བདུད་དང ། གཤིན་རྗེ་དང ། སྲིན་པོ་དང ། གནོད་སྦྱིན་དང ། གཟའ་བདུད་དང ། ཀླུ་དང ། རྒྱལ་པོ་དང ། གིང་དང ། མ་མོ་ཆེན་མོ་རྣམས་དང ། མཁའ་འགྲོའི་ཚོགས་དང ། རུ་ཏྲ་དང ། མུ་སྟེགས་དང ། སྲོག་གི་བདག་པོ་དང ། ནོར་གྱི་བདག་པོ་དང ། ཚེའི་བདག་པོ་དང ། སྔགས་ཀྱི་བདག་པོ་དང ། སྲིད་པའི་བདག་པོ་དང ། གཞན་ཡང་འཇིག་རྟེན་གྱི་ཁམས་ཐམས་ཅད་དང ། དུར་ཁྲོད་ཆེན་པོ་དང ། ཡུལ་ཆེན་པོ་དང ། འཛམྦུའི་གླིང་གི་མཐའ་འཁོབ་ཀྱི་ས་དང ། རིའི་རྒྱལ་པོ་དང ། རི་ཕྲ་མོ་དང ། རྒྱ་མཚོ་དང ། ཆུ་བྲན་དང ། ཡོངས་སུ་འདུ་བའི་ཤིང་དང ། ནགས་ཚལ་ཆེན་པོ་དང ། གནས་ཕྲ་མོ་བསམ་གྱིས་མི་ཁྱབ་པ་དག་ན་གནས་པའི་འཇིག་རྟེན་གྱི་དྲེགས་པ་ཅན་ཕོ་དང་མོའི་རྣམ་པར་འདུག་པ་དང ། གཙོ་བོ་དང ། འཁོར་དང་ཁྱད་པར་རྒྱུ་བ་དང ། བྲན་དང་གཡོག་གི་ཚོགས་དང་བཅས་པ་དག་གིསཿ ་རང་རང་གི་གནས་ནས་མྱུར་བ་དངང་ཞིང་སྐྲག་ལ་འཇིགས་པ་དང་ཡང་བའི་སེམས་དང ། དུལ་བའི་སེམས་ཀྱིས་འཐོན་ཏེཿ ་བཅོམ་ལྡན་འདས་དེའི་སྤྱན་སྔར་རླུང་དྲག་པོའི་ཤུགས་ཀྱིས་རབ་ཏུ་བསྐྱོད་པའི་ཤིང་བལ་གྱི་འདབ་མ་བཞིན་དུ་རང་དབང་མེད་པར་ལྷགས་པར་གྱུར་ཏེ། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མ་ལུས་པ་དང ། ཁྱད་པར་དུ་མི་འཇེད་ཀྱི་འཇིག་རྟེན་གྱི་ཁམས་ན་གླིང་བཞི་དང ། རྒྱ་མཚོ་ཆེན་པོ་དང ། རོལ་པའི་ཆུ་ཀླུའི་གནས་དང་བཅས་པ། རི་རབ་ཆེན་པོ་དང ། རི་བདུན་གྱི་གནོད་སྦྱིན་གྱི་ཚོགས་དང ། ལྷའི་གནས་འདོད་པའི་ཁམས་དང་གཟུགས་ཀྱི་ཁམས་དང ། གཟུགས་མེད་པའི་ཁམས་དང་བཅས་པ་དང ། དམྱལ་བ་དང ། ཡི་དགས་དང ། ་་་་བྱོལ་སོང་གི་གནས་ན་གནས་པ་དང ། འཛམྦུའི་གླིང་གི་སའི་ཆ་ན་གནས་པའི་དྲེགས་པ་ཅན་རྣམས་སོ་སོ་ནས་རང་རང་གི་མདུན་ན་དྲག་པོ་ཆེན་པོའི་སྐུ་གཟི་བྱིན་དཔག་ཏུ་མེད་པ། གཞན་དག་གིས་ཉེ་བའི་ཐུགས་མི་ཐུབ་པ་རེ་རེ་འདུག་པ་མཐོང་སྟེ། དེ
104.248b
དག་ཐམས་ཅད་ཐ་དད་དུ་རང་རང་གི་སྡེ་དཔོན་ཆེན་པོ་རྣམས་ལ་སྐྱབས་སུ་འགྲོ་བར་བྱེད་དོ། །སྡེ་དཔོན་ཆེན་པོ་རྣམས་ནི་འཇིགས་བྱེད་ཆེན་པོའི་སྐུ་གསང་བ་པའི་བདག་པོ་དེ་ལ་རང་གི་འཁོར་དང་བཅས་ཏེ་སྐྱབས་སུ་འགྲོ་བར་བྱེད་དེ། ཐམས་ཅད་ཀྱི་རང་རང་གི་གཟུགས་དང་ལོངས་སྤྱོད་དང་འཁོར་དང ། རྒྱན་དང་བཞོན་པ་དང་གནས་དང་ཉེ་བར་བདེ་བར་སྤྱོད་པ་ཕྲིན་ལས་ཁྱད་པར་མ་ལུས་པར་སྟོན་ཅིང ། མིང་གི་སྙིང་པོ་རྣམས་མངོན་དུ་ཕྱུང་སྟེ་སྨྲས་སོ། །མ་ཧཱ་དེ་བ་ཨེ་ཛཿ ། ཨུ་མ་དེ་བ་ཨེ་ཛཿ ། དྷུ་པྲ་མ་དུ་ཕྲག་ཛཿ ་།དུནྟི་མ་དུ་ཛཿ ། ཅེས་འཇིག་རྟེན་གྱི་དབང་ཕྱུག་ཆེན་པོ་ཡབ་ཡུམ་བདུད་ཕོ་མོ་དང་བཅས་པ་རྣམས་ཀྱིས་རང་རང་གི་མིང་ཕུལ་བའོ། །དེ་ནས་གཤིན་རྗེའི་དེད་དཔོན་རང་གི་ཚོགས་དང་བཅས་པས་རང་རང་གི་མིང་དང་སྲོག་དང་བཅས་པ་ཕུལ་བ། ཧྲཱིཿ ཥྚི་ཀྲྀཥྞ་ཡ་མ་པྲེ་ཏ་ཛཿ ། མ་མ་ཡ་མུནྟྲི་བྷི་ཏྲི་ཛཿ ་ཞེས་ཕུལ་ལོ། །དེ་ནས་སྲིན་པོའི་སྡེ་དཔོན་རང་གི་འཁོར་དང་བཅས་པའི་མིང་གི་སྙིང་པོཿ ། རཱཀྵ་ར་ཤ་ར་མ་ཏི་རཀྵ་མ་ཤུ་ཏི་ཛཿ ་ཞེས་ཕུལ་ལོ། །དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་རང་གི་འཁོར་དང་བཅས་པའི་མིང་དང་སྲོག་གི་སྙིང་པོ་ཡཀྵ་ཀུ་བེ་རཀྵ་ཏ་མེ་ཡཀྵི་མ་ཤ་ཛཿ ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་གནོད་སྦྱིན་ལྷའི་སྡེ་དཔོན་ཁ་བ་ཅན་གྱི་དབང་པོས་རང་གི་མིང་ཕུལ་བ། ་་་་།གཾ་བྷ་བྷ་ཏ་ཏྲ་དྷེ་བ་ཏ་རུ་ཏི་ཛཿ ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་རྒྱལ་ཕྲན་གྱི་དེད་དཔོན་ལྷའི་ཐེ་བཅུ་གསུམ་གྱི་བདག་པོས་མིང་ཕུལ་བཿ ་གཾ་ཏ་པ་ཤ་ལི་བ་ར་ཏྲི་སཾ་ཀ་ར་ཤ་ཛཿ ཞེས་ཕུལ་ལོ། །དེ་ནས་སྤྱི་བདུད་ཀྱི་སྡེ་དཔོན་རང་གི་འཁོར་དང་བཅས་པས་མིང་གི་སྙིང་པོ་སྨྲས་པཿ ་དུསྤྲ་ཤཾ་ཛ་ཨ་ཀ་རུ་ཀཾ་ཙ་ཛཿ ཞེས་ཕུལ་ལོ། །དེ་ནས་ཡེ་ཤེས་དང་ལས་ལ་གྲུབ་པའི་དང་དམ་ཚིག་གི་ཚོགས་ཀྱི་བདག་མོ་སྲིད་པ་དབང་བསྡུད་མ་དངཿ ་རལ་པ་གཅིག་མ་དང ། མཁའ་འགྲོ་མའི་ཚོགས་ཀུན་གྱི་རང་རང་གི་སྙིང་པོ་ཕུལ་བཿ ་མ་མ་ཏྲག་མུ་ཏྲ་ར་ཙ་ཨེ་ཀ་ཛ་ཏི་རུ་རུ་རོ་ཏིཥྚ་བྷཏྟོ་རེ་ཏུ་མ་ཏི་ཁ་མུནྟྲ་པ་ཙ་ལ་མེ་ཤ་ཛཿ ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་ལྷ་བཙན་པོ་དང ། རུ་ཏྲའི་རིགས་ཀྱི་དེད་དཔོན་ཆེན་པོ་རྣམས་ཀྱི་རང་རང་གི་མིང་གི་སྙིང་པོ། དེ་བ་ཨ་བྷི་ཤུ་ཏྲི་རུ་ཏྲ་ནི་ཇི་ཧཾ་ཤཾ་ཏྲི་ཛཿ ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་བགེགས་ཀྱི
104.249a
རྒྱལ་པོ་དང ། མུ་སྟེགས་བྱེད་པ་དང ། བདུད་རྨུ་བའི་ཚོགས་ཀྱིས་རང་རང་གི་མིང་གི་སྙིང་པོ། བི་ནཱ་ཡ་ཀ་ཏིརྠི་ཏ་ཀ་དུ་མུན་མུན་བཿ ་ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་སྲོག་གི་བདག་པོ་དང ། གནོད་སྦྱིན་ཀླུའི་བདག་པོ་རྡོ་རྗེ་ཅན་དང ། བླའི་རྒྱལ་པོ་ཆེན་པོ་དངཿ ་་ལྷའི་དབང་ཕྱུག་ནག་པོ་ཆེན་པོའི་ཚོགས་ཀྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་རང་རང་གི་མིང་གི་སྙིང་པོ། གིངྐ་ར་ཏྲི་པ་ལེ་རཱ་ཛ་བཛྲ་བུ་རུ་ལུ་ཛ་བཛྲ་ལ་རུ་ཏྲི་ཛ་མ་ཧཱ་ཀཱ་ལ་ཡཀྵི་ཛཿ ཞེས་ཕུལ་ལོ། །དེ་ནས་འཇིག་རྟེན་གྱི་ཀླུ་དང་གཟའ་སྐར་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱིས་རང་རང་གི་མིང་གི་སྲོག་གི་སྙིང་པོ་ཕྱུང་བ་ནཱ་ག་ཙི་ཏ་ཧུ་ཡ་ནཱ་ག་མེ་ཀྵེ་ཏྲ་ཧུ་ལ་གྷུ་ཧེ་པ་ཤ་མི་ཀེ་ཧཱུཾ་ཛཿ ཞེས་ཕུལ་ལོ། །གཞན་ཡང་འཇིག་རྟེན་གྱི་ཁམས་ཀྱི་དྲེགས་པའི་དབང་ཕྱུག་མ་རུངས་པའི་འཁོར་དང་བཅས་པ་དག་གིས་རང་རང་གི་ལུས་དང་སྲོག་དང་བཅས་པ། ་་་་།ེ་ཨ་ནརི་ཛཿ ས་མ་ཡ་སྲོག་བྲེང་བྲེང་ཛཿ ཛཿ ཞེས་ཕུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དྲེགས་པ་ཅན་འཁོར་དང་བཅས་པ་དེ་དག་དབུགས་ཕྱུང་ནས་མི་འཇིགས་པ་བྱིན་ཏེ་འདི་སྐད་དུ། ཀྱེ་མ་འཇིག་རྟེན་གྲགས་པའི་ཚོགསཿ ་ཁྱེད་རྣམས་ང་ལ་མ་འཇིགས་ཤིགཿ ་ང་ནི་སངས་རྒྱས་ཐམས་ཅད་ཀྱིཿ ་སྐུ་གསུང་ཐུགས་ཀྱི་ཕྲིན་ལས་བདགཿ ་ཆོས་ཉིད་ཞི་བ་ཆེན་པོ་ཡིཿ ་ཐུགས་རྗེ་དང་ནི་ཡེ་ཤེས་ཀྱིསཿ ་དུས་གསུམ་འདུས་བྱས་འདུས་མ་བྱསཿ ་སྐད་ཅིག་ཉིད་ལ་མངོན་དུ་གསལཿ ་མ་འོངས་སེམས་ཅན་དོན་གྱི་ཕྱིརཿ ་སྣ་ཚོགས་ལུས་ཀྱི་གསང་བ་སྟོནཿ ་དྲེགས་པའི་སྡེ་དཔོན་ཁྱེད་རྣམས་ཀྱངཿ ་ཐོག་མ་མེད་ནས་ད་ལྟའི་བརཿ ་ཉོན་མོངས་འཁྲུལ་པའི་དབང་གྱུར་ཏེཿ ་གནས་ངན་ལེན་གྱི་བག་ཆགས་ཀྱིསཿ ་ལུས་ངག་ཡིད་ཀྱིས་མི་དགེར་སྤྱོདཿ ་འཁོར་བའི་སྡུག་བསྔལ་རྒྱུན་མི་འཆདཿ ་ན་རག་ཆེན་པོར་ལྷུང་ནས་ནིཿ ་ཐར་པའི་དུས་མེད་འབྱུང་སྲིད་ཀྱིསཿ དེ་བས་ད་ལྟའི་དུས་མཆོག་འདིརཿ ་ང་དང་སངས་རྒྱས་ཐམས་ཅད་ཀྱིསཿ ་སྐུ་གསུང་ཐུགས་དང་ཡོན་ཏན་དངཿ ་མཛད་པའི་ཕྲིན་ལས་རབ་སོན་ལཿ ་བསྒོ་བའི་གསུང་བཞིན་ཉན་པར་གྱིསཿ
104.249b
ལས་དང་སྲིད་པ་དོན་ཡོད་ལཿ ་མི་དགེའི་བག་ཆགས་དོར་བར་གྱིསཿ ་བསླབ་པའི་གཞི་བཟུང་སེམས་བསྐྱེད་ལཿ ་མཐུ་སྟོབས་ནུས་པ་དྲག་ཤུལ་དགཿ ་སངས་རྒྱས་བསྟན་པའི་རྗེས་སུ་སྤྱོདཿ ་རིག་འཛིན་རྣམས་ཀྱི་བཀའ་བཞིན་སྐྱོངསཿ ་ཁྱེད་ཅག་རྒྱལ་པོ་རྗེ་དཔོན་དངཿ ་བྲན་གཡོག་ཚུལ་དུ་ལུས་བརྟེན་པཿ ་དངོས་གྲུབ་གསོལ་ཞིང་ཕྲིན་ལས་སྒྲུབསཿ ་གལ་ཏེ་དེ་ལྟར་མི་བྱེད་ཅིངཿ ་གསང་བའི་ཚིག་ལས་འགལ་བྱེད་ནཿ ་ཁྱེད་ཀྱི་ལུས་སེམས་སྲོག་གི་རྒྱུདཿ ་ད་ལྟ་ཉིད་དུ་མ་རུངས་འགྱུར་ཞེས་བཀའ་སྩལ་ནས་དམ་པའི་མཐའ་ཚིགས་ལ་བཀོད་ནས་བཞག་གོ་།འཇིག་རྟེན་པའི་སྡེ་དཔོན་གྱི་ཚོགས་རབ་ཏུ་འདུལ་བ་གླེང་བཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་འདོད་པའི་ཁམས་ཀྱི་ལྷའི་དབང་ཕྱུག་ཆེན་པོ་ཡབ་ཡུམ་ལ་སོགས་པའི་དྲེགས་པ་ཅན་གྱི་འཁོར་རབ་ཏུ་འདུས་པ་དེ་དག་གིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསང་བའི་བདག་པོ་ཆེན་པོ་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་གསང་བའི་བདག་།འཇིག་རྟེན་གནས་པའི་དྲག་ཤུལ་ཅནཿ ་འདོད་ཆགས་ཞེ་སྡང་སྲེད་ལེན་གྱིསཿ ་གང་གིས་མཆོད་ཅིང་བརྟེན་བྱས་ནསཿ ་བདག་ཅག་རྣམས་ནི་དགའ་མགུ་རངསཿ ་ཁྱོད་ཀྱི་བཀའ་ལུང་རྗེས་བཞིན་དུཿ ་བརྟུལ་ཞུགས་འཛིན་པ་དེ་དག་ལཿ ་ཕྲིན་ལས་སྤྱོད་པའི་གྲོགས་བྱའི་ཕྱིརཿ ་བདག་ཅག་སོ་སོའི་གནས་དང་དུསཿ ་རང་གི་སྡེ་དང་འཁོར་གཡོག་དཔུངཿ ་འཐུན་པའི་ལས་དང་ལོངས་སྤྱོད་དངཿ ་ཆ་ལུགས་རིགས་དང་བསམ་པ་དངཿ ་ཁམས་དང་བྱེད་པའི་ཚུལ་དག་དངཿ ་དམ་ཚིག་སྦྱོར་བའི་ཁྱད་པར་དགཿ ་བདག་ཅག་རྣམས་དང་མ་འོངས་པའིཿ ་རིག་པའི་ཚུལ་འཛིན་དོན་ཕྱིར་རུཿ ་མ་ལུས་རྒྱས་པར་བཤད་དུ་གསོལ་ཞེས་གསོལ་པསཿ ་དེ་ནས་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གྱི་དྲེགས་པ་ཅན་དག་གི་གཙོ་བོ་དབང་ཕྱུག་ཆེན་པོ་ལ་སོགས་པ་རྣམསཿ ་སོ་སོའི་ལས་དང་གཅིག་ཏུ་སྦས་པ་དངཿ
104.250a
ཐ་དད་དུ་སྦྱར་བ་དང ། ངེས་པ་དང་མ་ངེས་པ་དང ། རིམ་པ་དང་འཆོལ་བ་དང ། ཕྱི་དང་ནང་དང ། གསང་བ་དངཿ ་་སྦས་པ་དང ། འཚོགས་པ་དང ། འཐོར་བ་དང ། འཐུན་པའི་རྫས་དང ། སྙིང་པོ་དང ། མ་ག་པ་དང ། གཉེར་གཏད་པ་དང ། སྐུལ་བ་དང ། རྦད་པ་དང ། བཟློག་པ་དང ། ཚར་གཅད་པ་དང ། གཟིར་བ་དང ། སྤོགས་པ་དང ། ལས་སྣ་ཚོགས་པ་དག་གི་སྒོ་ནསཿ ་རོལ་པ་ཆེན་པོའི་གསང་བ་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དམ་ཚིག་ཆེན་པོ་ལས་ཕྱུང་སྟེ་བཀའ་སྩལ་ཏོ། །ཉོན་ཅིག་འཇིག་རྟེན་དྲེག་པའི་ཚོགསཿ ་ཕྱི་མའི་ཚེ་ན་སྙིགས་མའི་དུསཿ ་དགེ་སྦྱོང་ཆེན་པོའི་བསྟན་པ་འདིཿ ་སོ་སོ་སྐྱེ་བོ་རྣམས་ལ་སྣངཿ ་ཉན་ཐོས་རང་རྒྱལ་རྣམས་ཀྱི་ཚུལཿ ་རྡོ་རྗེ་འཆང་བ་རྣམས་ཀྱི་སྐུཿ ་རྒྱུད་དག་ས་ལམ་རྫོགས་ལ་གསལཿ ་སྤྲོས་མེད་ཆོས་སྐུ་འདུ་འབྲལ་མེདཿ ་ཏིང་ངེ་འཛིན་ལ་སྦྱངས་བས་འགྲུབ་9\ུ0f7f1་་བསམ་པ་ཚེ་སྔ་སྨོན་པ་ཡིསཿ ་རིགས་དྲུག་སོ་སོའི་བདག་པོར་སྣངཿ ་ལས་ཀྱི་དྲེགས་པས་ཁྱེད་རྣམས་ནིཿ ་འཇིགས་ཤིང་འཇིགས་པར་བྱེད་པ་ཡིསཿ ་གཏུམ་ཞིང་དཔའ་ལ་ཆེས་དཔའ་བསཿ ་གདུལ་ཞིང་དྲག་པར་ནུས་པ་ལསཿ ་ཞི་བས་འདུལ་བར་མི་འགྱུར་ཏེཿ ་རིག་པ་འཛིན་པའི་སྐྱེས་བུ་ནིཿ ་སྟོབས་ལྡན་དྲེགས་ཚོགས་ཀུན་འདུལ་བཿ ་ཁམས་གསུམ་སྤྱི་ལ་དབང་སྒྱུར་བྱེདཿ ་ང་དང་གཉིས་མེར་སྦྱོར་བ་ཡིསཿ ་ལས་ཀྱི་བྱ་བ་རབ་རྫོགས་པསཿ ་དུར་ཁྲོད་ཆེན་པོ་རབ་འཇིགས་པསཿ ་བྱིན་གྱིས་བརླབས་པའི་དབེན་ས་རུཿ ་སྒྲིབ་བྱང་བསོད་ནམས་བསགས་པས་དངཿ ་བར་ཆོད་བདུད་བཟློག་ལས་ལ་འབདཿ ་འཐུན་རྫས་ས་ལ་ཕོ་བྲང་བཞེངསཿ ་དམ་ཚིག་དྲག་པོའི་རྫས་ཀྱིས་བྲནཿ ་ཐོད་མཁར་བང་མཛོད་ལྡན་པ་འམཿ ་ཨེ་ཁྲམ་གྲངས་དང་སྦྱར་བར་བྱཿ ་དྲེགས་པའི་ལུས་ངག་ཡིད་གནས་བརྟེནཿ ་ངས་བཤད་ཚུལ་དང་འཐུན་པར་དགོདཿ ་ཕྱི་རོལ་སྒོ་སོགས་བརྒྱན་འཇིགས་ལྡནཿ ་དུར་ཁྲོད་ཆེན
104.250b
པོ་སྔོན་དུ་ཕྱུངཿ ་་ཙ་ར་མ་ཧེ་ཆུ་གླང་དངཿ ་སེང་གེ་གླང་ཆེན་རྟ་ནག་དངཿ བྱ་ཁྱི་ལུག་ནག་རྔ་མོ་དངཿ ་་་་་སྟག་དང་བྱ་རྒོད་ཁྱི་ཕག་གནགཿ ་བདུར་བྱ་ཆུ་སྲིན་ཉ་རུས་སྦལཿ ་རྒོད་དཀར་རྒོད་གནག་རྟ་དཀར་དམརཿ ་སོ་བྱ་དྲེའུ་བ་གླང་རྣམསཿ ་རྒྱལ་མཚན་ཤ་ཁྲག་སྙིང་དང་བཅསཿ ་སོ་སོའི་འཐུན་པའི་གནས་སུ་བཤམཿ ་འབྲུ་བཟང་བཤོས་དང་དམ་ཚིག་རྫསཿ ་བདུད་རྩི་ཤ་ཁྲག་སྙིང་སྦྱར་བཿ ་རིན་ཆེན་བཅུད་ཀྱིས་སྦྲེངས་བ་ནིཿ ་གྲངས་མཉམ་ཡང་ན་ཕྱོགས་བཞིར་བཞགཿ ་གདུགས་དང་བ་དན་བླ་རེས་དངཿ ་ལྡ་ལྡི་དྲ་བ་ཟ་ར་ཚགསཿ ་འདི་ལ་ཤིས་ཤིང་འཐུན་པས་ཏེཿ ་སྟག་གཟིག་དོམ་དྲེད་འཕར་སྤྱང་དངཿ ་ཀཱངྐ་དུར་བྱ་བྱ་རྒོད་ཁྲཿ ་མི་རྟ་བ་གླང་ཀེ་ལེ་ཡིཿ ་ཤ་རྒྱུས་ལྤགས་པ་མགོ་ཡིས་བྱཿ ་མདའ་གཞུ་མདུང་དང་ཁ་ཊྭཱཾ་གཿ ་རལ་གྲི་ཆུ་གྲི་སྤུ་གྲི་དངཿ ་ཏྲི་ཤའུལ་ཕུར་པ་སོ་མངས་དངཿ ་མཚོན་ཆ་དྲག་པོས་སྐོར་ཞིང་མསཿ ་མཛེས་དང་མི་མཛེས་སྙན་མི་སྙནཿ ་དྲི་ང་བ་དང་གདང་བ་དངཿ ་ཁ་མངར་ཚ་སྐྱུར་རྩུབ་པ་དངཿ ་ཚ་གྲང་འཇམ་རྩུབ་དྲོ་དང་བསིལཿ ་གཟུགས་སྒྲ་དྲི་རོ་རེག་རྣམས་ཀྱིསཿ ་ཇི་ལྟར་འདོད་པ་བཞིན་དུ་གཏརཿ ་དེ་ནས་རྡོ་རྗེ་འཛིན་པ་དེསཿ ་ཕྱི་ནང་གསང་བའི་བསྲུང་བ་ཡིསཿ ་གནོད་ཅིང་འཚེ་བ་ཚར་གཅད་དེཿ ་བསོད་ནམས་ཚོགས་ཀྱིས་རང་རྒྱུད་སྦྱངཿ ་གཞན་ཕན་བྱང་ཆུབ་སེམས་ཀྱིས་བསྒྲུབཿ ་ཆོས་རྣམས་གནས་ལུགས་བཞིན་དུ་སྒོམཿ ་མ་མཐོང་བ་ལ་སྙིང་རྗེ་བསྐྱེདཿ ་ངོ་བོ་སྐྱེད་རྒྱུ་ཧཱུཾ་དུ་སྒོམཿ ་དེ་ལས་སྣོད་ཀྱི་གཞི་མོ་ལྔཿ ་ཡེ་ཤེས་འབྱུང་བ་ལྔ་རུ་བསམཿ ་སྟེང་དུ་རིན་ཆེན་རི་རབ་ཀྱིཿ ་དབུས་སུ་དུར་ཁྲོད་གཞལ་མེད་ཁངཿ ་ཐོད་མཁར་ཨེ་ཏྲཾ་སུམ་བཅུ་པཿ ་གཟུགས་བརྙན་བཞིན་དུ་ཏིང་འཛིན་སྐྱེདཿ ་དབུས་སུ་ཉི་ཟླ་པདྨ་དངཿ ་རོ་བཞི་སྣོལ་བའི་སྟེང་ཉིད་དུཿ ་རྡོ་རྗེ་འཆང་བའི་སྐུ་གསུང་ཐུགསཿ ་ང་ཉིད་ཀུན་ལ་སྣང་བཞིན་བསམཿ ་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མཿ ་གཙོ་དང་གཉིས་མེད་སྦྱོར་བ་ལསཿ ་ཐབས་དང་ཤེས་རབ་འོད་ཟེར་ལསཿ
104.251a
ེ་དགུའི་རྣམ་པ་ས་བོན་ཚུལཿ ་འཕྲོ་འདུས་གྲི་གུག་ཁ་ཊྭཱཾ་གསལཿ ་དེ་ཉིད་གསལ་བའི་རྒྱུད་སྦྱངས་པསཿ ་འདོད་ཁམས་དབང་ཕྱུག་གཙོ་བོ་ཆེཿ ་་་ལྷ་མོ་ཡུམ་དང་བཅས་པར་འགྱུརཿ ་སེང་གེ་གླང་ཆེན་ཞབས་ཀྱིས་གནོནཿ ་ཞལ་གཅིག་ཕྱག་གཉིས་མཐིང་ནག་རྔམཿ ་ན་བཟའ་ལྗང་ནག་ཀླུབས་བེར་གསོལཿ ་གཙོ་ཆེན་གྲི་གུག་ཙིཏྟ་བསྣམསཿ ་ཡུམ་གྱིས་ཁ་ཊྭཱཾ་ཐོད་ཁྲག་བཟུངཿ ་ཡབ་ཡུམ་གཉིས་མེད་ཐུགས་ཀ་ནསཿ ་ཡ་མན་དུནྟི་རཀྵཏ་ཡཀྵ་ལསཿ ་ཕྱོགས་བཞིར་བདུད་དང་གཤིན་རྗེ་དངཿ ་སྲིན་པོ་གནོད་སྦྱིན་སྡེ་དཔོན་དངཿ ་ཡབ་ཡུམ་བཅས་པ་གསལ་བར་སྤྲོཿ ་གྲ་ཧེ་ནཱ་ག་སྟེང་འོག་ཏུ་ནི་བདུད་ཀླུ་གཟའིཿ ་སྡེ་དཔོན་ཡབ་ཡུམ་སྤྲོ་ཞིང་བསྐྱེདཿ ་དེ་བ་ཏྲི་ཛཿ དུ་ཏྲི་ཏཿ ་གང་བཟང་ལྷ་དང་རྣམ་རྒྱལ་དངཿ ་སྤྱི་བདུད་སྡེ་དཔོན་ཤར་དུ་སྐྱེདཿ ་མ་མཾ་ཛ་ཏིཿ དྷ་ཀི་ལསཿ ་མ་ཆེན་སྲིད་པའི་རྒྱལ་མོ་དངཿ ་རལ་གཅིག་མ་དང་འགྱོགས་བྱེད་མཿ ་མོ་ཚོགས་སྡེ་དཔོན་ལྷོ་ཕྱོགས་སུའོ། །རུ་ཏྲཿ ་བྷིཿ ་ཧཾ་ཤཾ་ལསཿ ་ལྷ་སྦྱིན་བཙན་དམར་རིལ་བཙན་གྱིཿ ་སྡེ་དཔོན་ནུབ་ཀྱི་ཕྱོགས་སུ་སྐྱེདཿ ་བི་ཏྲཿ ་ཏི་ཐིཿ རྨུ་དུ་ལསཿ ་བགེགས་དང་མུ་སྟེགས་རྨུ་བདུད་ཀྱིཿ ་སྡེ་དཔོན་བྱང་གི་ཕྱོགས་སུ་བསྐྱེདཿ ་ཏྲི་ཡཾཿ ར་ཏྲི་ས་ཏྲི་ན་ཏྲི་ལསཿ ་སྲིད་པའི་སྲོག་གི་བདག་པོ་དངཿ ་གནོད་སྦྱིན་ཀླུ་ཚ་བདུད་རྒྱལ་པོཿ ་སྐུ་ལྷ་གསང་བ་རྡོ་རྗེ་ལེགསཿ ་ནག་པོ་ཆེན་པོ་ཆོས་བསྲུང་རྗེཿ ་ཤར་ལྷོ་ནུབ་བྱང་སྒོ་བཞིར་བསྐྱེདཿ ་ཕྱི་རོལ་འཁྱམས་སུ་དྲེགས་པ་ཅནཿ ་སོ་སོའི་གཡོག་འཁོར་མང་པོ་དགཿ ་བཀའ་ཉན་གསུང་སྡོད་ཚུལ་དུ་བསྐྱེདཿ ་རང་རང་སྔགས་ཀྱིས་བསྟན་པར་བྱཿ ་དབང་པོའི་ཚུལ་དུ་གསལ་བ་དངཿ ་འཇིག་རྟེན་རང་རྒྱུད་སོ་སོ་ཡིཿ ་གནས་ནས་འོད་ཀྱིས་བཀྱེ་བ་དངཿ ་གསང་བའི་སྙིང་པོས་མྱུར་དུ་བོདཿ ་ཏིང་ངེ་འཛིན་གྱི་ཚུལ་འདྲ་བཿ ་རང་གི་གཟུགས་བརྙན་ལུས་ལ་བསྟིམཿ ་རང་རྒྱུད་པ་དང་གཟུགས་བརྙན་འདྲེསཿ [་\ུ0f00]་ཨཱཿ ་ཧཱུཾ།
104.251b
\ུ0f00་བཛྲ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ་སྐུ་གསུང་ཐུགས་ལྡན་བྱིན་བརླབ་ཅིངཿ ་རྡོ་རྗེ་འཆང་བས་དབང་བསྐུར་བྱཿ ་དུར་ཁྲོད་གནས་ཀྱི་སྒོ་བཞི་ནསཿ ་བཀའ་ཉན་ལས་བྱེད་སྡེ་བརྒྱད་ཀྱིསཿ ་ལུས་ངག་གུས་པས་ཕྱག་འཚལ་ཞིངཿ ་ཕྱི་ནང་གསང་བའི་འདོད་ཡོན་ཚོགསཿ ་འཚེ་ཞིང་གདུག་པའི་བསམ་པ་ཅནཿ ་གཟུགས་ཅན་གཟུགས་མེད་བཅས་པ་ཡིསཿ ་དྲེགས་པའི་ཚོགས་ལ་མཉེས་པར་དབུལཿ ་སྐུ་ཡི་ཆ་ལུགས་སོ་སོ་ཡིཿ ་དོན་བརྟགས་འཐུན་པའི་ཚིག་གིས་བསྟོདཿ ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དངཿ ་ཕྲིན་ལས་སྨོས་ཏེ་ཐུགས་དམ་སྐུལཿ ་རྡོ་རྗེ་འཛིན་པའི་སྐུ་གསུང་ཐུགསཿ ་གསལ་བསྟན་ཚད་དང་ལྡན་པ་ཡིསཿ ་ནམ་མཁའི་ཁམས་ཀུན་མཐས་ཁྱབ་ཀུནཿ ་རང་གི་ཡུལ་གསུམ་གསལ་བར་དམིགསཿ ་དྲེགས་པའི་སྡེ་དཔོན་རེ་རེའི་དྲུངཿ ་སྡུལ་སྙེད་འདུལ་བྱེད་གཉེན་པོ་གནསཿ ་ཕལ་པ་རེ་རེའི་གནས་དྲུང་དུཿ ་སྡེ་དཔོན་ཆེན་པོ་དེ་བཞིན་བསམཿ ་བཀའ་ཉན་གསུང་སྡོད་གཡོ་མི་ནུསཿ ་ཅུང་ཙམ་འདའ་བར་མི་སྤྱོད་ཅིངཿ ་རང་གི་འདོད་པ་མི་སྤོབས་ལཿ ་སྐད་ཅིག་ཙམ་ལ་དོན་སྒྲུབ་དམིགསཿ ་དེ་ཉིད་ཀྱིས་ནི་གཙོ་ཆེན་གྱིསཿ ་བསྙེན་ཅིང་བསྒྲུབ་པ་ཚད་རྟགས་ལྡནཿ ་ཡོངས་སུ་རྫོགས་པར་གྱུར་ནས་ནིཿ ་དྲེགས་པའི་དེད་དཔོན་ཚོགས་རྣམས་ཀྱིསཿ ་སོ་སོའི་གཟུགས་བརྙན་གསལ་བཏབ་སྟེཿ ་རང་གི་མིང་གི་སྙིང་པོ་དངཿ ་གཅོད་འཕྲོག་ཡི་གེ་སྤོས་ཏེ་བཟླསཿ ་དུས་ཚད་གྲངས་དང་མཚན་མ་ཡིསཿ ་ཚད་བཟུང་མ་ནོར་གྲུབ་པ་ཡིསཿ ་རྟགས་ལ་ཕབ་སྟེ་ལས་ལ་སྦྱརཿ ་ང་ཉིད་རྗེས་སུ་སྒྲུབ་བྱེད་པསཿ ་དྲེགས་པ་མྱུར་དུ་དབང་དུ་སྡུད་ཞེས་བཀའ་སྩལ་ཏོ། །འཇིག་རྟེན་པའི་དེད་དཔོན་གྱི་ཚོགས་ཉེ་བར་སྒྲུབ་པའི་རྩ་བའི་ལས་ཀྱི་གཉེར་གཏད་པའི་ལེའུ་སྟེཿ ་་གཉིས་པའོ།། །། དེ་ནས་རབ་ཏུ་བཤད་བྱ་བཿ ་འདི་དག་ཀུན་ལ་ངས་བཤད་པའིཿ ་སྡེ་དཔོན་ཆེན་པོ་རང་གནས་ནསཿ ་བོད་དང་བཞུག
104.252a
དང་མཉེས་པ་དངཿ ་བསྟོད་དང་ཐུགས་དམ་བསྐུལ་བ་དགཿ ་ཚིག་བརྗོད་འདི་ཡིས་བརྟན་པར་བྱཿ ་ཐུགས་རྗེ་རྣམ་དག་དབྱིངས་ཀྱི་དཀྱིལ་འཁོར་ནསཿ ་ཆོས་སྐུ་སྟོང་ཉིད་དབྱིངས་ལས་མ་གཡོས་ཀྱངཿ ་འཇིག་རྟེན་དྲེགས་པའི་ཚོགས་རྣམས་འདུལ་བའི་ཕྱིརཿ ་ཁྲོ་ཆེན་དཔའ་གཏུམ་འཇིགས་བྱེད་སྐུར་བསྟན་པཿ ་ཐུགས་དམ་དགྱེས་བསྐུལ་གསང་བའི་ཡུམ་དང་བཅསཿ ་མ་རྟོགས་ཤུགས་ཀྱིས་འདུལ་ཕྱིར་གཤེགས་སུ་གསོལཿ ་དྲེགས་པའི་དབང་ཕྱུག་འཇིག་རྟེན་ལྷ་ཡི་གཙོཿ ་འདོད་པའི་ལྷ་མོ་བདེ་ཆེན་འབྱུང་གནས་མཿ ་འཁོར་ཚོགས་དྲག་ཤུལ་མཐུ་སྟོབས་དཔུང་གི་བདགཿ ་ཁྲོ་གཏུམ་གདུག་པའི་རྩལ་འཆང་དཔལ་དང་ལྡནཿ ་རྡོ་རྗེ་འཆང་གི་བཀའ་བཞིན་རྗེས་སུ་སྒྲུབཿ ་དམ་ཚིག་རྗེས་དགོངས་གནས་འདིར་གཤེགས་སུ་གསོལཿ ་བཛྲ་སརྦ་དུཥྚནྟ་ཨ་ཏ་ན་ཡ་ཨེ་ཛ་བྷྱོཿ ་ཨ་གཙྪ་ས་མ་ཡ་ཧྲིང་ཧྲིངཿ ་དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིརཿ ་ལྷ་ཆེན་ཉི་ཟླ་པདྨའི་གདན་སྟེངས་སུཿ ་བཅོམ་ལྡན་ཁྲོ་རྒྱལ་རྔམ་བརྗིད་འབར་བའི་སྐུཿ ་ཡབ་ཡུམ་ད་གྱེས་པར་རོལ་ཅིང་བཞུགས་སུ་གསོལཿ ་སྣང་སྲིད་དྲེགས་པ་མ་ལུས་དེད་དཔོན་གཙོ། །འདོད་ཁམས་བདག་པོ་དགྱེས་མཛད་ཡུམ་དང་བཅསཿ ་ལྷ་སྲིན་ཚོགས་ཀྱི་གཙོ་ཆེན་འཁོར་དང་བཅསཿ ་ཕྲིན་ལས་འཐུན་པའི་གདན་ལ་བཞུགས་སུ་གསོལཿ ་བཛྲ་སརྦ་དུཥྚན་ཨ་ཏ་ན་ཡ་ཨེ་ཛ་བྷྱོཿ ་ས་མ་ཡ་སྟི་ཏ་བཛྲ་ཧཱུཾ་ཛཿ དུས་གསུམ་སངས་རྒྱས་ཐུགས་ཀྱི་སྙིང་པོ་མཆོགཿ ་ཆོས་ཀྱི་སྐུ་ལས་གཟུགས་སྐུ་འགྲོ་དོན་སྤྲུལཿ ་ཆེ་བཙན་འགྲན་ཟླ་མེད་པ་ཁྲོ་བོའི་རྗེཿ ་་་དབང་བསྡུད་ཡུམ་དང་བཅས་ལ་ཕྱག་འཚལ་བསྟོདཿ ་ཕྱོགས་བཅུའི་རྒྱལ་བ་མ་ལུས་སྲས་དང་བཅསཿ ་དམ་བཅས་བསྟན་པའི་ཚུལ་བསྲུང་འཇིག་རྟེན་མགོནཿ ་ཞིང་བཅུ་སྒྲོལ་མཛད་ཕྲིན་ལས་དྲག་ཤུལ་ཅནཿ ་སྡེ་དཔོན་སུམ་བཅུའི་ཚོགས་ལ་ཕྱག་འཚལ་ལོ།[་\ུ0f7f་]།བཛྲ་སརྦ
104.252b
དུཥྚན་ཨ་ཏ་ན་ཡ་ཨེ་ཛ་བྷྱོཿ ་ན་མ་ཨཱ་ར་ལི་ཧོཿ ་་དཔལ་ཆེན་དྲེགས་པ་ཀུན་འདུལ་ཡབ་ཡུམ་ལཿ ་སྐུ་གསུང་ཐུགས་མཉེས་མཆོད་པ་འབུལ་བ་ནིཿ ་གདུགས་དང་རྒྱལ་མཚན་བ་དན་བླ་རེ་དངཿ ་ཕྲེང་བ་ཕྱེ་མ་ལྡ་ལྡི་ཟ་ར་ཚགསཿ ་བདུག་སྤོས་མེ་ཏོག་མར་མེ་ཆབ་བསིལ་དངཿ ་གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་བྲོ་དངཿ ་རེག་འཇམ་འདོད་ཡོན་མ་ལུས་ཇི་སྙེད་པའིཿ ་འཕགས་པའི་ཐུན་མོང་མཆོད་ཚོགས་བཞེས་སུ་གསོལཿ ་ཁྱད་པར་གསང་བའི་མཆོད་པ་འབུལ་བ་ནིཿ ་དུས་གསུམ་གནས་སུ་སྦྱངས་པའི་ཤ་རུས་ཁྲགཿ ་དུག་ལྔ་སྨན་དུ་གྲུབ་པའི་དམ་ཚིག་རྫསཿ ་སྟོབས་མཆོག་ནུས་པ་བ་ལིང་མཆོད་པ་དངོསཿ ་ཐུགས་རྗེས་འཐུན་པའི་ངང་གིས་བཞེས་སུ་གསོལཿ ་་དཔལ་ཆེན་ཡབ་ཡུམ་བཀའ་བཞིན་རྗེས་སྒྲུབ་པའིཿ ་དབང་ཕྱུག་ཆེན་པོ་ཡབ་ཡུམ་མངའ་བདག་རྗེཿ ་་འཇིག་རྟེན་འདས་ཀྱང་འཁོར་བའི་ཆ་ལུགས་འཛིནཿ ་བཀའ་ཡི་བསྟན་བསྲུངས་སྡེ་དཔོན་སུམ་བཅུ་ལཿ ་འདོད་པའི་ཡོན་ཏན་མཆོད་ཅིང་སྦྱིན་པ་ནིཿ ་དཀར་དམར་སེར་ལྗང་ལ་སོགས་མདོགཿ ་ཟླུམ་པོ་གྲུ་བཞི་ལ་སོགས་དབྱིབསཿ ་ཆེ་ཆུང་སྦོམ་འཕྲ་རིང་ཐུང་ཚདཿ ་མཛེས་དང་མི་མཛེས་སྡུག་མི་སྡུགཿ ་འབྱུང་བ་རྟེན་འབྲེལ་རོལ་མོའི་སྒྲཿ ་གླུ་ཚིགས་བསྟོད་དབྱངས་སྙན་པའི་ཚིགཿ ་སྤོས་སྨན་བདུད་རྩི་མེ་ཏོག་དྲིཿ ་བསྲེག་སུངས་བཾ་སུངས་དྲི་དང་ངདཿ ་ཁ་མངར་ཚ་སྐྱུར་བསྐ་བ་དངཿ ་ལན་ཚཝ་སྤོད་དང་བྱེ་སྐྱུ་དངཿ ་འཇམ་རྩུབ་བསིལ་ཡང་ཚ་དང་བྲོཿ ་སོ་སོའི་ཡོན་ཏན་ཚོགས་དང་བཅསཿ ་འདོད་དགུར་འབུལ་གྱིས་བཞེས་སུ་གསོལཿ ་བདུད་རྩི་ལྔ་དང་ཤ་ལྔ་དངཿ ་དོན་སྙིང་ལྔ་དང་འབྱུང་བ་ལྔཿ ་དབང་པོ་ལྔ་དང་ཡུལ་ལྔ་དངཿ ་ཕུང་པོ་ལྔ་དང་ནང་རོལ་ལྔཿ ་འཚེ་ཞིང་གསོད་དང་བར་དུ་གཅོདཿ ་གདུག་པར་སེམས་ཤིང་ལོག་པར་ལྟཿ ་མི་མཐུན་ཕྱོགས་ལྔར་བཅས་པ་རྣམསཿ ་སོ་སོར་འབུལ་གྱིས་བཞེས་སུ་གསོལཿ ་བཛྲ་སརྦ་དུཥྚཱན་ཨ་ཏ་ན་ཡ་ཨེ་ཙ་ཛ་བྷྱོཿ ་མ་ཧཱ་བ་ལིནྟ:
104.253a
་མྲྀ་ཏཿ ་་སུ་ཀ་ཏཿ ་་མཱཾ་སཿ ་་རཀྟཿ ་པི་པ་ཏཿ ་་བཱ་སུ་ཏཿ ་་ལ་མ་ཏཿ ་ཨི་དཾ་གྲྀཧྞནྟུ་ས་མ་དུཿ ་ཁ་ཁཿ ཁཱ་ཧི་ཁཱ་ཧིཿ ་་བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་དངཿ ་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་འཁོར་བཅས་ཀྱིསཿ ་སྐུ་མདོག་འགྱུར་མེད་མེ་ལོང་གཟུགས་བརྙན་བཞིནཿ ་གསལ་ཞིང་རྟོག་མེད་སྣང་བ་མ་འགགས་པཿ ་སྐུ་ལྔ་ལྷུན་གྲུབ་རྫོགས་པའི་དངོས་གྲུབ་གསོལཿ ་གསུང་མཆོག་འགག་མེད་བྲག་ཆ་སྒྲ་བརྙན་བཞིནཿ ་སྙན་དང་མི་སྙན་གྲགས་སྟོང་ཚངས་པའི་གསུངཿ ་གསུང་དབྱངས་ནམ་མཁའི་མཐས་ཁྱབ་དངོས་གྲུབ་གསོལཿ ་ཐུགས་མཆོག་སྤྲོས་བྲལ་བསམ་འདས་ཆོས་ཀྱི་དབྱིངསཿ ་མི་རྟོག་བདེ་ཆེན་ཐབས་དང་ཤེས་རབ་དངཿ རྩོལ་མེད་མི་གཡོ་མཆོག་གི་དངོས་གྲུབ་གསོལཿ ་ཡོན་ཏན་བརྗོད་ཀྱིས་མི་ལང་སྣ་ཚོགས་ཡོདཿ ་འདས་དང་མ་འདས་མཆོག་དང་ཐུན་མོང་གིཿ ་གྲུབ་པ་བརྒྱད་དང་མཐར་ཐུག་དངོས་གྲུབ་གསོལཿ ་འཇིགས་པ་བརྒྱད་སོགས་ཞི་དང་འབྱོར་པ་རྒྱསཿ ་ལོག་ལྟ་མོས་པའི་ཚུལ་གྱིས་དབང་དུ་བདུདཿ ་མངོན་སྤྱོད་དགྲ་བགེགས་འདུལ་བའི་དངོས་གྲུབ་གསོལཿ ་བཛྲ་སརྦ་དུཥྚཱན་ཨ་ཏ་ན་ཡ་ཨེ་ཛ་ཀཱ་ཡ་སིདྡྷིཿ ་བཱ་ཀ་སིདྡྷིཿ ་་ཙིཏྟ་སིདྡྷིཿ ་་གུ་ཎ་སིདྡྷིཿ ་ཀརྨྨ་སིདྡྷིཿ ཧཱུཾ་ཧཱུཾ་ཧཱུཾཿ ་བཅོམ་ལྡན་དཔལ་ཆེན་དྲེགས་པ་ཀུན་འདུལ་ནིཿ ་དབུ་དགུ་ཕྱག་ནི་བཅཝ་བརྒྱད་དེཿ ་སྐུ་མདོག་མཐིང་ནག་ཁྲོ་ཞིང་རྔམཿ ་གཡས་ཀྱི་ཞལ་གསུམ་སྨུ་ནག་བགྲདཿ ་གཡོན་གྱི་ཞལ་གསུམ་ཁམ་ནག་གཙིགསཿ ་དབུ་སྐྲ་རལ་པ་མེ་དཔུང་འབརཿ ་སྤྱན་དགུ་སྡང་མིག་བཟློག་ཅིང་བགྲདཿ ་ཤངས་ནས་སྲིད་པའི་རླུང་ནག་འཐོརཿ ་སྙན་ནས་སྟོང་གསུམ་འབྲུག་སྒྲ་འདིརཿ ་སྨ་ར་ཨག་ཚོམ་མེ་ལྟར་འབརཿ ་མཆེ་གཙིགས་སྲིད་གསུམ་རྩ་བ་གཅོདཿ ་ཕྱག་དགུ་གཡས་གཡོན་དང་པོ་ཡིསཿ ་རྡོ་རྗེས་ཐོད་ཁྲག་དཀྲུག་ཅིང་གསོལཿ ་གཡས་ཀྱི་ཕྱག་བརྒྱད་འོག་མ་ནཿ ་དྲེགས་པའི་ལྷ་བརྒྱད་བསྒྲལ་བ་ཡིཿ ་གཡང་གཞི་མགོ་བོར་བཅས་ཏེ་བསྣམསཿ ་གཡོན
104.253b
གྱི་ཕྱག་བརྒྱད་འོག་མ་ནཿ ་ཀླུ་ཆེན་བརྒྱད་ཀྱི་བན་དྷ་རུཿ ་དྲེགས་པའི་སྙིང་ཁྲག་བཀང་ནས་གསོལཿ ་དཔའ་བོའི་ཆས་བརྒྱད་སྐུ་ལ་རྫོགསཿ ་ཞབས་བརྒྱད་བརྐྱང་བསྐུམ་དོར་སྟབས་ཀྱིསཿ ་ཁམས་གསུམ་བདག་པོ་སྡེ་བཞི་མནནཿ ་ཡུམ་ཆེན་ཁམས་གསུམ་སྤྱི་འདུལ་མཿ ་ཞལ་གཅིག་ཕྱག་གཉིས་མཐིང་ནག་སྐུཿ ་རྡོ་རྗེ་འཕྱར་ཞིང་ཐོད་ཁྲག་སྟོབཿ ་གཉིས་མེད་ཐུགས་ཀྱི་ཕྲིན་ལས་ཀྱིསཿ ་འཇིག་རྟེན་དྲེགས་པ་བྲན་དུ་འཁོལཿ ་ལྷ་སྲིན་སྡེ་བརྒྱད་ལས་ལ་འགྱེདཿ ་དགྲ་བགེགས་གདུག་པ་རྩད་ནས་གཅོདཿ ་ཁྲོ་རྒྱལ་གཙོ་ལ་ཕྱག་འཚལ་བསྟོདཿ ་དཔལ་གྱི་བཀའ་བཞིན་ལས་མཛད་པའིཿ ་ལྷ་ཆེན་དབང་ཕྱུག་ཆེན་པོ་ནིཿ ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིངཿ ་ཕྱག་གཡས་གྲི་གུག་ཙིཏྟ་གཡོནཿ ་ལྷ་མོ་ཨུ་མཱ་དེ་བ་ནིཿ ་སྐུ་མདོག་མཐིང་ནག་གཙོ་ལ་འདུདཿ ་ཕྱག་གཡས་རྩེ་གསུམ་ཐོད་ཁྲག་གཡོནཿ ་སེང་གེ་གླང་ཆེན་གདན་ལ་བཞུགསཿ ་སྡེ་དཔོན་དྲེགས་པ་ཀུན་གྱི་གཙོཿ ་ཡབ་ཡུམ་སྐུ་ལ་ཕྱག་འཚལ་བསྟོདཿ ་བདུད་ཀྱི་རྒྱལ་པོའི་སྡེ་དཔོན་ནིཿ ་ཁྲམ་ཤིང་གཡས་ལ་དགྲ་སྟ་གཡོནཿ ་བདུད་རྟ་ནག་པོའི་ཁྲི་ལ་བཞུགསཿ ་སྦྱོར་ཡུམ་བདུད་མོ་རེ་མ་ཏིཿ ་་ཁྲག་བམ་གཡས་ལ་ནད་རྐྱལ་གཡོནཿ ་བོང་བུ་གཝ་དམར་གདན་ལ་བཞུགསཿ ་གཤིན་རྗེའི་སྡེ་དཔོན་ཆེན་པོ་ནིཿ ་བེ་ཅོན་གཡས་ལ་ཐོད་དབྱུག་གཡོནཿ ་སྦྱོར་ཡུམ་གཤིན་རྗེ་ཟ་བྱེད་མོཿ ་ཕྱག་གཉིས་སྲིད་པའི་འཁོར་ལོ་སྐོརཿ ་་ཡབ་ཡུམ་མ་ཧེ་ཆུ་གླང་གནོནཿ ་སྲིན་པོའི་སྡེ་དཔོན་གློག་ཕྲེང་ཅནཿ ་ཕྱག་གཉིས་ཐོག་སེར་འདྲིལ་ཞིང་འཕེནཿ ་སྲིན་མོ་སྦལ་མགོ་ཁྲག་མིག་མཿ ་ཕྱག་གཡས་ཕུར་པ་ཁྲག་ཕོར་གཡོནཿ ་ཡབ་ཡུམ་འབྲུག་དང་རྔ་མོ་གནོནཿ ་གནོད་སྦྱིན་སྡེ་དཔོན་མེ་སྦལ་ནིཿ ་ཕྱག་གཡས་རིན་ཆེན་གཡོན་རལ་གྲིཿ ་སྦྱོར་ཡུམ་གནོད་སྦྱིན་ནག་མོ་ནིཿ ་ཕྱག་གཡས་སྤུ་གྲི་གཡོན་སྦྱང་མོཿ ་སྟག་སེང་ཕག་མོ་ཞབས་ཀྱིས་མནནཿ
104.254a
བཟའ་བདུད་དེད་དཔོན་ཆེན་པོ་ནིཿ ་ཕྱག་གཡས་མདའ་གཞུ་གཡོན་སྦྲུལ་ཞགསཿ ་སྐུ་སྨད་སྦྲུལ་འཁྲིལ་འབྲུག་ཆེན་གནོནཿ ་སྦྱོར་ཡུམ་ཐོག་གི་བུ་ཡུག་ཅནཿ ་གཡས་གཡོན་ཕྱག་གིས་ཐོག་སེར་འབེབསཿ ་ཀླུ་རྒྱན་དེད་དཔོན་ཆེན་པོ་ནིཿ ་ཕྱག་གཡས་སྦྲུལ་ཞགས་གཡོན་ནད་རྐྱལཿ ་སྦྱོར་ཡུམ་ཀླུ་མོ་ནག་མོ་ནིཿ ་སྦྲུལ་མགོ་ཕྱག་མཚན་ཡབ་ཀྱི་ཚུལཿ ་ཡབ་ཡུམ་ཆུ་སྲིན་རུས་སྦལ་གནོནཿ ་ཕྱོགས་བཞི་སྟེང་འོག་གནས་བཞུགས་པའིཿ ་དྲེགས་པའི་དེད་དཔོན་འདི་དག་ནིཿ ་ཀུན་ཀྱང་སྐུ་མདོག་མཐིང་ནག་ལཿ ་འཁྲོས་པའི་ཆ་བྱད་འཇིགས་ཚུལ་ཅནཿ ་དུར་ཁྲོད་གཡང་གཞིའི་ཆས་ཀྱིས་བརྒྱནཿ ་རང་གི་ཚོགས་འདུས་འཕྲིན་ལས་མཛདཿ ་ཡབ་ཡུམ་བཅས་ལ་ཕྱག་འཆལ་བསྟོདཿ ་གནོད་སྦྱིན་ལྷ་ཡི་རྒྱལ་པོ་ནིཿ ་ཤེལ་གྲི་བ་དན་དཀར་པོ་འཛིནཿ ་རྒོད་དཀར་རུ་བཟང་ཞབས་ཀྱིས་མནནཿ ་གནམ་རྒྱལ་ཆེན་པོ་དེད་དཔོན་ནིཿ ་ཕྱག་གཡས་ལྡན་དཀར་གཡོན་ཤེལ་གྲིཿ ་རྟ་དཀར་རྡོག་དམར་ཞབས་ཀྱིས་མནནཿ ་སྤྱི་བདུད་རྒྱལ་པོ་གུ་རུམ་རྩེཿ ་ཕྱག་གཡས་བ་དན་གཡོན་ཤེལ་གྲིཿ ་ཞབས་གཉིས་རྡོ་རྟ་རྡོ་བོ་གནོནཿ ་དཀར་པོའི་དེད་དཔོན་ཆེན་པོ་གསུམཿ ་ཤར་ཕྱོགས་གནས་ལ་ཕྱག་འཆལ་བསྟོདཿ ་སྲིད་པའི་མ་མོ་དེད་དཔོན་མོཿ ་འཁོར་ལོ་གཡས་ལ་མེ་ལོང་གཡོནཿ ་ཞབས་གཉིས་འབྲུག་མོ་མགོ་དགུ་གནོནཿ ་སྔགས་ཀྱི་བསྲུངས་མ་ཆེན་མོ་ནིཿ ་ཙིཏྟ་གཡས་ལ་སྤྱང་མོ་གཡོནཿ ་དྲེ་རྟ་ནག་མོ་ཞབས་ཀྱིས་གནོནཿ ་མཁའ་འགྲོ་ནག་མོ་འགྱོགས་བྱེད་མཿ ་རྒྱུ་ཞགས་གཡས་ལ་མཚོན་གྲུ་གཡོནཿ ་སོ་བྱ་ནག་པོ་ཞབས་ཀྱིས་གནོནཿ ་ནག་མོའི་དེད་དཔོན་མ་མོ་གསུམཿ ་ལྷོ་ཕྱོགས་གནས་ལ་ཕྱག་འཚལ་བསྟོདཿ ་རྡོ་རྗེ་བདུད་འདུལ་ནག་པོ་ནིཿ ་གཡས་གཡོན་ཕྱག་གིས་ཐུན་ཁྲག་འཕེནཿ ་བྲག་བཙན་སྲོག་ཟན་དམར་པོ་ནིཿ ་མདའ་གཞུ་འཕེན་ཞིང་དར་དམར་འཕྱརཿ ་ཆེ་བཙན་འགོང་རྒྱལ་ཆེན་པོ་ནིཿ
104.254b
ཤག་ལང་དང་ནི་ཞགས་པ་འཛིནཿ ་དམར་པོའི་དེད་དཔོན་རྒྱལ་པོ་གསུམཿ ་ཀུན་ཀྱང་རྟ་དམར་ཞབས་ཀྱིས་གནོནཿ ་ནུབ་ཕྱོགས་སྐྱོང་ལ་ཕྱག་འཚལ་བསྟོདཿ ་བི་ནཱ་ཡ་ཀ་བགེགས་ཀྱི་རྒྱལཿ ་ཕྱག་གཡས་ཁ་ཊྭཱཾ་གཡོན་ཐོད་ཁྲགཿ ་ཕྱི་རོལ་སྐྱོང་བའི་མུ་སྟེགས་གཙོཿ ་ཏྲི་ཤའུལ་གཡས་ལ་ཐོང་ཁྲག་གཡོནཿ ་རྨུ་བདུད་ཆེན་པོ་ཕྲག་མེད་ནིཿ ་མདའ་གཞུ་དང་ནི་ཤང་ལང་འཛིནཿ ་ནག་པོའི་ཚོགས་ཀྱི་དེད་དཔོན་གསུམཿ ་བདུད་རྟ་ནག་པོ་ཞབས་ཀྱིས་གནོནཿ ་བྱང་ཕྱོགས་གནས་ལ་ཕྱག་འཚལ་བསྟོདཿ ་ཚངས་པའི་རྒྱལ་པོ་སྲོག་གི་བདགཿ ་སྤུ་གྲི་གཡས་ལ་ཉི་ཞགས་གཡོནཿ ་སེང་གེ་དཀར་པོ་ཞབས་ཀྱིས་གནོནཿ ་བདུད་ཀྱི་རྒྱལ་པོ་ནོར་གྱི་བདགཿ ་བདུད་ཞགས་གཡས་ལ་སྤུ་གྲི་གཡོནཿ ་བན་གླང་སྣ་རིངས་ཞབས་ཀྱིས་གནོནཿ ་སྐུ་ལྷའི་རྒྱལ་པོ་ཡུལ་གྱི་བདགཿ ་ཕྱག་གཡས་རྡོ་རྗེ་གཡོན་པ་དནཿ ་ར་དཀར་གནམ་རུ་ཞབས་ཀྱིས་གནོནཿ ་ནག་པོ་ཆེན་པོ་ཚོགས་ཀྱི་བདགཿ ་ཕྱག་གཡས་བེ་ཅོན་གཡོན་ཐོད་ཁྲགཿ ་རྟ་ནག་མགྱོགས་པ་ཞབས་ཀྱིས་གནོནཿ ་ཕྱོགས་ཀྱི་སྡེ་དཔོན་ཆེན་པོ་བཞིཿ ་སྐུ་མདོག་དཀར་སེར་དམར་ནག་མཛེསཿ ་སྒོ་བཞིར་གནས་ལ་ཕྱག་འཚལ་བསྟོདཿ ་སྡེ་དཔོན་དྲེགས་པ་འདི་དག་ནིཿ ་ཁྲོ་ཞིང་གཏུམ་པའི་ཚུལ་འཆང་ཞིངཿ ་ན་བཟའ་གཡང་གཞི་འཇིགས་པའི་ཆསཿ ་སྣ་ཚོགས་མཛེས་པའི་རྒྱན་དང་ལྡནཿ ་རང་གི་འཁོར་གཡོག་ཚོགས་ཀྱིས་སྐོརཿ ་་་སྤྲུལ་པའི་ཆོ་འཕྲུལ་བསམ་མི་ཁྱབཿ ་མཆོད་བསྟོད་ཆེན་པོས་ཁྱེད་སྒྲུབས་ནཿ ་སོ་སོའི་ཚོགས་འདུལ་ཕྲིན་ལས་མཛོདཿ ་ཞེས་བརྗོད་ཏིང་འཛིན་ལྡན་པ་ཡིསཿ ་དྲེགས་པའི་དེད་དཔོན་མཆོད་ཅིང་བསྟོདཿ ་འདི་ལྟར་སྤྱོད་པའི་རྣལ་འབྱོར་གྱིསཿ ་འཇིག་རྟེན་གཙོ་བདག་གཞུང་བཞིན་སྒྲུབཿ ་་རྡོ་རྗེ་འཛིན་དང་གཉིས་སུ་མེདཿ ་ཞེས་བཀའ་སྩལ་ཏོ།[་\ུ0f7f་]འཇིག་རྟེན་གྱི་དེད་དཔོན་ཉེ་བར་བསྒྲུབ་པ་རྡོ་རྗེའི་དམ་ཚིག་མཆོད་བསྟོད་ཀྱི་ལེའུ་སྟེཿ ་་་་གསུམ་པའོ།། །། དེ་ནས་རབ་ཏུ་བཤད་བྱ་བཿ
104.255a
འཇིག་རྟེན་དྲེགས་པ་དབང་སྡུད་ཅིངཿ ་ཚར་གཅད་ལས་ལ་སྐོལ་བའི་ཕྱིརཿ ་བྱིན་བརླབས་གནས་པའི་དབང་བསྐུར་བཤདཿ ་གསང་ཞིང་དབེན་པའི་གནས་དག་ཏུཿ ་སྔར་བཤད་ལས་ཀྱི་ཕོ་བྲང་བཤམ། །ཡོ་བྱད་རྫས་ཀྱི་ཁྱད་པར་འཕགསཿ ་མ་ལུས་པར་ནི་གཟུང་བར་བྱཿ ་རྡོ་རྗེ་འཆང་བ་རྗེས་འབྲང་བཅསཿ ་མཚན་ཉིད་ལྡན་པ་མངོན་སུམ་སྦྱརཿ ་དུས་ཀྱི་གྲངས་དང་མཚན་མའི་རྟགསཿ ་བསྙེན་པའི་ལུང་བཞིན་བརྩོན་པར་འབདཿ ་གཟུགས་བརྙན་བདག་པོ་སློབ་མ་རྣམསཿ ་ཁྱད་པར་གནས་པའི་སྟ་གོན་བྱཿ ་བྲིས་དང་སྐོས་པ་ལ་སོགས་པའིཿ ་སྡེ་དཔོན་རྣམས་ཀྱིས་གཟུགས་བརྙན་དངཿ ་་་ཕུར་པ་གྲངས་དང་མཉམ་པར་དགྲམཿ ་གཞན་ཡང་བུམ་པ་མཆོད་གཏོར་དངཿ ་དུག་གཏོར་ཐུན་གཏོར་ཐུན་རྫས་དངཿ ་ཤ་ཁྲག་བཤོས་ཆང་བཟའ་བཏུང་སོགསཿ ་རྒྱལ་མཚན་བ་དན་མདའ་དང་གཞུཿ ་དཔའ་བའི་ཆས་དང་རོལ་མོའི་སྒྲཿ ་རབ་ཏུ་བརྡར་ཞིང་མཛེས་པར་བཤམཿ ་རྡོ་རྗེ་འཛིན་པས་ཏིང་འཛིན་བསརཿ ་ལས་ཀྱི་རྒྱལ་པོས་མཆོད་བསྟོད་བྱཿ ་རྒྱུ་དང་མདངས་ཀྱིས་ཐུགས་དམ་བཀངཿ ་བཤགས་དྲལ་བཅུགས་སྤྱང་དབབ་པ་བྱཿ ་མོས་ཤིང་སྤྲོས་བདག་དང་བ་ཡིསཿ ་བདུད་འདུལ་གཙོ་ལ་སྐྱབས་སུ་འགྲོཿ ་བསྟན་པ་བསྲུང་བར་སེམས་བསྐྱེད་དེཿ ་བླ་མ་སངས་རྒྱས་རྡོ་རྗེ་འཛིནཿ ་ཧེ་རུ་ཀ་དང་གཉིས་མེད་ལཿ ་གདུག་བྱེད་ལོག་ལྟ་འདུལ་ནུས་པའིཿ ་མཐུ་དབང་ཆེན་པོའི་གཞུང་འཚལ་གྱིཿ ་བརྩེ་བའི་ཐུགས་ཀྱིས་དགོངས་ནས་ནིཿ ་དཀྱིལ་འཁོར་དམ་པར་གཞུག་ཏུ་གསོལཿ ་ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུཿ ་་དུས་གསུམ་སངས་རྒྱས་སྐུ་གསུང་ཐུགསཿ ་གནས་པའི་བསྟན་པ་བསྲུང་བའི་ཕྱིརཿ ་སྤྲོ་བས་འཇུག་པ་ཁྱོད་ལགས་ཀྱིསཿ ་མངོན་སྤྱོད་བརྟུལ་ཞུགས་དམ་པ་ཡིསཿ ་དམ་ཚིག་ཆེན་པོའི་སར་འདུག་ཤོགཿ ་མགོན་པོ་ཧེ་རུ་ཀ་དཔལ་རྗེཿ ་འདུལ་བའི་འཁོར་ཚོགས་བཅས་པ
104.255b
ཡིཿ ་དྲག་ཤཱུལ་སྤྱོད་པའི་ཕོ་བྲང་དུཿ ་མཛེས་པའི་མེ་ཏོག་བདག་དབུལ་གྱིསཿ ་རྡོ་རྗེ་དམ་ཚིག་འདི་བཞེས་ལཿ ་དྲེགས་པ་འདུལ་ནུས་དངོས་གྲུབ་སྩོལཿ ་པྲ་ཏི་གྲྀཧྞ་པུཥྤ་ཧཱུཾཿ དཔལ་ལྡན་རྡོ་རྗེ་འཆང་པའིཿ ་རྗེས་འཇུག་རིགས་ཀྱི་བུ་ཁྱོད་ནིཿ ་ཐོག་མ་མེད་ནས་ད་ལྟའི་བརཿ ་བསྟན་པ་བསྲུང་བའི་སྐལ་ལྡན་ཏེཿ ་སྡེ་དཔོན་དབང་ཆེན་དཀྱིལ་འཁོར་འདིརཿ ་བསྟན་ལ་རབ་དགའ་སེམས་ཀྱིས་ལྟོསཿ ་བཛྲ་ཡ་ས་མ་ཡ་མ་དྷ་ལ་ཙག་ཤུ་པྲ་བེ་ཤ་ཡ་ཕཊཿ ་རྡོ་རྗེ་བདུད་རྩི་དམ་ཚིག་ཆུཿ ་འདི་ལས་དུས་གསུམ་འདའ་མི་བྱཿ ་གྲུབ་པའི་འབྲས་བུ་གཉིས་ཡིན་ཏེཿ ་ཚུལ་བཞིན་མི་འདའ་བྲོས་དོར་ཅིགཿ ་མ་ཧཱ་ས་མ་ཡ་ཨི་ད་ནྟེ་ནཱ་ར་ཀཱན་ཥཱ་བ་མི་ལཾཿ རྡོ་རྗེ་འཛིན་པ་བཀའ་དྲིན་ཆེཿ ་་ཐུགས་རྗེས་རྟག་ཏུ་བྱིན་བརླབ་ཕྱིརཿ ་འདི་ནས་རྫོགས་སངས་རྒྱས་ཀྱི་བརཿ ་མཐུ་སྟོབས་དངོས་གྲུབ་སྩལ་དུ་གསོལཿ ་བཛྲ་ས་མ་ཡ་ཙིཏྟ་སིདྡྷི་སིདྡྷི་ཧཱུཾཿ ་ཐོག་མའི་སངས་རྒྱས་སྲས་བཅས་ཀྱིཿ ་རྗེས་སུ་སྒྲུབ་པ་བདག་ཡིན་གྱིསཿ ་་་འཇིག་རྟེན་འདས་དང་མ་འདས་པའིཿ ་ལྷ་དང་དྲེགས་པ་མཐུ་སྟོབས་ཅནཿ ་གཙོ་དང་འཁྲོ་དུ་བཅས་རྣམས་ཀྱིསཿ ་སྐུ་གསུང་ཐུགས་ཀྱི་དམ་ཚིག་དགོངསཿ ་རྡོ་རྗེ་སློབ་མ་རིག་འཛིན་ལཿ ་དབང་བསྐུར་དངོས་གྲུབ་རྩོལ་མཛད་པཿ ་ནུས་ཆེན་རྟགས་མཚན་བསྟན་དུ་གསོལཿ ་རྡོ་རྗེ་འཛིན་པ་དཔལ་ལྡན་གྱིསཿ ་ཁྲི་སྟན་ཆེན་པོའི་སྟེང་འདུག་ལཿ ་སྣོད་ལྡན་སློབ་མ་མདུན་བཞག་སྟེཿ ་དཀྱིལ་འཁོར་གནས་པའི་བུམ་པ་ཡིསཿ ་སྐུ་གསུང་ཐུགས་སུ་དབང་བསྐུར་བྱཿ ་གཉེན་པོ་གཙོ་དང་གདུལ་བྱའི་ཡུལཿ ་དྲེགས་ཆེན་ཡབ་ཡུམ་འཁོར་བཅས་ཀྱིཿ ་མཛེས་པའི་སྐུ་གཟུགས་སྐུ་ཡི་དབངཿ ་སོ་སོའི་ཚིག་བསྟོད་སྙིང་པོ་དངཿ ་སྨོན་ལམ་བཅས་པ་གསུང་གིའོཿ ་རང་རྒྱུད་གནས་དག་དོན་རྟགས་ཀྱིསཿ ་ཆོས་སྐུར་དབང་བསྐུར་ཐུགས་ཀྱིའོཿ ་རིགས་སྦྱངས་སྟོབས་ལ་ངང་གི་གསལཿ ་ཕུར་པ་དྲག
104.256a
ཤུལ་རྫས་ཀྱི་དབངཿ ་མཆོད་གཏོར་བཤོས་ཆ་སྐུ་གསུང་ཐུགསཿ ་མ་ལུས་མཉེས་པར་བྱེད་པས་ཏེཿ ་ཡོ་བྱད་ཚོགས་ཀྱི་ལོངས་སྤྱོད་སྤེལཿ ་རྒྱལ་མཚན་བ་དན་སྒྲ་དང་བཅསཿ ་དུས་རྣམས་ཀུན་ཏུ་མངའ་ཐང་རྒྱསཿ ་ཤ་ཁྲག་དུག་གཏོར་ཐུན་རྫས་རྣམསཿ ་དྲེགས་པའི་དེད་དཔོན་དབང་སྡུད་ཅིངཿ ་ཕོ་ཉ་ཕྲིན་ལས་བསྐུལ་མཛད་དེཿ ་མངོན་སྤྱོད་གདུག་པ་ཚར་གཅོད་དབངཿ ་འདི་དག་ཀྱང་ནི་གཟུགས་བརྙན་སྒྲཿ ་དོན་ངོ་ཤེས་པས་དབང་བསྐུར་ཏེཿ ་ཆོས་སྐུ་སྤྱི་དང་དྲེགས་པ་ཡིཿ ་སྡེ་དཔོན་སོ་སོའི་དམ་ཚིག་རྩལཿ ་ཐུགས་རྗེ་དང་ནི་རྟོགས་པ་ཡིསཿ ་རང་བཞིན་དོན་གྱིས་སྒྲོལ་བྱེད་པའིཿ ་དཔག་མེད་དོན་ཆེན་འདིར་འདུས་ཏེཿ ་ཐ་དད་མི་གནས་ཅིག་ཡིན་ནོཿ ་གཟུང་དང་འཛིན་པའི་བདག་ཉིད་ཀྱིསཿ ་ཕྱི་ནང་འཁོར་བཅས་སོ་སོར་སྣངཿ ་མ་ལུས་དབང་བསྡུ་ཟིལ་མནན་ཕྱིརཿ ་སོ་སོའི་སྙིང་པོ་ཚད་ཀྱིས་སྟིམཿ ་ང་རྒྱལ་བརྟན་པོ་མདུན་དུ་སྐྱེསཿ ་དོན་སྙིང་ཤ་རུས་ཁྲག་སོགས་བཟའཿ ་དུས་གསུམ་ཚར་གཅད་དབྱིངས་ནས་དབྱུངཿ ་གཟུགས་བརྙན་སྟིམས་ལ་རབ་ཏུ་གསལཿ ་དབང་བསྡུ་ལས་བཅོལ་འདུལ་བའི་ཕྱིརཿ ་ཞབས་འོག་མནན་ཏེ་བྲན་བཞིན་བསྒོཿ ་དམ་ཚིག་རྫས་མཆོད་སྔར་བཞིན་གསོཿ ་དམ་ཚིག་དབབ་ཅིང་བསྟོད་སྐུལ་བཅོལཿ ་འཇིག་རྟེན་ལྷ་སྲིན་ཁྱེད་རྣམས་ཀྱངཿ ་ང་དང་སངས་རྒྱས་ཐམས་ཅད་ཀྱིསཿ ་ཞལ་མཐོང་ལུང་བསྟན་མཆོག་བསྩལ་པཿ ་སྲིད་པའི་ས་བོན་ཕྲ་མོ་ཡིསཿ ་ད་རུང་འཇིག་རྟེན་ལས་ལ་སྤྱོདཿ ་རང་རྒྱུ་ད་རྩུབ་མོས་ཕན་གནོད་སྦྱོརཿ ་ང་ནི་བཀའ་ཡི་དམ་ཚིག་བཟུངཿ ་མ་འོངས་དུས་ན་བསྒྲུབ་བྱ་དངཿ ་སྒྲུབ་པར་བྱེད་པ་དེ་དག་དངཿ ་མཉམ་པར་ཀུན་ལ་དབང་སྒྱུར་ཏེཿ ་ཆོས་ཉིད་རིག་པའི་རྒྱལ་པོ་རྫོགསཿ ་ཐེག་མཆོག་མ་འདྲེས་ཅིར་ཡང་སྟོནཿ ་མ་ལུས་མྱུར་དུ་རྫོགས་བྱའི་ཕྱིརཿ ་རྒྱལ་ཚབ་སྤྱི་བོར་བཞག
104.256b
གནས་པཿ ་ཀུན་ཏུ་བཟང་པོ་ཉིད་ཐོབ་འགྱུར་ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་ཉེ་བར་བསྒྲུབ་པའི་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ལེའུ་སྟེཿ བཞི་པའོ།།[་\ུ0f13་]།། ་དེ་ནས་རབ་ཏུ་བཤད་བྱ་བ། དྲེགས་པའི་འཁོར་ཚོགས་མཉེས་བྱའི་ཕྱིར། །འཐུན་རྫས་གཟུགས་ཀྱིས་བཀང་བ་ནི། ་་།རི་བོའི་རྩེ་མོའི་ཆུ་བོའི་མདོ། །འཇིག་རྟེན་དབང་ཕྱུག་འདུ་གནས་སུཿ ་སྐལ་མེད་ཡུལ་ལ་མཆོད་སྦྱིན་གནསཿ ་ཐོད་མཁར་རིའུ་མིག་དགུ་སོགས་སམཿ ་ཡང་ན་གླིང་བཞི་རི་རབ་བརྩིགཿ ་འབྲུ་དང་ཤ་ཁྲག་སྣ་ཚོགས་པཿ ་རིན་ཆེན་སྤོས་སྨན་མེ་ཏོག་སྩལཿ ་དྲེགས་པ་བདག་པོ་སོ་སོ་ཡིཿ ་གཟུགས་བརྙན་རང་གི་འཁོར་དང་བཅསཿ ་སྐུ་མདོག་ཕྱག་མཚན་ཡོངས་རྫོགས་ཤིངཿ ་རང་གི་གདན་ཁྲི་བཞོན་པར་བཅིབསཿ ་རི་རབ་ཐོད་མཁར་ཡང་སྟེངས་སུཿ ་ལྷ་ཆེན་ཡབ་ཡུམ་འཁོར་བཅས་བཞུགསཿ ་བང་རིམ་རེའུ་མིག་དང་པོ་གསུམཿ ་བདུད་དང་གཤིན་རྗེ་སྲིན་པོ་དངཿ ་གནོད་སྦྱིན་གཟའ་དང་ཀླུ་རྣམས་ཀྱིཿ ་སྡེ་དཔོན་ཡབ་ཡུམ་འཁོར་བཅས་དགོདཿ ་གཉིས་པོ་ལ་ནི་དཀར་པོ་དངཿ ་ནག་པོ་དམར་པོ་ནག་པོའོཿ ་སྡེ་དཔོན་བཅུ་གཉིས་གནས་སུ་བྱཿ ་གསུམ་པའི་ཕྱོགས་བཞིར་སྒོ་བསྲུངས་བཞིཿ ་འཁོར་བཅས་རང་གི་གནས་སུ་དགོདཿ ་ཐ་མ་གསུམ་འམ་བཞི་པ་ལཿ ་ཕྱི་ནང་གསང་བ་སྦས་པ་ལཿ ་གསང་བའི་གཏེར་དང་དྲག་པོ་སྔགསཿ ་ལས་བྱེད་བཏགས་ཆགས་ལྷ་མ་སྲིནཿ ་སྡེ་བརྒྱད་གཟུགས་བརྙན་གནས་སུ་དགོདཿ ་གཙོ་ཆེན་སུམ་བཅུའི་འཐུན་རྫས་ནིཿ ་རང་གི་གདན་ནམ་ཞོན་པ་ཡིཿ ་སྲོག་ཆགས་གཟུགས་ནི་ལྔ་འམ་བཅུཿ ་བརྒྱ་འམ་སྟོང་ངམ་གྲུབ་ཚད་བྱཿ ་སྐྱེས་པ་བུད་མེད་གླང་ཆེན་རྟཿ ་་་བན་གླང་ར་ལུག་བྱ་ར་ཁྱིཿ ་ལོངས་སྤྱོད་སྐོར་རྫས་སྔར་བཞིན་ནོཿ ་སྡེ་བརྒྱད
104.257a
ཕལ་པ་ཀུན་ལ་ནིཿ ་ཤེས་ལྡན་མི་དང་བྱོལ་སོང་སྟེཿ ་འདབ་ཆགས་གཅན་ཟན་རི་དགས་དངཿ ་ས་ཆུར་གནས་དང་དུད་འགྲོའི་ཚོགསཿ ་མཐོང་ཐོས་དྲན་པ་རྣམས་ཀྱི་གཟུགསཿ ་ཇི་ལྟར་ནུས་པའི་གྲངས་ཀྱིས་སྐོར། །འདི་དག་བཀང་བའི་ཡོ་བྱད་ནིཿ ་འགྲོ་བའི་གླུད་དུ་འབུལ་བ་ནིཿ ་རིན་ཆེན་ངར་མི་བརྒྱན་ལྡན་དངཿ ་ནམ་མཁའ་སེམས་ཀྱི་གཟུགས་བརྙན་དངཿ ་སྐུ་གསུང་ཐུགས་ལྡན་རྒྱང་བུ་དངཿ ་ཤིང་གླུད་ཡུལ་འཁོར་མཚོན་པ་དངཿ ་སྐྱེས་པ་བུད་མེད་ཕྱག་ཆ་དངཿ ་རྒྱལ་མཚན་བ་དན་རུ་མཚོན་རྣམསཿ ་དྲེགས་པ་སོ་སོའི་སྐུ་མདོག་དངཿ ་འཐུན་པ་གྲངས་མཉམ་གནས་སུ་དགོདཿ ་མཆོད་གཏོར་བཤོས་ཆ་མར་མེ་དངཿ ་གླིང་ཚད་ཆུང་དུ་དེ་བཞིན་ནོཿ ་བཟློག་བསད་དྲག་པོ་ཟོར་གྱི་རྫསཿ ་སྦྱིན་པའི་ས་ལ་ཟོར་ཕོར་དུཿ ་གྲུ་གསུམ་མཉམ་བྱས་དུག་ཁྲག་དངཿ ་ཐུན་རྫས་སྣ་ཚོགས་བཙལ་བ་དངཿ ་གདུག་པའི་ཤིང་གི་རྩངས་ཕུར་དངཿ ་བནྡྷ་དུག་ཐུན་གཏོར་མར་བཅསཿ ་བཞི་བརྒྱད་བཅུ་དྲུག་སུམ་བཅུ་གཉིསཿ ་ཅི་རིགས་སྦྱར་ཏེ་མཛེས་པར་དགོདཿ ་སྟེང་དུ་ཞིང་ལྤགས་གཡང་གཞི་འམཿ ་དར་ནག་མཚོན་སྐུད་གདུགས་ཀྱིས་དབུབཿ ་ཐ་མར་རས་བཟང་ཡོལ་བས་བྲེཿ ་དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་གཙོ་ཆེན་སྐྱེད་ཅིང་རྫོགས་པ་དངཿ ་དྲེགས་པ་མཆོད་བསྟོད་མཉེས་བྱས་ནསཿ ་གཟུགས་བརྙན་འཐུན་རྫས་སྔོ་བ་ནིཿ ་རྣལ་འབྱོར་ཏིང་འཛིན་ང་རྒྱལ་གསརཿ ་་་བདུད་རྩི་མཆོད་སྐྱེམས་རཀྟ་སྦྲེངཿ ་ཤ་ཆེན་སྤོས་ཀྱི་དྲི་བསུང་འབུལཿ ་རྔ་ཆེན་གླིང་བུ་རོལ་མོ་སྒྲ་ཆེན་སྒྲགསཿ ་མདའ་ཆེན་བ་དན་ནག་པོས་གཡབཿ ་ཧཱུཾ་ང་ནི་དཔལ་ཆེན་ཧེ་རུ་ཀཿ ་གདུལ་དཀའ་མ་ལུས་འདུལ་བར་བྱེདཿ ་འཇིག་རྟེན་དྲེགས་པ་ཟས་སུ་ཟཿ ་་་ཁམས་གསུམ་སྲིད་གསུམ་ང་ཡི་དབངཿ ་་་སྣང་སྲིད་འཁོར་འདས་ང་ཡི་བྲནཿ ་ང་ཡི་བཀའ་བཞིན་འདིར་འདུས་ཤིགཿ ་ཉོན་མོངས་དབང་གི་དྲེགས་པ་ཡིཿ ་ལྷ་བདུད་གཤིན་རྗེ་སྲིན་པོ་དངཿ ་གནོད་སྦྱིན་གཟའ་ཀླུ་རྒྱལ་པོ་དངཿ ་གིང་དང་མ་མོ་ལྷ་བཙན་དངཿ ་རང་གི་སྡེ་དང་གཡོག་དུ་བཅསཿ ་དམ
104.257b
ཚིག་དབང་གིས་གནས་འདིར་བཞུགསཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་སྐོངསཿ ་རི་རབ་ཆེན་པོའི་ཡང་སྟེངས་ནསཿ ་ལྷ་ཆེན་དབང་ཕྱུག་ཆེན་པོ་བཞེངསཿ ་བཙུན་མོ་ཨུ་མ་དེ་བ་བཞེངསཿ ་ན་བཟའ་དར་ནག་བེར་ཆེན་གསོལཿ ་ཆིབས་སུ་སེང་གེ་གླང་ཆེན་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་གཡས་ན་ཕོ་རྒྱུད་ཕོ་ཉར་འགྱེདཿ ་གཡོན་ན་ཕོ་རྒྱུད་ལས་ལ་འཁོལཿ ་འཁོར་དུ་འཇིག་རྟེན་དྲེགས་པས་སྐོརཿ ་དམ་ཚིག་དབང་གིས་གནས་འདིར་བཞུགསཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བསྐང ། །རྩལ་གྱི་རྒྱལ་པོ་སེང་གེ་དངཿ ་སྟོབས་ཀྱི་རྒྱལ་པོ་གླང་ཆེན་དངཿ ་ཤེས་ལྡན་མི་དང་ཅང་ཤེས་རྟཿ ་་ཐེག་ཆེན་གླང་དང་འདོད་འཇོའི་བཿ ་རིན་ཆེན་ལུག་དང་གཙང་ལྡན་དངཿ ་་ཐོས་གསང་ཁྱི་དང་མཁའ་ལྡིང་བྱཿ ་ཁྱེད་ཀྱིས་བཞེས་པའི་སྐོར་དུ་འབུལཿ ་རིན་ཆེན་བརྒྱན་ལྡན་དར་མི་དངཿ ་སེམས་ཀྱི་གཟུགས་བརྙན་ནམ་མཁའ་དངཿ ་སྐུ་གསུང་ཐུགས་ལྡན་རྒྱང་བུ་དངཿ ་ཤིང་རིས་ཡུལ་མཁར་མཚོན་པ་དངཿ ་ཕོ་གླུད་མདའ་དང་མོ་གླུད་འཕངཿ ་རྒྱལ་མཚན་བ་དན་རུ་མཚོན་རྣམསཿ ་ཉིད་ཀྱི་སྐུ་མདོག་དང་འཐུན་པའིཿ ་རྣལ་འབྱོར་རྣམས་ཀྱི་གླུད་དུ་འབུལཿ ་དམ་རྫས་སྦྱར་བའི་མཆོད་གཏོར་དངཿ ་འཐུན་རྫས་ལྡན་པའི་བཤོས་ཆ་དངཿ ་སྣང་གསལ་འོད་ལྡན་མར་མེ་དངཿ ་རྒྱན་ལྡན་མཛེས་པའི་གླིང་ཚད་དངཿ ་མཛེས་པའི་གཟུགས་དང་སྙན་པའི་སྒྲཿ ་་་ཞིམ་པའི་དྲི་དང་བདའ་བའི་རོཿ ་ཁྱེད་ཀྱི་ཐུགས་དམ་བཀང་ཕྱིར་འབུལཿ ་ལྷ་ཆེན་ཡབ་ཡུམ་འཁོར་དང་བཅསཿ ་སྔོན་གྱི་དམ་ཚིག་རྗེས་དགོངས་ཏེཿ ་མདོས་གླུད་འཐུན་རྫས་བཞེད་པའི་སྐོརཿ ་སྣ་ཚོགས་སྦྱར་བ་འདི་བཞེས་ལཿ ་སངས་རྒྱས་བསྟན་པ་ཁྱེད་ཀྱིས་བསྲུངསཿ ་དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོདཿ ་རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལཿ ་སྒྲུབ་པ་པོ་ལ་བར་གཅོད་པའིཿ ་སྟོང་ཕྲག་བརྒྱད་བཅུའི་བགེགས་རིགས་རྣམསཿ ་བཞི་བརྒྱ་རྩ་བཞིའི་ནད་རྣམས་དངཿ ་གློ་བུར་གནོད་པ་བརྒྱད་བཅུ་ཅིགཿ ་ཡེ་འདྲོག་སུམ་བརྒྱ་དྲུག་བཅུའི་ཚོགསཿ ་དུས་མིན་འཆི་བ་རྣམ་བརྒྱད་དངཿ ་གཤིས་ངན་འགུམ་པ་བཅཝ་ལྔ་དངཿ
104.258a
གཟུགས་ཅན་དགྲ་དང་གཟུགས་མེད་བགེགསཿ ་རྨི་ལམ་ངན་དང་མཚན་ལྟས་ངན་པ་རྣམསཿ ་ཞི་དང་བསལ་ཞིང་བཟློག་པ་དངཿ ་གདུལ་དང་ཚར་བཅད་ལས་མཛོད་ཅིགཿ ་རི་རབ་ཆེན་པོའི་ཤར་ཕྱོགས་ནསཿ ་སྲིས་པའི་རྒྱལ་པོ་སྐོས་རྗེ་ནིཿ ་བདུད་རྣམས་ཀུན་གྱི་སྡེ་དཔོན་བཞེངསཿ ་ན་བཟའ་མཐིང་ནག་བེར་ཆེན་གསོལཿ ་རལ་པ་ནག་པོ་མུན་ལྟར་གཏིབསཿ ་སྤྱན་མིག་ཉི་ཟླ་འཁྱིལ་བ་འདྲཿ ་་རྣོ་སྦལ་མཆེ་བ་ཟླ་ཚེས་གཙིགསཿ ་སྨ་ར་ཁམ་ནག་སྲིད་རྩེར་འབརཿ ་ཆིབས་སུ་བདུད་རྟ་ནག་པོ་བཅིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ཁྲམ་ཐོགས་བདུད་སྡེ་གཡས་ནས་རོལཿ ་ཤོད་ཐོགས་རྩིས་པ་གཡོན་ནས་འགྱེདཿ ་སྣང་སྲིད་ཕོ་བདུད་ཁྱོད་ཀྱི་འཁོརཿ ་དམ་ཚིག་དབང་གི་གནས་འདིར་བཞུགསཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་ཤུགས་ལྡན་རྟ་ནག་ལ་སོགས་པཿ ་ཁྱོད་ཀྱིས་བཞེད་པའི་སྐོར་དུ་འབུལཿ ་རིན་ཆེན་ངར་མི་ལ་སོགས་པཿ ་རྣལ་འབྱོར་རྣམས་ཀྱི་གླུད་དུ་འབུལཿ ་དམ་རྫས་མཆོད་གཏོར་ལ་སོགས་པཿ ་ཁྱེད་ཀྱི་ཐུགས་དམ་བསྐང་ཕྱིར་འབུལཿ ་སྲིད་པའི་བདུད་རྗེ་འཁོར་བཅས་ཀྱིསཿ ་སྔོན་གྱི་དམ་ཚིག་རྗེས་དགོངས་ལཿ ་ཇི་ལྟར་བཅོལ་བའི་ལས་མཛོད་ཅིགཿ ་བདུད་མོ་ཆེན་མོ་རེ་མ་ཏིཿ ་མ་བདུད་ཀུན་གྱི་སྡེ་དཔོན་བཞེངསཿ ་དཔལ་ལྡན་ནག་མོ་འཇིགས་གཟུགས་ཅནཿ ་ནག་མོ་ཤ་ཟློག་བདུད་ཀྱི་མཿ ་སྐུ་ལ་མཐིང་ནག་བེར་ཆེན་གསོལཿ ་ཆིབས་སུ་བོང་བུ་གཝ་དམར་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་མ་བདུད་འབུམ་ཕྲག་ཕོ་ཉར་འགྱེདཿ ་ནག་མོ་སྟོང་སྡེ་ལས་ལ་འཛུདཿ ་སྣང་སྲིད་བདུད་མོ་ཁྱོད་ཀྱི་འཁོརཿ ་དམ་ཚིག་དབང་གིས་གནས་འདིར་བཞུགསཿ ་ཅང་ཤེས་བོང་བུ་ལ་སོགས་པཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་སྲིད་པའི་བདུད་མོ་འཁོར་བཅས་ཀྱིསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མཛོདཿ ་རི་རབ་ཆེན་པོའི་ལྷོ་ཕྱོགས་ནསཿ ་གཤིན་རྗེ་ཡ་མ་རཱ་ཛ་སྟེཿ ་གཤིན་རྗེའི་ཚོགས་ཀྱི་སྡེ་དཔོན་བཞེངསཿ ་སྐུ་མདོག་ནག་པོ་རལ་པ་ཅནཿ ་གདུག་པའི་ཐོད་སྦྲུལ་གཡང་གཞིས་བརྒྱནཿ ་གཅན་ཟན་གདུག་པའི་ལྤགས་པས་དཀྲིསཿ ་ཤ་ཟའི་མགོ་གཅད་ཐོད
104.258b
དུ་བཅིངསཿ ་ཞལ་བགྲད་མཆེ་བ་རབ་ཏུ་གཙིགསཿ ་མ་ཧེ་ནག་པོ་ཆིབས་སུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་གཤིན་རྗེ་ཕོ་མོ་ཕོ་ཉར་འགྱེདཿ ་འཆི་བདག་གཤིན་རྗེ་བཙུན་མོ་སྟེཿ ་གསོད་བྱེད་མོན་མོའི་ཚུལ་འཛིན་ཅིངཿ ་གཤིན་རྗེ་མོ་ཡི་སྡེ་དཔོན་བཞེངསཿ ་ཟ་བྱེད་དུར་ཁྲོད་ཆས་ཀྱིས་བརྒྱནཿ ་་གཡང་གཞི་ནག་མོ་སྐུ་ལ་གསོལཿ ་ཆུ་གླང་ནག་པོ་ཆིབས་སུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་ཡི་དགས་ཕོ་མོ་ལས་ལ་འཛུདཿ ་སྣང་སྲིད་གཤིན་རྗེ་ཁྱོད་ཀྱི་འཁོརཿ ་དམ་ཚིག་དབང་གི་གནས་འདིར་བཞུགསཿ ་མ་ཧེ་ཆུ་གླང་ལ་སོགས་པཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་གཤིན་རྗེ་ཕོ་མོ་འཁོར་དང་བཅསཿ ་ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོདཿ ་རི་རབ་ཆེན་པོའི་ནུབ་ཕྱོགས་ནསཿ ་སྲིན་པོ་ནག་པོ་གློག་ཕྲེང་ཅནཿ ་སྲིན་པོའི་ཚོགས་ཀྱི་སྡེ་དཔོན་བཞེངསཿ ་སྐུ་མདོག་མཐིང་ནག་འབར་བ་ལཿ ་གློག་དང་འོད་ཀྱི་ཕྲེང་བས་བརྒྱནཿ ་འབྲུག་ཆེན་འུར་པ་ཆིབས་སུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་སྲིན་པོ་འབུམ་ཕྲག་ཕོ་ཉར་འགྱེདཿ ་སྲིན་མོ་གསོད་བྱེད་ལས་ལ་འཛུདཿ ་གཅན་ཟན་གདུག་པ་ཕྱི་ནས་རོལཿ ་འཁོར་དུ་སྣང་སྲིད་སྲིན་པོས་བསྐོརཿ ་སྲིན་མོ་སྦལ་མགོ་ཁྲག་མིག་མཿ ་སྲིན་མོ་རྣམས་ཀྱི་སྡེ་དཔོན་བཞེངསཿ ་སྐུ་མདོག་དམར་ནག་འཇིགས་སུ་རུངཿ ་ལུས་ལ་ཁྲག་གིས་ལཝ་ནག་གསོལཿ ་རུས་སྦལ་དཀར་པོའི་ཐོར་ཚུགས་ཅནཿ ་ཆིབས་སུ་རྔ་མོ་གདོང་དྲུག་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་སྲིན་མོ་ཁ་འབར་ཕོ་ཉར་འགྱེདཿ ་གདོང་སྲིན་ནག་མོ་ལས་ལ་འཛུདཿ ་སྣང་སྲིད་སྲིན་མོ་འཁོར་དང་བཅསཿ ་སྲོག་གཅོད་སྲིན་པོ་ཡབ་ཡུམ་འཁོརཿ ་དམ་ཚིག་དབང་གི་གནས་འདིར་བཞུགསཿ ་འབྲུག་སྔོན་རྔ་མོ་ལ་སོགས་པཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་སྲིན་པོ་ཕོ་མོའི་འཁོར་གྱིས་བསྐོརཿ ་ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོདཿ ་རི་རབ་ཆེན་པོའི་བྱང་ཕྱོགས་ནསཿ ་གནོད་སྦྱིན་ཡཀྵ་མེ་དབལ་ཅནཿ ་གནོད་སྦྱིན་ཀུན་གྱི་སྡེ་དཔོན་བཞེངསཿ ་སྐུ་མདོག་མཐིང་སྔོན་འབར་བ་ལཿ ་མེ་དཔུང་ཚུབ་མ་ན་བཟར་གསོལཿ ་སྟག་སེང་རྔམ
104.259a
པ་ཆིབས་སུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་གཡས་ན་མེ་དབལ་འབར་བ་ལཿ ་གཡོན་ན་དུད་འཐུལ་ཕྱུ་རུ་རུཿ ་གནོད་སྦྱིན་སྟོང་སྡེ་ཕོ་ཉར་འགྱེདཿ ་ཞུབ་ཆས་འབུམ་སྡེ་ལས་ལ་འཛུདཿ ་འཇིག་རྟེན་གནོད་སྦྱིན་འཁོར་གྱིས་བསྐོརཿ ་གནོད་སྦྱིན་ཆེན་མོ་བློ་མོན་མཿ ་གནོད་སྦྱིན་བུ་མོ་གདུག་པ་ཅནཿ ་ནག་མོ་རྡོ་རྗེ་ལྕགས་མཆུ་མཿ ་སྙན་ཆ་རིན་ཆེན་ནེའུ་ལེས་བརྒྱནཿ ་སྐུ་ལ་བ་ཏི་ནག་པོ་གསོལཿ ་ཆིབས་སུ་ལྕགས་ཀྱི་ཕག་མོ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་ནོར་འཛིན་མོ་ནི་ཕོ་ཉར་འགྱེདཿ ་ཀློ་མོན་ནག་མོ་ལས་ལ་འཛུདཿ ་གནོད་སྦྱིན་མོ་ནི་འབུམ་སྡེས་སྐོརཿ ་་་ཤན་པ་གནོད་སྦྱིན་ཡབ་ཡུམ་འཁོརཿ ་དམ་ཚིག་དབང་གི་གནས་འདིར་བཞུགསཿ ་སྟག་སེང་ཕག་མོ་ལ་སོགས་པའིཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་གནོད་སྦྱིན་ཕོ་མོ་འཁོར་དང་བཅསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མཛོདཿ ་རི་རབ་ཆེན་པོའི་སྟེང་ཕྱོགས་སུཿ ་གཟའ་བདུད་ཆེན་པོ་མི་བཟད་པཿ ་རོག་ཏི་ཁྱབ་འཇུག་རཱ་ཧུ་ལཿ ་གཟའ་བདུད་སྡེ་དཔོན་ཆེན་པོ་བཞེངསཿ ་མགོ་དགུ་སྨད་སྦྲུལ་མགོ་མངས་ལུསཿ ་ཆིབས་སུ་འབྲུག་ཆེན་གློག་འགྱུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་འབྲུག་སྒྲ་སྟོང་གསུམ་ལྡི་རི་རིཿ ་་ནམ་མཁའ་གློག་འོད་ཁྱུགས་སེ་ཁྱུགསཿ ་གཟའ་བྲན་རྒྱུ་སྐར་ཕོ་ཉར་འགྱེདཿ ་ཐོག་སེར་ཀི་ཀང་དྲག་ཏུ་འབེབསཿ ་གཟའ་བདུད་སྟོང་གི་འཁོར་གྱིས་བསྐོརཿ ་གནམ་སྨན་ཐོག་གི་བུ་ཡུག་མཿ ་གདོང་མོ་རྣམས་ཀྱི་སྡེ་དཔོན་བཞེངསཿ ་སྐུ་མདོག་དམར་སྐྱ་མཛེས་པ་ལཿ ་ན་བཟའ་གུ་ཟུ་མཛེས་པ་གསོལཿ ་འབྲུག་སྒྲ་གློག་གི་འོད་ལ་ཞོནཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་གཟའ་ཆེན་ཉི་ཟླ་ཀླད་ལ་སྐོརཿ ་རྒྱུ་སྐར་ཚོགས་ནི་ཞལ་ལ་འཆརཿ ་ལྷ་སྨན་འབུམ་ནི་ཕོ་ཉར་འགྱེདཿ ་གདོང་ཟོར་མ་མོ་ལས་ལ་འཛུདཿ ་ཟོར་གདོང་སྲིན་མོའི་འཁོར་གྱིས་སྐོརཿ ་གཟའ་གདོང་གནམ་སྨན་ཡབ་ཡུམ་འཁོརཿ ་དམ་ཚིག་དབང་གིས་གནས་འདིར་བཞུགསཿ ་འབྲུག་ཆེན་འུར་པ་ལ་སོགས་པའིཿ ་འཐུན་པའི་རྫས་ཀྱིས་ཐུགས
104.259b
དམ་བཀངཿ ་གཟའ་བདུད་གདོང་མོ་སྨན་དང་བཅསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མཛོདཿ ་རི་རབ་ཆེན་པོའི་འོག་ཕྱོགས་ནསཿ ་ཀླུ་བདུད་ནག་མོ་མགོ་དགུ་པོཿ ་ཀླུ་རྣམས་ཀུན་གྱི་སྡེ་དཔོན་ཡིནཿ ་སྐུ་སྟོད་དུད་ཁ་ནག་མོ་ལཿ ་ཚ་བའི་འབུ་སྲིན་ཉི་ལི་ལིཿ ་སྐུ་སྨད་དུག་སྦྲུལ་ནག་པོ་ལཿ ་གྲང་བའི་སྦལ་ལྕོང་ཕྲ་ལ་ལཿ ་ཆིབས་སུ་ཆུ་སྲིན་མགོ་དགུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་ཀླུ་རྒྱལ་སྟོང་ནི་ཕོ་ཉར་འགྱེདཿ ་ཀླུ་བྲན་འབུམ་ནི་ལས་ལ་འཛུདཿ ་ཀླུ་བདུད་གདུག་པའི་འཁོར་གྱིས་བསྐོརཿ ་ཀླུ་མོ་ཡཀྵ་ནག་མོ་ནིཿ ་ཀླུ་བདུད་མ་མོའི་སྡེ་དཔོན་བཞེངསཿ ་སྐུ་མདོག་དུད་ཁ་འཇིགས་བག་ཅནཿ ་སྦྲུལ་ནག་གཤིབས་པའི་རལ་པ་ལསཿ ་མཛེ་དང་ཤུ་བའི་ཚ་ཚ་འཕྲོཿ ་སྦྲུལ་གྱི་ཐུལ་བ་ན་བཟར་གསོལཿ ་སྦལ་སྦྲུལ་ཉེའུ་ཐ་ར་རཿ ་རུ་སྦལ་ནག་པོ་ཆིབས་སུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་ཀླུ་རིགས་ལྔ་ཡི་སྤྲུལ་པ་འགྱེདཿ ་ས་བདག་གདུག་པའི་ཕོ་ཉ་གཏོངཿ ་སྣང་སྲིད་ཀླུ་མོའི་འཁོར་དང་བཅསཿ ་གདུག་པ་ཀླུ་བདུད་ཡབ་ཡུམ་འཁོརཿ ་དམ་ཚིག་དབང་གིས་གནས་འདིར་བཞུགསཿ ་ཆུ་སྲིན་རུ་སྦལ་ལ་སོགས་པའིཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་ཀླུ་བདུད་ཕོ་མོ་ཡབ་ཡུམ་འཁོརཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མཛོདཿ ་རི་རབ་ཆེན་པོ་མཛེས་པ་ཡིཿ ་བང་རིམ་གཉིས་པའི་ཤར་ཕྱོགས་ལཿ ་གནོད་སྦྱིན་རྒྱལ་པོ་གང་བ་བཟངཿ ་སྲིད་པ་ལྷ་ཡི་སྡེ་དཔོན་བཞེངསཿ ་མདོག་དཀར་རལ་ཀ་འབར་བ་གསོལཿ ་གནམ་རུ་དཀར་པོ་ཆིབས་སུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་གནོད་སྦྱིན་སྟོང་ནི་ཕོ་ཉར་འགྱེདཿ ་ལྷ་དམག་འབུམ་སྡེ་ལས་ལ་འཛུདཿ ་བ་དན་ཅན་ནི་གཡས་ནས་རོལཿ ་གོ་མཚོན་ཅན་ནི་གཡོན་ནས་རོལཿ ་གནོད་སྦྱིན་ལྷ་ཡི་འཁོར་དང་བཅསཿ ་སྐྱེས་བུ་གནམ་རྒྱལ་ཆེན་པོ་ནིཿ ་རྒྱལ་ཕྲན་ཀུན་གྱི་སྡེ་དཔོན་བཞེངསཿ ་ན་བཟའ་དར་ཟབ་བེར་ཆེན་གསོལཿ ་རྟ་དཀར་རྔོག་དམར་ཆིབས་སུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་རྒྱལ་བྲན་སྟོང་སྡེ་ཕོ་ཉར་འགྱེདཿ ་གྲོང་རྒྱུ་ཕྲ་མོ་ལས་ལ་འཛུདཿ ་ཐེ་རྒྱལ་ཕྲ་མོའི་འཁོར་དང
104.260a
བཅསཿ ་སྤྱི་བདུད་རྒྱལ་པོ་གུ་རུམ་རྩེཿ ་་མི་མ་ལྷ་ཡི་སྡེ་དཔོན་བཞེངསཿ ་སྐུ་སྟོད་རྒྱ་ཆེའི་གླག་པ་གསོལཿ ་འབུམ་བྱེ་སྨན་གྱི་ཤམ་ཐབས་ཅནཿ ་དབུ་ལ་ཤེལ་སྨོག་དཀར་པོ་གསོལཿ ་ཆིབས་སུ་རྡོ་རྟ་དྲོ་བོ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་སྲིད་པའི་ཁྱུང་ཆེན་ཀླད་ན་ལྡིངཿ ་སྟག་སེང་ཚང་མ་ཕྱི་ནས་རོལཿ ་སྡེ་དཔོན་མཆེད་ལྔ་ཕོ་ཉར་འགྱེདཿ ་མ་སངས་སྤུན་དགུ་ལས་ལ་འཛུདཿ ་ལྷ་མ་སྲིན་གྱི་འཁོར་དང་བཅསཿ ་སྐྱེས་བུ་དཀར་པོ་སྡེ་གསུམ་ཡངཿ ་དམ་ཚིག་དབང་གིས་གནས་འདིར་བཞུགསཿ ་གནམ་རུ་རྟ་དཀར་དྲོ་བོ་ཆིབསཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་དཀར་པོ་སྡེ་གསུམ་འཁོར་དང་བཅསཿ ་ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོདཿ ་བམ་རིམ་གཉིས་པའི་ལྷོ་ཕྱོགས་ནསཿ ་མ་ཆེན་སྲིད་པའི་རྒྱལ་མོ་ནིཿ ་སྣང་སྲིད་མ་མོའི་སྡེ་དཔོན་བཞེངསཿ ་ན་བཟའ་དར་ནག་གུ་ཟུ་གསོལཿ ་ཆིབས་སུ་འབྲུག་མོ་ཡིད་མགྱོགས་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་ཚོགས་ཀྱི་རྗེ་མོ་ཕོ་ཉར་འགྱེདཿ ་སྨན་མོ་ལྔ་བཅུ་རྩ་བརྒྱད་འཁོརཿ ་སྣང་སྲིད་མ་མོའི་ཚོགས་ཀྱིས་སྐོརཿ ་ཨེ་ཀ་ཛ་ཊི་རལ་གཅིག་མཿ ་བཀའ་ཡི་བསྲུངས་མའི་སྡེ་དཔོན་ནིཿ ་སྐུ་ལ་ན་བཟའ་མཐིང་ནག་གསོལཿ ་ཆིབས་སུ་དྲེ་རྟ་ནག་མོ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་སྲིན་མོ་ནག་མོ་ཕོ་ཉར་འགྱེདཿ ་བལ་མོ་ནག་མོ་ལས་ལ་འཁོལཿ ་མ་མོ་ནག་མོ་སྣ་ཚོགས་སྤྲུལཿ ་སྨུག་ནག་འབུམ་གྱིས་འཁོར་དང་བཅསཿ ་དཔལ་ལྡན་ནག་མོ་འགྱོགས་བྱེད་མཿ ་མཁའ་འགྲོ་ཚོགས་ཀྱི་སྡེ་དཔོན་བཞེངསཿ ་ན་བཟའ་མཐིང་ནག་གུ་ཟུ་གསོལཿ ་ཆིབས་སུ་སོ་བྱ་རོག་པོ་ཞོནཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་རིགས་ཀྱི་མཁའ་འགྲོ་ཕོ་ཉར་འགྱེདཿ ་སྣ་ཚོགས་མཁའ་འགྲོ་ལས་ལ་འཛུདཿ ་སྣང་སྲིད་མཁའ་འགྲོའི་འཁོར་གྱིས་སྐོརཿ ་དཔལ་ལྡན་ནག་མོ་སྡེ་གསུམ་ཡངཿ ་དམ་ཚིག་དབང་གིས་གནས་འདིར་བཞུགསཿ ་འབྲུག་དང་དྲེ་རྟ་སོ་བྱ་སོགསཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་སྐངཿ ་ནག་མོ་སྡེ་གསུམ་འཁོར་དང་བཅསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མཛོདཿ ་བང་རིམ་གཉིས་པའི
104.260b
ནུབ་ཕྱོགས་ནསཿ ་སྐྱེས་བུ་རྡོ་རྗེ་བདུད་འདུལ་ནིཿ ་གནོད་སྦྱིན་རུ་ཏྲའི་སྡེ་དཔོན་བཞེངསཿ ་ན་བཟའ་མཐིང་ནག་བེར་ཆེན་གསོལཿ ་རལ་པ་ནག་པོ་མུན་ལྟར་གཏིབསཿ ་ཆིབས་སུ་རྟ་དྲེ་ནག་པོ་ཆིབསཿ ་ཞིང་ལྤགས་གྱོན་པ་ཕོ་ཉར་འགྱེདཿ ་རལ་ཆས་བགོས་པ་ལས་ལ་འཛུདཿ ་སྣང་སྲིད་རུ་ཏྲའི་འཁོར་གྱིས་བསྐོརཿ ་བཙན་རྒྱལ་སྲོག་ཟན་དམར་པོ་ནིཿ ་སྲིད་པའི་བཙན་གྱི་སྡེ་དཔོན་བཞེངསཿ ་སྐུ་ལ་དར་དཀར་རས་དམར་གསོལཿ ་ཆིབས་སུ་རྟ་དམར་གློག་འགྱུ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་དབུ་ལ་བསེ་རྨོག་དཀར་པོ་གསོལཿ ་བཙན་པོ་ཁ་བཞི་ཕོ་ཉར་འགྱེདཿ ་མགྱོགས་པ་སྡེ་བརྒྱད་ལས་ལ་འཛུདཿ ་སྣང་སྲིད་དྲེགས་པའི་བཙན་གྱིས་བསྐོརཿ ་སྐྱེས་བུ་ཡམ་ཤུད་དམར་པོ་ནིཿ ་བཙན་འགོང་རྣམས་ཀྱི་སྡེ་དཔོན་བཞེངསཿ ་སྐུ་ལ་ཟབ་དམར་བེར་ཆེན་གསོལཿ ་ཆིབས་སུ་རྟ་དམར་ཡིད་མགྱོགས་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་གཡས་སུ་བྲོ་བརྡུང་ཆི་ལི་ལིཿ ་གཡོན་ན་པྱུགས་གླུ་ཀྱུ་རུ་རུཿ ་་རྟ་ཞོན་སྟོང་ནི་ཕྱི་ན་འབྲེངཿ ་སྲིད་པའི་བཙན་འགོད་འཁོར་དང་བཅསཿ ་སྐྱེས་མཆོག་དམར་པོ་སྡེ་གསུམ་ནིཿ ་དམ་ཚིག་དབང་གིས་གནས་འདིར་བཞུགསཿ ་དྲེ་ནག་རྟ་དམར་ལ་སོགས་པའིཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་དམར་པོ་སྡེ་གསུམ་འཁོར་དང་བཅསཿ ་ཇི་ལྟར་བཅོལ་བའི་ཕྲིན་ལས་མཛོདཿ ་བང་རིམ་བཞི་པའི་བྱང་ཕྱོགས་ནསཿ ་བི་ནཱ་ཡ་ཀ་བགེགས་ཀྱི་རྒྱལཿ ་ལོག་འདྲེན་ཀུན་གྱི་སྡེ་དཔོན་བཞེངསཿ ་ན་བཟའ་མཐིང་ནག་བེང་ཆེན་གསོལཿ ་ཆིབས་སུ་རྟ་ནག་འགྱོགས་པ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་རྒྱལ་ཆེན་བཞི་ནི་ཕོ་ཉར་འགྱེདཿ ་ཕྱོགས་སྐྱོང་ཚོགས་ནི་ལས་ལ་འཛུདཿ ་སྣང་སྲིད་བགེགས་ཀྱི་ཚོགས་ཀྱིས་བསྐོརཿ ་དབང་ཕྱུག་གུ་ལང་ནག་པོ་ནིཿ ་མུ་སྟེགས་ཚོགས་ཀྱི་སྡེ་དཔོན་བཞེངསཿ ་ན་བཟའ་མཐིང་ནག་བེར་ཆེན་གསོལཿ ་ཆིབས་སུ་སྟག་སེང་མ་ཧེ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་ས་གཞི་ཀུན་ནི་དམག་གིས་འགེངསཿ ་བར་སྣང་མཚོན་དང་དར
104.261a
གྱིས་བཀངཿ ་ནམ་མཁའ་གློག་དང་འོད་ཀྱིས་འགེངསཿ ་གཅན་ཟན་འདབ་ཆགས་རྒྱུག་ཅིང་ལྡིངཿ ་མུ་སྟེགས་ནག་པོའི་འཁོར་གྱིས་སྐོརཿ ་རྨུ་བདུད་ནག་མོ་བཀྲག་མེད་ནིཿ ་རྨུ་བདུད་ཚོགས་ཀྱི་སྡེ་དཔོན་བཞེངསཿ ་ན་བཟའ་མཐིང་ནག་བེར་ཆེན་གསོལཿ ་ཆིབས་སུ་རྨུ་རྟ་ནག་པོ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་རྨུ་བདུད་འབུམ་ཕྲག་ཕོ་ཉར་འགྱེདཿ ་རྨུ་བྲན་སྟོང་སྡེ་ལས་ལ་འཛུདཿ ་སྣང་སྲིད་རྨུ་ཡི་འཁོར་གྱིས་སྐོརཿ ་སྐྱེས་མཆོག་ནག་པོ་སྡེ་གསུམ་ཡངཿ ་དམ་ཚིག་དབང་གིས་གནས་འདིར་བཞུགསཿ ་སྟག་སེང་མ་ཧེ་རྟ་ལ་སོགསཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་ཕྱི་རོལ་ནག་པོའི་ཚོགས་དང་བཅསཿ ་ཇི་ལྟར་བཅོལ་བའི་འཕྲིན་ལས་མཛོདཿ ་རི་རབ་ཆེན་པོ་མཛེས་པ་ཡིསཿ ་་་བང་རིམ་གསུམ་པའི་ཤར་ཕྱོགས་ལཿ ་ཚངས་པ་དཀར་པོ་སྲོག་གི་བདགཿ ་ལྷ་ཆེན་གིང་གི་སྡེ་དཔོན་བཞེངསཿ ་སྲིད་པ་གསུམ་གྱི་མྱུར་མགྱོགས་པརཿ ་སྐུ་ལ་བྱ་རྒོད་ཐུལ་བ་གསོལཿ ་ཆིབས་སུ་སེང་གེ་དཀར་པོ་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་གིང་ཆེན་བཅཝ་བརྒྱད་ཕོ་ཉར་འགྱེདཿ ་གིང་བདུད་ཕོ་མོ་ལས་ལ་འགྱེདཿ ་མི་རྟ་ར་ལུག་བྱ་དང་ཁྱིཿ ་་་སྟག་དང་བྱ་རྒོད་ལ་སོགས་པའིཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་བང་རིམ་གསུམ་པའི་ལྷོ་ཕྱོགས་ལཿ ་གནོད་སྦྱིན་རྒྱལ་པོ་ནོར་གྱི་བདགཿ ་་སྐུ་ལ་དོམ་གྱི་གླག་པ་གསོལཿ ་་ཆིབས་སུ་བ་གླང་སྣ་རིངས་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་སྐྱེས་པ་བརྒྱ་དང་བུད་མེད་བརྒྱཿ ་་་ཉན་ཐོས་སྟོང་དང་སྔགས་པ་སྟོངཿ ་འབག་སེང་མོན་བུ་བསམ་མི་ཁྱབཿ ་སྟག་སེང་བ་གླང་སྤྲ་དང་སྤྲེཿ ་་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་བང་རིམ་གསུམ་པའི་ནུབ་ཕྱོགས་ལཿ ་རྡོ་རྗེ་མཛེས་བ་ཞེས་བྱ་བཿ ་འཇིག་རྟེན་ལྷ་ཡི་སྡེ་དཔོན་ཡིནཿ ་མ་ཐར་ཤེལ་གྱི་ན་བཟའ་གསོལཿ ་ཀུན་ཀྱང་ཤེལ་གྱི་ན་བཟའ་གསོལཿ ་ར་དཀར་གནམ་རུ་ཆིབས་སུ་ཆིབསཿ [་]ཁྱོད་ཀྱི་ཆོ་འཕྲུལ་སྟོན་པ་ནིཿ ་འཛིན་གིང་བཞི་བཅུ་ཕོ་ཉར་འགྱེདཿ ་རང་གི་འཁོར་སྡེ་ལས་ལ་འཛུདཿ ་ཙ་ར་བྱ་ཁྱི་ལ་སོགས་པའིཿ ་་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་བང་རིམ
104.261b
གསུམ་པའི་བྱང་ཕྱོགས་ལཿ ་ལྷ་ཆེན་ནག་པོ་ཆེན་པོ་ཏེཿ ་བསྟན་པ་བསྲུང་བའི་སྡེ་དཔོན་བཞེངསཿ ་ན་བཟའ་ལྗང་ནག་བེར་ནག་གསོལཿ ་ཆིབས་སུ་བདུད་རྟ་བྲ་ནག་ཆིབསཿ ་ཁྱོད་ཀྱི་ཆོ་འཕྲུལ་བསྟན་པ་ནིཿ ་ལྷ་དམག་ཕྱོགས་ཀྱི་དབུགས་འབྱིན་ཅིངཿ ་ལྷ་མིན་གཡུལ་ངོ་རབ་ཏུ་བཟློགཿ ་ཕྱོགས་སྐྱོང་དཔལ་མགོན་ལས་ལ་འཛུདཿ ་མི་རྟ་ར་ལུག་བྱ་དང་ཁྱིཿ ་ནག་པོའི་ཚོགས་ཀྱིས་ཐུགས་དམ་བཀངཿ ་དྲེགས་པའི་བཀའ་ཉན་སྒོ་བསྲུངས་བཞིཿ ་རང་གི་བཀའ་ཉན་འཁོར་དང་བཅསཿ ་དམ་ཚིག་དབང་གིས་གནས་འདིར་བཞུགསཿ ་འཐུན་པའི་རྫས་ཀྱིས་ཐུགས་དམ་བཀངཿ ་དབང་ཆེན་སྡེ་བཞི་འཁོར་དང་བཅསཿ ་ཇི་ལྟར་བཅོལ་པའི་ཕྲིན་ལས་མཛོདཿ ་བང་རིམ་ཐ་མའི་ཕྱོགས་བཞི་ནཿ ་ཕྱི་ཡི་ལྷ་སྲིན་སྡེ་བརྒྱད་དངཿ ་ནང་གི་ལྷ་སྲིན་སྡེ་བརྒྱད་དངཿ ་སྦས་པའི་ལྷ་སྲིན་སྡེ་བརྒྱད་དངཿ ་གསང་བའི་ལྷ་སྲིན་སྡེ་བརྒྱད་དངཿ ་ཡང་གསང་གཏེར་གྱི་ལྷ་སྲིན་དངཿ ་དྲག་པོ་སྔགས་ཀྱི་ལྷ་སྲིན་དངཿ ་ལས་བྱེད་མྱུར་མགྱོགས་ལྷ་སྲིན་དངཿ ་བརྟགས་ཤིང་ཆགས་པའི་ལྷ་སྲིན་དངཿ ་སྡེ་བརྒྱད་འཁོར་དང་བཅས་པ་ལཿ ་ཁྱེད་ཀྱི་ཐུགས་དམ་བཀང་བ་ནིཿ ་ཤེས་ལྡན་མི་དང་ཅང་ཤེས་རྟཿ ་་ཐེག་ཆེན་གླང་དང་འདོད་འཇོའི་བཿ ་རིན་ཆེན་ལུག་དང་གཙང་ལྡན་རཿ ་ཐོས་གསང་ཁྱི་དང་མཁའ་ལྡིང་བྱཿ ་ཁྱེད་ཀྱི་བཞེད་པའི་སྐོར་དུ་འབུལཿ ་རིན་ཆེན་བརྒྱན་ལྡན་ངར་མི་དངཿ ་སེམས་ཀྱི་གཟུགས་ལྡན་ངར་མི་དངཿ ་སྐུ་གསུང་ཐུགས་ལྡན་རྒྱང་བུ་དངཿ ་ཤིང་གླུད་ཡུལ་མཁར་མཚོན་པ་དངཿ ་ཕོ་བླུད་མདའ་དང་མོ་བླུད་འཕངཿ ་རྒྱལ་མཚན་བ་དན་རོལ་མོ་རྣམསཿ ་ཉིད་ཀྱི་སྐུ་མདོག་དང་འཐུན་པཿ ་རྣལ་འབྱོར་རྣམས་ཀྱི་གླུད་དུ་འབུལཿ ་དམ་རྫས་སྦྱར་བའི་མཆོད་གཏོར་དངཿ ་འཐུན་རྫས་ལྡན་པའི་བཤོས་ཆ་དངཿ ་སྣང་གསལ་འོད་ལྡན་མར་མེ་དངཿ ་རྒྱན་ལྡན་མཛེས་པའི་གླིང་ཚད་དངཿ ་མཛེས་པའི་གཟུགས་དང་སྙན་པའི་སྒྲཿ ་་ཞིམ་པའི་དྲི་དང་བདའ་བའི་རོཿ ་ཁྱེད་ཀྱི་ཐུགས་དམ་བཀང་ཕྱིར་འབུལཿ ་འཇིག་རྟེན་དྲེགས་པ་འཁོར་དང་བཅསཿ ་སྔོན་གྱི་དམ་ཚིག་རྗེས
104.262a
དགོངས་ཏེཿ ་མདོ་བླུད་འཐུན་རྫས་བཞེད་པའི་སྐོརཿ ་སྣ་ཚོགས་སྦྱར་བ་འདི་བཞེས་ལཿ ་སངས་རྒྱས་བསྟན་པ་ཁྱེད་ཀྱིས་སྲུངསཿ ་དཀོན་མཆོག་དབུ་འཕང་ཁྱེད་ཀྱིས་སྟོདཿ ་རྣལ་འབྱོར་སྐུ་དགྲ་ཁྱེད་ཀྱིས་སྒྲོལཿ ་སྒྲུབ་པ་པོ་ལ་བར་གཅོད་པའིཿ ་སྟོང་ཕྲག་བརྒྱད་བཅུའི་བགེགས་རིགས་དངཿ ་བཞི་བརྒྱ་རྩ་བཞིའི་ནད་རྣམས་དངཿ ་གློ་བུར་གནོད་པ་བརྒྱད་བཅུ་གཅིགཿ ་ཡེ་འདྲེག་སུམ་བརྒྱ་དྲུག་བཅུའི་ཚོགསཿ ་དུས་མིན་འཆི་བ་རྣམ་བརྒྱད་དངཿ ་གཤིས་ངན་འགུམ་པ་བརྒྱད་བཅུ་གཅིགཿ ་གཟུགས་ཅན་དགྲ་དང་གཟུགས་མེད་བགེགསཿ ་རྨི་ལམ་མཚན་ལྟས་ངན་པ་རྣམསཿ ་ཞི་དང་བསལ་ཞིང་བཟློག་པ་དངཿ ་གདུལ་དང་ཚར་གཅད་ལས་མཛོད་ཅིགཿ ་ཞེས་བརྗོད་རང་གི་འཐུན་རྫས་སྟབཿ ་བསྐང་བཟློག་གསད་དང་གསོ་ལ་སོགསཿ ་ཇི་ལྟར་འདོད་པའི་ཕྲིན་ལས་བཅོལཿ ་གང་ལ་དམིགས་པ་དེ་བཞིན་འགྲུབ་ཞེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་དྲེགས་པ་ཅན་གྱི་སྡེ་དཔོན་འཁོར་དང་བཅས་པ་རྣམས་མཆོད་བསྟོད་རྒྱ་ཆེན་པོའི་སྒོ་ནས་ཉེ་བར་བསྒྲུབ་པའི་ལེའུ་སྟེཿ ་་ལྔ་པའོ།། །། དེ་ནས་རབ་ཏུ་བཤད་བྱ་བཿ ་དྲེགས་པའི་འཁོར་ཚོགས་འདི་རྣམས་ཀུནཿ ་ངོ་བོ་རང་རིག་བྱང་ཆུབ་སེམསཿ ་མ་སྐྱེད་དབྱིངས་ལས་གཡོས་པ་མེདཿ ་འཇིག་རྟེན་གནས་དང་འཐུན་འཇུག་ཅིངཿ ་་་མཆོད་དང་བསྟོད་པས་མཉེས་འགྱུར་བསཿ ་འཇིག་རྟེན་མཆོད་བསྟོད་ཞེས་སུ་བརྗོདཿ ་ཕྱི་ནང་གསང་བའི་བྱེ་བྲག་སྟེཿ ་སྣང་དང་སྲིད་པའི་དཀྱིལ་འཁོར་ཀུནཿ ་གསང་བའི་བདག་པོ་དེ་ཉིད་དངཿ ་གནས་སྐབས་མཆོད་བསྟོད་ཕྱི་ཡིན་ནོཿ ་དག་པའི་ཏིང་ངེ་འཛིན་ལས་བྱུངཿ ་རང་གི་སྣང་བ་འདུས་པའི་ཚོགསཿ ་དབང་པོའི་ཡུལ་གྱི་ལོངས་སྤྱོད་དངཿ ་གཙང་སྤྲའི་རྟོག་པ་སྦྱང་པའི་རྫསཿ ་འདོད་ཆགས་བཞི་དང་འབྲུ་བཅུད་རྩིཿ ་་གཉིས་མེད་ཕ་རོལ་སྣང་བྱེད་པཿ ་རང་གི་ངང་དུ་མཉེས་བྱེད་ཅིངཿ ་སོ་སོའི་མཚན་དང་དཔེ་བྱད་དགཿ ་ངེས་པར་བསྟན་པ་ནང་གིའོཿ ་སེམས་དང་སེམས་ལ་སྟར་བའི་ཚོགསཿ ་ཐམས་ཅད་ཡེ་ནས་དཀྱིལ་འཁོར་ཆེཿ ་མ་བཅོས་རང་བཞིན་ལྷུན
104.262b
གྱིས་གྲུབཿ ་ལུང་ནས་མ་ལུས་འདུས་པ་ལསཿ ་ཆོས་གཞན་མེད་དེ་ཡུལ་ཉིད་དངཿ ་ཡུལ་དུ་འཛིན་པ་སྣང་བའི་བདགཿ ་གཉིས་མེད་རྟོགས་ཤིང་ཁོང་དུ་ཆུདཿ ་མཆོད་བསྟོད་རབ་ཏུ་གསང་བ་ཡིཿ ་ལུས་ལས་སྤྲུལ་ཞིང་བསྒྲུབས་པས་སྐུཿ ་འབྲུ་བཅུ་སྒྲ་ཡི་འཁོར་ལོ་གསུངཿ ་རང་གྲོལ་སྙིང་པོ་མ་བཅོས་ཐུགསཿ ་ལྷ་ཀླུ་གནོད་སྦྱིན་བཙན་དང་བདུདཿ ་སྲིན་པོ་གཟའ་དང་མོ་རིགས་རྣམསཿ ་དྲེགས་ཤིང་གདུག་པ་ཁྲོ་ཞིང་གཏུམཿ ་མྱུར་མགྱོགས་རྨུགས་ཤིང་འཐིབས་པ་དངཿ ་དྲག་དང་དབྱིངས་པ་སོ་སོའི་སྡེཿ ་རི་རབ་བཤོས་གཙང་བརྒྱན་དང་བཅསཿ ་འབྲུ་ལུག་སྙིང་རྩེ་ཙཱ་རུའི་དབྱིབསཿ ་དཀར་དམར་བཅུད་ལྡན་དམིགས་ཀྱིས་མཆོདཿ ་ཕ་དང་རྒྱལ་པོ་གྲོགས་དང་ལྷཿ ་མ་དང་རྗེ་ཁོལ་བྲན་ལྟ་བུཿ ་བརྟེན་པ་རང་གི་ཚུལ་ཡིན་ནོཿ ་ཆེ་བཙན་དབང་གི་དངོས་གྲུབ་དངཿ ་ལོངས་སྤྱོད་འཕེལ་ཞིང་མངག་པར་བླངཿ ་རྒྱུད་འཇམ་སྐྱབས་ཆེ་བཀའ་ཉན་ཞིངཿ ་དྲག་རྩལ་ལྡན་ཞིང་སླར་མི་ལྡོགཿ ་ཤིན་ཏུ་ཉེ་བ་ཡོན་ཏན་སྟེཿ ་་་རང་ལ་རྩུབ་ཅིང་འཆའ་བ་དངཿ ་ལོངས་སྤྱོད་མི་འབྱོར་མི་འཕྲོད་དངཿ ་བློ་བུར་ནད་ཀྱིས་གཟིར་བྱེད་ཅིངཿ ་སླར་ལྡོག་བཀྲ་ཤིས་ཉམས་པ་དངཿ ་བསྒོ་བ་མི་ཉན་དོན་མེད་ཅིངཿ ་རང་རྒྱུད་རྩུབ་ཅིང་ཁེངས་པ་དངཿ ་རིགས་རྒྱུད་མ་སྨིན་ཀུན་གྱིས་བརྙསཿ ་བསམས་དོན་མི་གྲུབ་མངའ་ཐང་ཉམསཿ ་རྒྱུད་དོན་སྦས་པ་མ་ཤེས་སྐྱོནཿ ་ཁྲིམས་ཀྱི་བདག་པོ་ལྟ་བུའི་ལྷཿ ་་གནད་ཀྱིས་བཅིང་ཞིང་བསྒྲུབ་པར་བྱཿ ་དབང་ཆེན་ཕ་དང་མཚུངས་པའི་བདུདཿ ་མཚུངས་མེད་གྲོགས་དང་འདྲ་བའི་བཙནཿ ་གནོད་སྦྱིན་ཁྲིམས་ཀྱི་གཙོ་ལྟ་བུཿ ་སྲིན་པོ་སྲོག་ལ་རྒོལ་བའི་གཤེདཿ ་གཟའ་རྒོད་ལག་ཡན་གཞོན་ལྟ་བུཿ ་སྡོང་བུ་དུག་སྦྲུལ་ལྟ་བུ་ཀླུཿ ་མོ་རྒྱུད་དབང་ཆེན་རྗེ་དབོན་མཿ ་མཚུངས་ལྡན་དེ་ཡི་གཉེན་པོས་བསྒྲུབཿ ་ཁུགས་སུ་མ་བཅུག་བསྒོ་མི་ཉནཿ ་སེ་ལོང་གནད་མེད་བདུད་དུ་འགྱུརཿ ་བཅུད་ཕུར་མ་ཐེབས་སླར་ལ་ལྡོགཿ ་རང་གི་རབ་རོལ་མ་བཞར་གཡེལཿ ་ལྟོ་བ་མ་དཀྲུགས་ལས་མི་མྱུརཿ ་ལོག་ནོན་མ་ལྡན་བདག་ཉིད་སྟོབཿ ་དབང་དུ་མ་འདུས་སྒོ་མི་ཉནཿ ་གནད་ཀྱིས་མན་ངག
104.263a
བརྒྱད་ཀྱིས་ནིཿ ་མཆོད་བསྟོད་སྒྲུབས་ཏེ་ཕྲིན་ལས་བཅོལ་ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་ཟབ་པའི་མཆོད་བསྟོད་གནད་ཀྱི་ལེའུ་སྟེཿ ་་་དྲུག་པའོ།། །། དེ་ནས་གཞན་ཡང་རབ་བཤད་བྱཿ ་འཇིག་རྟེན་དྲེགས་པའི་སྡེ་དཔོན་རྣམསཿ ་དྲག་པོའི་ལས་ལ་སྦྱར་བ་ནིཿ ་དུར་ཁྲོད་གདུག་པའི་གནས་དག་ཏུཿ ་རྩ་བའི་བསྙེན་པ་སྔོན་སོང་ནསཿ ་སོ་སོའི་འཐུན་པའི་རྫས་བསར་ཏེཿ ་དྲག་པོའི་ལས་ཀྱི་ཁང་པ་ནིཿ ་ཨེ་དབྱིབས་སུམ་བཅུ་ལྡན་པར་བཤམཿ ་ཕྱི་ནང་གསང་བ་སྐུ་གསུང་ཐུགསཿ ་གནས་བྱིན་བརླབ་དང་བསྐང་དང་མཆོདཿ ་སྤྱི་དང་སོ་སོར་བསྔགས་པ་དགཿ ་རབ་ཏུ་བདེ་བར་འདོད་པས་དམིགསཿ ་གཟུགས་སྒྲ་བསམ་པའི་ནུས་པ་ཡིསཿ ་ལུས་དང་ལུས་ཀྱི་འཕྲུལ་འཁོར་དངཿ ་སྲོག་དང་སྲོག་གི་གཉེན་པོ་ཡིསཿ ་སེམས་དང་སེམས་ཀྱི་ངོ་བོ་ལསཿ ་ཕྱི་ནང་ཀུན་ཏུ་བསྔགས་པ་སྟེཿ ་འཕྲོ་འདུ་འོད་ཀྱིས་དྲང་ཞིང་དགུགཿ ་རང་གཞན་དམིགས་པ་དེ་ལ་སྟིམཿ ་ཤ་ལུས་ཁྲག་སོགས་མ་ལུས་བཟསཿ ་དྲེགས་པའི་སྡེ་དཔོན་སྐུ་གསུང་ཐུགསཿ ་མ་ལུས་མཉེས་པ་འདི་ཡིས་བྱཿ ་གང་ལ་དམིགས་པ་ཚད་ཀྱིས་སྒྲོལཿ ་ཏིང་ངེ་འཛིན་གྱི་བརྟུལ་ཤུགས་ཀྱིསཿ ་བུལ་དང་མྱུར་བའི་བློ་ཡི་སྟོབསཿ ་འདི་ལ་ཐེ་ཚོམ་མི་བྱ་སྟེཿ ་རྡོ་རྗེ་འཆང་ཆེན་གསང་བའི་བཀའཿ ་གལ་ཏེ་འབར་བས་མངོན་སྤྱོད་ཅིངཿ ་མྱུར་དུ་འཕོ་བར་བྱ་བ་ནིཿ ་རྣོ་སྦལ་ཚ་རྩུབ་དྲི་ང་བའིཿ ་ཡམ་ཤིང་གདུག་པས་དབྱིབས་ལྡན་བརྩིགཿ ་རྡོལ་པ་རིགས་ངན་ཤན་པ་དངཿ ་གཡུང་མོ་གྲོགས་བྲལ་ཁྱིམ་གྱི་མེསཿ ་སྦར་ཞིང་དུག་ཁྲག་མངར་བ་ལཿ ་གཟུགས་བརྙན་རྫོགས་པར་ལོངས་སྤྱོད་པའིཿ ་སླར་ཡང་དམིགས་ཏེ་ལྷག་མ་དབུལཿ ་གཙོ་དང་འཁོར་གྱིས་རབ་ཕྱེ་བའིཿ ་དྲག་པོའི་ཚིག་གིས་རབ་ཏུ་བགྲངཿ ་དྲེགས་པའི་བདག་པོ་སོ་སོ་ཡིཿ ་ཆེ་བརྗོད་གནད་དང་བཅས་པ་ཡིསཿ ་སྟབ་ཅིང་སྦྱིན་པ་རིམ་བཞིན་བྱཿ ་དྲང་སྲོང་ཕྲིན་ལས་རྫོགས་པར་བསྐུལཿ ་ཐལ་ཆེན་དང་ནི་དྲག་པོའི་རྫསཿ ་རྨེ་ཁྲག་གསུམ་དང་གསོད་བྱེད་གསུམཿ ་མཚོན་བྲལ་རིན་ཆེན་གསུམ་གྱི་དབྱིགཿ
104.263b
རང་བྱུང་བཀྲ་ཤིས་བཟློག་པའི་རྫསཿ ་ནང་དུ་འདུ་འཕྲོར་སྦྱར་བ་ནིཿ ་སྒྲ་ཚིག་ཏིང་ངེ་འཛིན་ལྡན་པསཿ ་སྟོབས་ཆེན་འཁོར་ལོས་དབབ་ཅིང་འཕངཿ ་དྲེགས་པ་འཁོར་བཅས་ལས་སུ་དམིགསཿ ་གཞན་ཡང་མཆོད་རྫས་གཟུགས་བརྙན་བྱསཿ ་རབ་ཏུ་བསྟན་པའི་དམིགས་པས་བསྟིམཿ ་འགྱུ་གནས་ས་དང་ཆུ་ཕུག་དངཿ ་སྲ་བཤེར་འཐབ་དང་ཕུང་ཤུལ་དངཿ ་རྒྱ་མཚོའི་དབུས་དང་ལམ་པོ་ཆེཿ ་མཚོན་གྱིས་བརྡེགས་དང་རླུང་གི་སྐྱལཿ ་བག་མེད་ལྷུང་ཞིང་མེ་ཆུས་འཇོམསཿ ་ལུགས་ནས་བྱུང་བའི་རྟེན་འབྲེལ་ཏེཿ ་བརྣག་པའི་ཡིད་ཀྱིས་འཛིན་ཕུར་གདབཿ ་གདུག་བྱེད་འཁོར་དང་ཟས་སུ་གཏདཿ ་ཇི་སྲིད་འཁོར་བ་མ་སྟོངས་བརཿ ་ཐར་བར་མི་འགྱུར་ལས་ཀྱི་གིངཿ ་བྱམས་དང་སྙིང་རྗེའི་སེམས་མ་རྟོགསཿ ་འདི་ལྟར་མངོན་པར་སྤྱད་པ་ཡིསཿ ་བསྟན་ལ་རབ་སྡང་ཕྱིར་གྱུར་པའིཿ ་རྗེས་འབྲེང་ལོག་པར་ལྟ་བ་རྣམསཿ ་ཚར་གཅོད་སྒྲོལ་ཞིང་འདུལ་བ་ཡི་ཞེས་བཀའ་སྩལ་ཏོ། ་་།འཇིག་རྟེན་གྱི་སྡེ་དཔོན་ཆེན་པོའི་ཕྲིན་ལས་དྲག་པོའི་ལས་ལ་སྦྱར་བའི་ལེའུ་སྟེ་བདུན་པའོ།། །། དེ་ནས་གཞན་ཡང་གཤད་པ་ནིཿ ་འཇིག་རྟེན་དྲེགས་བ་རང་གི་གནདཿ ་གསང་བའི་སྙིང་པོ་དྲག་ཤུལ་གཟུངསཿ ་ཀུན་བསྡུས་དྲིལ་དང་ཕྱེ་མས་མནནཿ ་བཛྲ་སརྦ་དུཥྚཱནཿ ་ཨེ་ཀ་པ་ར་ཨསྟ་ན་ཡཿ ་མ་ཧེ་ཤཝ་ར་དེ་བ་དེ་བིཿ ་དུ་ཕྲག་དུན་ཏིང་མ་ཡཿ ་པྲེ་ཏ་བི་ཀྲྀ་སྟ་ན་རཀྵ་རཀྵོ་ཡཀྵ་ཀྵི་ཏཿ ་བིཥྚི་པ་ཏྲ་ཨ་སེ་ལ་ཛ་ནཱ་ག་གུ་ལིང་ཤ་ཛཿ ་ཙ་དུ་ཏྲི་ཙ་ར་ཙ་ལ་མ་དུ་ཏྲིཿ ་མ་མ་རུ་ལུ་མནྟྲ་རཱ་ཛ་དུ་མ་ཏིཿ ་མ་ཀཱ་ལ་རུ་ཏྲ་ཏཱིཀྵྞ་ཏིརྠི་ཀ་ཐཿ ་ཨ་བྷི་ཤུ་ཏྲི་པ་ཤ་ལི་ཧཾ་ཤཾ་ཏྲི་ཛཿ ། རཱ་ཛ་གིངྐ་རཿ ་ས་དུ་ཏྲི་ནཱ་ཐ་ཀཱ་ལ་ཨཱ་གཙྪ། ་ཧྲིང་ཧྲིང་ཛཿ ་་བོད་པའི་སྔགས་སོ། །བཛྲ་སརྦ་དུཥྚཱན་ཨེ་ཀ་པ་ར་སརྦ་པཉྩ་ཨ་མྲྀ་ཏ་ཨ་གཙྪ། བ་ལིནྟ་གྲྀཧྞ་ཨི་མཾ་ཏ་གྲྀཧྞནྟུ་མ་ཧཱ་ག་ཎ་པཱུ་ཛ་ཁ་ཁ་ཁཱ་ཧི་ཁཱ་ཧི། འདི་དག་སྦྱར་བས་མཆོད་པར་འགྱུརཿ ་སརྦ་ཨཱ་ཡུ་མི་ཏྲ་སིདྡྷི་པུ་ཏྲ་བརྟ་ནི་སིདྡྷི་པུ་ཏྲ་བ་ཧུ་བྷ་དྲ་བཱ་སུ་དྷ་ར་རཏྣ་རཏྣ་པུཥྚི་སིདྡྷི། ་མ་ཧཱ་ཛྙཱ་ན་སརྦ་དྷརྨ་གརྦྷ་ཀཱ་ཡ་བཱ་ཀྩིཏྟ་སིདྡྷི་སིདྡྷིཿ ་ཕ་ལ་སིདྡྷི་མ་ཧཱ་སིདྡྷི་ཨ་བེ་ཤ་ཡ་ཨཿ ་ཧ་ཧ་ཧི་ཧོཿ ་རབ
104.264a
ཏུ་སྦྱར་བས་དངོས་གྲུབ་བླངཿ ་སརྦ་ཤ་ཏྲུཾ་ཡཀྵ་རྦད་རྦད་བྷྱོ་བྷྱོ། འདི་ཡིས་རབ་ཏུ་རྦད་པར་བྱཿ ་ནརྀ་ཧུར་ཐུཾས་ཛཿ ཛཿ ་་ཤ་ཏྲུཾ་ཙིཏྟ་མཱ་ར་ཡ་རྦདཿ ་རཱུ་པ་ཡ་ཀནྡ་རྦུད་རྦུད་ཕཊ་ཕཊ་མཱ་ར་མཱ་ར་ཐུཾས་ཐུཾསཿ ་་ཧ་ན་ཧ་ནཿ ་ད་ཧ་ད་ཧཿ ་པ་ཙ་པ་ཙ། ་ཏིཥྛ་ཏིཥྠ། ་ཐུན་རྦད་ཐུན་རྦད། ་འདི་ཡིས་དམིགས་པ་རབ་ཏུ་གསདཿ ་མ་མཱ་ར་ཡ་ཕྲི་པྲེ་ཏ་ཀ་ཧྲིང་ཧྲིངཿ ་ཏྲི་ཤ་ཕཱ་ལི་རུ་པ་ཡ། ་བིནྡྷ་བིནྡྷ། ཧུ་ལུ་ཧུ་ལུ། ་རྦད་ནཱན་ལཾ་ནཱན།[་\ུ0f00]་ནཱན་ཧཱུཾ་ནན། ་་སྟཾ་བྷ་ཡ་སྟཾ་བྷ་ཡ་ནཱན་ཞེས་པ་ཡིས་ནི་མནན་བར་བྱཿ ་སརྦ་མཱ་ར་ཧ་ཀ་རཾ་རཾ། ་ཛྭ་ལ་རཾ་ཛྭ་ལ་རཾ། ་སྥོ་ཊ་ཡ་སྥོ་ཊ་ཡ། ་ཧོ་ཧ་ཡ་ཧོ་ཧ་ཡ། ་རཾ་ཙ་ཡ་རཾ་ཀུ་ཡ་ཞེས་པས་མ་ལུས་བསྲེག་པར་བྱཿ ་མཱ་ར་ཤ་ཏྲུཾ་ཐུན་བྷྱོ་ཐུམ་རིལ་བྷྱོ་ན་ཏེ་ཐུན། ་་ཨཱ་བེ་ཤ་ཡ་བྷྱོཿ ་དམིགས་པ་འདི་ཡིས་འཕང་བར་བྱའོ། བཛྲ་ཨུཙྪ་ཊ་ཡ་ཕཊ་ཨ་གྲི་སརྦ་བྷྱོ་བཟློགཿ ་ས་མ་ཡ་རྦད་ས་མྱགས་བཟློག ། ་་ཕ་རོལ་ནུས་པ་འདི་ཡིས་བཟློག ། ་་མ་ཧཱ་བྷ་རི་ཤ་ཡ། ཨ་བྷེ་ཤ་ཡེ་པྲ་ཙ་ཡ། ཡ། བེ་བེ་རྩ་ཡ་བེ་ཙ་ཡ་ཞི་བས་ལུགས་དབྱུང་ཆུ་དབབ་པའོཿ ་ནཱ་ག་གྲ་ཧེ་བི་ཙ་ཡ་ཕྲོཾ་ཕྲོཾ་ཧྲིལ་ཧྲིལ། ་ཤར་ཤར། ་་རཾ་ན་ཙག་ནེ་ཕྲོཾ་ཧྲིལ་ཤར་ཤར་ཕོབ་ཕོབ། ་་དྲག་པོས་བཟློག་ཅིང་སྟབ་པའོཿ ་མ་ཧཱ་ཤཱནྟིཾ་པུཥྚིཾ་ཝ་ཤྱཾ་ཀུ་རུ་མཱ་ར་ཡ་ཛ་ཡ་ཀརྨ་མ་ལི་ཨ་མུ་ཀི་སིདྡྷི་སུ་སིདྡྷི་ཀར་སཝ་སྟི་སཝཱ་ཧཱ། ཕྲིན་ལས་ཐམས་ཅད་རབ་སྒྲུབ་པ་ཡིཿ ་་་འཐུན་པའི་རྫས་དང་ཏིང་འཛིན་གྱིསཿ ་ལས་ཀྱི་ཁྱད་པར་སོ་སོར་དབྱེཿ ་་གནས་སྒྱུར་དང་ནི་གྲུབ་པའི་མཐའཿ ་སྙིང་རྗེ་བྱམས་པས་རང་བསྐུལ་ཞིངཿ ་ཀུན་ཏུ་ཁྱབ་པའི་མཆོད་སྦྱིན་བྱཿ ་ཞི་དང་རྒྱས་དང་དབང་དུ་བྱཿ ་དྲག་བོས་སྒྲལ་ཞིང་ཚར་གཅོད་པའིཿ ་ལས་ཀུན་རང་གཞན་དོན་དུ་སྤྱདཿ ་འཇིག་རྟེན་གནས་ཤིང་སྲོག་དང་སྙིངཿ ་ཡི་གེ་གསལ་བར་རང་འབྱུང་གནསཿ ་མངོན་དུ་རྒྱུ་བ་ཐུགས་ཀ་སྟེཿ ་རིང་ཐུང་ཕོ་མོ་ཁྲག་དང་དུསཿ ་ཆགས་སྡང་སྙིང་སྲོག་སྙིང་རྗེ་གཙེརཿ ་རྡོ་རྗེ་པདྨ་རླུང་དང་གནསཿ ་ཐབས་དང་ཤེས་རབ་ཆོས་ཅན་དངཿ ་ཆོས་ཉིད་ལས་དང་འབྲས་བུ་ཡིསཿ ་མི་འཆང་གནད་འཚང་བོད་དང་དྲངཿ ་གྲོགས་དང་ལྡན་པས
104.264b
ལས་ལ་སྦྱར་ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་ལས་སྣ་ཚོགས་ཀྱི་རྩ་བའི་སྙིང་པོ་གནད་ཀྱི་ལེའུ་སྟེཿ ་་བརྒྱད་པའོ།། །། དེ་ནས་ཡང་དག་བཤད་བྱ་བཿ ་འཇིག་རྟེན་དྲེགས་པའི་གཙོ་ཆེན་རྣམསཿ ་ཚུལ་བཞིན་རབ་ཏུ་བསྒྲུབས་པ་ཡིསཿ ་གྲུབ་ཅིང་ཉེ་བའི་རྟགས་རྣམས་ནིཿ ་ཉམས་དང་རྦད་རྟགས་རྨི་ལམ་རྟགསཿ ་འདི་ལ་སོ་སོར་འབྱུང་འགྱུར་ཏེཿ ་དགའ་ཞིང་མདངས་ལྡན་སྟོབས་རྙེད་དངཿ ་བདེ་དང་རྟོགས་པ་སྤྲོ་བསྐྱེད་ཅིངཿ ་མངོན་རྒྱུ་ཡིད་ཀྱིས་གདེང་ཐོབ་ཀྱིསཿ ་ཉམས་ང་བག་ཚ་དོགས་མེད་ཅིངཿ ་ནུས་ལན་ཕྲིན་ལས་མཐར་ཕྱིན་རྟོགསཿ ་འདི་དག་ལ་སོགས་རིམ་པར་འབྱུངཿ ་ལུས་འཇམ་དབུགས་ཀྱིས་མི་གནོད་ཅིངཿ ་ཡང་ཞིང་བརྟན་ལ་ཁྱད་པར་དགའཿ ་ནད་དང་གདོན་གྱིས་བརྫི་མི་ནུསཿ ་འབྱུང་བའི་ནུས་པས་མི་སྐྱོད་ཅིངཿ ་ཁ་དོག་དང་ལྡན་སྡུག་ཅིང་མཛེསཿ ་འདི་ལ་སོགས་པ་ལུས་འབྱུང་གདའཿ ་ཇི་ལྟར་བསྒོ་བ་བཞན་གྱིས་འཛིནཿ ་རང་དང་སངས་རྒྱས་རྣམས་ཀྱིས་གསུངསཿ ་འཐུན་པའི་ཚུལ་གྱིས་མི་དོར་ལཿ ་སྙན་དང་མི་སྙན་ཅི་བརྗོད་རྣམསཿ ་ཚངས་པ་ཡི་དབྱངས་བཞིན་དུ་འོངཿ ་གྲག་ཐོས་ཙམ་གྱིས་དབང་དུ་བྱེདཿ ་ཚུལ་མཛེས་འཇུག་པ་དག་གི་བརྡཿ ་གང་ལ་བརྩམས་པ་དེ་འགྲུབ་ཅིངཿ ་མ་ཞུམ་མི་སྤོར་མི་འདོར་བསཿ ་དབང་དང་ལྡན་ཞིང་མི་གཡོ་ལཿ ་གསང་བའི་མཐུ་སྟོབས་རབ་ཏུ་ཐོབཿ ་ཡིད་ཀྱི་ཡུལ་དུ་བརྡ་འབྱུང་བའིཿ ་སྔ་ཕྱི་དེ་མ་ཐག་པའོཿ ་བག་ཆགས་མ་ཡིན་རྨི་ལམ་ནིཿ ་་རྒྱལ་པོ་མཁན་པོ་སློབ་དཔོན་དངཿ ་ཆེ་བཙན་རིགས་ལྡན་བརྒྱན་བཅས་ལྡནཿ ་གཅན་ཟན་འདབ་ཆགས་དུད་འགྲོ་དངཿ ་སྐྱེས་བ་བུད་མེད་བུས་པ་སོགསཿ ་རང་གི་གནས་སུ་ལྷགས་པ་ནིཿ ་ཉེ་བར་འགྲུབ་པའི་རྟགས་ཡིན་ནོཿ ་བྲན་འབངས་མངག་པའི་ཚུལ་འཆང་ཞིངཿ ་བཀའ་བསྒོ་ལས་བྱེད་ཉན་པ་བརྟགསཿ ་རིང་བའི་གནས་ནས་གླུ་ལེན་ཅིངཿ ་རྒྱང་མིག་བལྟ་བ་གཡེལ་བའི་རྟགསཿ ་རང་ལ་ཆད་པའི་ལས་རྩོམ་ཞིངཿ ་ཉེས་ལན་འདེད་པ་བཟློག་པའི་རྟགསཿ ་ཟས་སྐོམ་འདོད་ཅིང་འཁྲིག་ལན
104.265a
བསྙགཿ ་རང་ཉིད་གནོད་འགྱོད་མ་སྐོངས་རྟགསཿ ་འཇོམ་ཞིང་དུད་མོས་འདེབས་བྱེད་པཿ ་མ་དག་ལུས་སྣང་ཉམས་པའི་རྟགསཿ ་རང་གི་བསྒོ་བ་མི་ཉན་ཞིངཿ ་སླར་ཞིང་ཚུར་ལ་འཁོལ་འདོད་པཿ ་གཉེན་པོས་དབང་དུ་མ་གྱུར་རྟགསཿ ་མཚོན་ཆ་བརྡུང་ཞིང་ཚད་མ་ལྡནཿ ་ནུས་མེད་བྱ་བ་མི་འགྲུབ་པསཿ ་སྔགས་ཀྱི་ནུས་པ་མ་གྲུབ་རྟགསཿ ་གཞན་འདོད་རང་ལ་མེད་པ་དངཿ ་རང་གི་ཡོད་པ་འདོད་མེད་རྣམསཿ ་མཆོད་བཀང་ཐུན་རྫས་མ་ཚང་རྟགསཿ ་ཤ་རུས་ཁྲག་སོགས་ལོངས་སྤྱོད་ཅིངཿ ་ངོ་མཐོན་རབ་ཏུ་ཆེ་བ་ནཿ ་ལས་བྱས་འགྲུབ་པའི་རྟགས་ཡིན་ནོཿ ་ཕ་རོལ་དམག་ཚོགས་མ་བྱུང་ཞིངཿ ་སྒོ་མེད་ཁང་པར་བདག་ཞུགས་ལཿ ་ངན་སྔགས་གཞན་གྱིས་བཟློག་པའི་རྟགསཿ ་བྱེ་བྲག་སྡེ་བརྒྱད་སོ་སོ་ནིཿ ་མི་དང་དུད་འགྲོ་འདབ་ཆགས་སོགསཿ ་ཕོ་ཚོགས་ནག་པོ་བདུད་ཀྱི་རྟགསཿ ་མོ་ཚོགས་བརྒྱན་བཟང་མ་མོ་སྟེཿ ་ཆེ་བཙན་འབག་སེང་གཙུག་ལག་ཁངཿ ་བུས་པ་སྤྲ་སྤྲེ་རྒྱལ་པོའི་རྟགསཿ ་མི་རྟ་ཁྲ་སྤྱང་རི་དགས་ནིཿ ་བྲག་བཙན་རི་བཙན་རྟགས་ཡིན་ནོཿ ་ཆུ་གནས་དུད་འགྲོ་ཀླུ་ཡི་རྟགསཿ ་མ་ཧེ་ར་ལུག་མིག་མདངས་དངཿ ་མུན་པ་བུ་ཡུག་གཟའ་ཡི་རྟགསཿ ་སྐྱེས་པ་ཆས་བཟང་འབྱོར་པ་ཅནཿ ་རི་མཚོ་ལ་གནས་གནོད་སྦྱིན་རྟགསཿ ་ཉ་པ་ཤན་བ་བྱ་པ་དངཿ ་དམག་གི་གོ་མཚོན་སྲིན་པོའི་རྟགསཿ ་འདི་དག་སྔར་བཤད་བཟང་ངན་སྦྱརཿ ་བྱེ་བྲག་སྒྲུབ་པའི་རྟགས་སུ་འགྱུར་ཞེས་བཀའ་སྩལ་ཏོ། །འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་བསྒྲུབ་པའི་རྟགས་ཀྱི་ལེའུ་སྟེ་དགུ་པའོ།། ་་་།། དེ་ནས་གཞན་ཡང་རབ་བཤད་པཿ ་དྲེགས་པ་ཅན་གྱི་ཁྱད་པར་རྫསཿ ་མཛེས་པའི་གཟུགས་བརྙན་སྐུ་ཡི་རྟེནཿ ་མིང་ནས་བོད་པ་གསུང་གི་རྟེནཿ ་ཕྱག་མཚན་དམ་པ་ཐུགས་ཀྱི་རྟེནཿ ་ལུག་གཡག་དཀར་པོ་སྦལ་སྦྲུལ་ཉཿ ་གླང་རྟ་སྔོན་པོ་རིན་པོ་ཆེཿ ་གཡུལ་བཤམས་མྱུར་བསྒྲལ་བྱ་གཅན་དངཿ ་རྣེལ་བུ་ཤེལ་ནག་བྱ་ནག་དངཿ ་རྟ་ལུག་ཁྱི་དང་རྒོད་གནག་དངཿ ་ར་ཕག་བྱ་ཁྱི་དཀར་པོ་དངཿ ་ཀླ་ཀློ་ར་རོག་དོམ་ཁྱི་གནགཿ ་སྦྲུལ་ནག་བྱ་རྒོད་ར་སྐྱེས་དངཿ ་རྟ་ར་བྱ་ཁྱི་དམར་པོ་ཡིཿ ་སྙིང་ཁྲག་མགོ་དང་རྒྱལ་མཚན་ནིཿ ་ལྷ་ཀླུ་གནོད་སྦྱིན
104.265b
སྲིན་པོ་དངཿ ་མ་མོ་བདུད་དང་རྒྱལ་པོ་གིངཿ ་གཤིན་རྗེ་གཟའ་དང་བཙན་རྣམས་ཀྱིཿ ་རིམ་བཞིན་སོ་སོ་བརྟེན་པའི་རྫསཿ ་རབ་ཏུ་གསང་བ་ཉིད་ཡིན་ནོཿ ་ཨེ་ལྡན་གདུག་བཅས་རྒྱུད་མེད་ཀྱིཿ ་ཐོད་པ་མཚོན་ཆ་ཕུར་པ་དགཿ ་དུག་ཁྲག་རིན་ཆེན་དྲག་པོའི་འབྲུཿ ་ཀུན་ཚོགས་རབ་ཏུ་གསང་བའི་རྫསཿ ་གྲུ་བཟུང་སྣོད་ནི་ཤ་ཁྲག་བཅསཿ ་རུ་བཟངས་རིགས་མེད་མྱུར་སོང་ཆུཿ ་མྱུ་གུ་སྣ་ཚོགས་དྲི་ལྡན་རྫསཿ ་ཆུ་དྲག་དཔའ་རབས་དུད་པའི་རྫས་ཡིན་ནོཿ ་མཆོད་རྟེན་རི་རབ་རྒྱ་གྲམ་བཅསཿ ་རྨེ་རྫས་རིས་ངན་མགོ་བོ་གསུམཿ ་དམིགས་པའི་འབབ་རྫས་པདྨ་ནིཿ ་སླར་ལ་བཟློག་པའི་རྫས་ཡིན་ནོཿ ་ནད་གདུག་བཾ་རིལ་མགོ་རྐང་རྣམསཿ ་རབ་ཏུ་མནན་པའི་རྫས་ཡིན་ནོཿ ་དུག་ཁྲག་ཚོགས་དང་མཚན་མ་ངནཿ ་དམིགས་པའི་བརྟེན་ལ་འཕང་བའི་རྫསཿ ་ངན་པའི་ས་ཡི་རྟེན་ཁང་དངཿ ་གདུག་ཅིང་རབ་ཏུ་ཚ་བའི་ཤིངཿ ་འབྲུ་ནག་དུག་ཁྲག་སྲེས་པའི་རྫསཿ ་གཞན་ཡང་དབང་ཅན་དྲེགས་པའི་འཁོརཿ ་སོ་སོའི་རིགས་དང་སྡེར་བཅས་པའིཿ ་འཐུན་དང་མི་མཐུན་གཙང་དང་རྨེཿ ་་བསྔགས་པའི་ཀུན་རྫས་ཤེས་པར་འགྱུརཿ ་མ་འོངས་དུས་ན་རྡོ་རྗེ་འཆངཿ ་རང་གི་རིག་འཛིན་བྱང་ཆུབ་སེམསཿ ་བརྟུལ་ཞུགས་ཅན་གྱིས་འགྲུབ་པ་ཡིསཿ ་དབུས་དང་མཐའ་འཁོབ་ཡུལ་རྣམས་དངཿ ་སངས་རྒྱས་ཞིང་གི་འཇིག་རྟེན་ཁམསཿ ་ཀུན་ནས་སྡེ་དཔོན་གཡོག་བཅས་པའིཿ ་ཡིད་དང་དངོས་པོའི་ལུས་ཅན་རྣམསཿ ་ཁམས་དང་རིགས་པ་བསམ་པ་དངཿ ་སྐྱེད་པ་བརྟེན་གནས་ཡོ་བྱད་དངཿ ་མ་ལུས་རྫོགས་པར་རབ་ཏུ་རྟོགསཿ ་ཤེས་ལྡན་མིག་ཅན་རྣམས་ལ་སྟོནཿ ་དེ་ཚེ་དྲེགས་པའི་གཙོ་ཆེན་རྣམསཿ ་ད་ལྟ་ང་ཡིས་གདམས་པ་ཡིནཿ ་ཡང་དག་དོན་ལ་མ་འདའ་ཅིགཿ ་ཁྱེད་རྣམས་ཀྱང་ནི་དུས་ནམ་ཞིགཿ ་ལས་ཀྱི་གནས་ངན་ལེན་སྤངས་ཏེཿ ་བྱང་ཆུབ་ས་ལ་མྱུར་འགྲོ་ཡིསཿ ་དེ་བས་བཀའ་ཡི་དམ་མནོས་ལཿ ་ཇི་ལྟར་དམིགས་པ་བཞིན་སྒྲུབས་ཤིངཿ ་གསང་ཆེན་ང་ཡི་བསྟན་པའི་ཚུལཿ ་ཕྱི་རོལ་ཕྱོགས་ལ་སོགས་པ་ཡིསཿ ་ཉམས་ཤིང་རྨས་པར་མི་འགྱུར་བསཿ ་རྒྱས་ཤིང་བསྟན་པར་ཁྱོད་ཀྱིས་བྱོསཿ ་ཞེས་བཀའ་སྩལ་ཏོཿ ་འཇིག་རྟེན་གྱི་སྡེ
104.266a
དཔོན་ཆེན་པོའི་རྟེན་རྫས་དང་ལས་ཀྱི་གཉེར་བསྒོ་བའི་ལེའུ་སྟེ་བཅུ་པའོ།། ་་་།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་བདག་ཉིད་གསང་བ་ཆེན་པོའི་སྐུའི་རྣམ་པར་རོལ་པ་ཆེན་པོ་དེ་དག་ཉིད་ཀྱི་སྐུ་ལ་རབ་ཏུ་བསྡུས་པ་མཛད་དེཿ ་་་དགྱེས་པའི་གསུང་གིས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀྱེ་མ་འདུས་པའི་འཁོར་ཚོགས་རྣམསཿ ་བདུད་དང་གཤིན་རྗེ་ལ་སོགས་པའིཿ ་འཇིག་རྟེན་དབང་ཆེན་གཙོ་ཆེན་རྣམསཿ ་མཐར་ཐུག་མྱ་ངན་འདས་ནས་ཀྱངཿ ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིཿ ་སྟེན་པའི་མཐའ་ཚིགས་སྒྲུབ་པ་དངཿ ་རྣལ་འབྱོར་ལམ་གྱི་གྲོགས་མཛད་ཕྱིརཿ ་དྲག་པོའི་སྐུ་གསུང་ཐུགས་ཉིད་དངཿ ་ཡོན་ཏན་འཕྲིན་ལས་སྣ་ཚོགས་སྟོནཿ ་ཕྱི་མའི་དུས་ན་རིག་པ་འཛིནཿ ་སྐྱེས་བུ་བརྩོན་ལྡན་རྣམས་ཀྱི་ནིཿ ་གཉིས་སུ་འཛིན་པར་ཡོང་མི་བྱཿ ་ཡུལ་སྣང་ཕྱི་ནང་མ་ལུས་ཀུནཿ ་རང་རིགས་སེམས་ཀྱི་རྒྱལ་པོར་བསྒྲུབཿ ་དེ་ནི་མ་བཅོས་ཡུལ་མི་བྲལཿ ་མ་ཆད་མ་ལྷུང་བདག་པོ་མེདཿ ་གཉིས་མེད་མཉམ་ཉིད་ལྷུན་གྱིས་གྲུབཿ ་ངེས་འགྱུར་སྤང་བླང་རྩོལ་སེམས་བྲལཿ ་མ་ལུས་རྩ་བ་སྙིང་གི་སྲོགཿ ་་དེ་ཉིད་ཤེས་བྱ་རབ་ཏུ་བླངཿ ་་་དབང་གི་རྒྱལ་པོ་འཆར་བར་འགྱུརཿ ་གལ་ཏེ་ང་དང་དྲེགས་པ་ཅནཿ ་སོ་སོ་རང་རྒྱུད་ལྡན་པ་ཡིསཿ ་གཉིས་འཛིན་ཡིད་ཀྱི་རྟོགས་སྤྱོད་ཅིངཿ ་མཚན་མར་རབ་ཏུ་སྒོམ་བྱེད་པརཿ ་རྐང་མེད་ཁམས་གསུམ་སྒྲོད་འདོད་ཅིངཿ ་མིག་མེད་སྟོང་གསུམ་བལྟ་དང་མཚུངསཿ ་བདུད་བཞི་དགའ་བ་སྐྱེད་པར་བྱེདཿ ་དེ་བས་རིགས་མཆོག་མ་རྣམས་ཀྱིསཿ ་གསང་བདག་ང་ཉིད་ཤེས་པར་གྱིས་ཞེས་བཀའ་སྩལ་ནསཿ ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ཆོས་ཉིད་དེ་བཞིན་ཉིད་སྤྲོས་དང་དྲལ་བའི་དབྱིངས་སུ་ཐིམ་པར་མཛད་དོཿ [་\ུ0f7f]འཇིག་རྟེན་གྱི་སྡེ་དཔོན་ཆེན་པོ་འཁོར་དང་བཅས་པ་ཆོས་སྐུ་མཐར་ཐུག་ཏུ་སྒྲུབ་པར་གདམས་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དྲེགས་པ་ཅན་གྱི་སྡེ་དཔོན་འཇིག་རྟེན་མཆོད་བསྟོད་སྒྲུབ་པ་རྩ་བའི་རྒྱུད་ཞེས་བྱ་བ་རྫོགས་སྷོ།། །། མངྒཱ་ལཾ།། །། #