rKTs


J805

(e-text produced by ADARSHA)

see text in transliteration
106.161b
རྒྱ་གར་སྐད་དུ། ཨཱརྱ་མ་ཧཱི་མརྡེན་དྲ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སའི་དབང་པོ་ཆེན་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་འོད་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་ས་ལ་ཆེན་པོ་ལྟ་བུའི་གནས་ལྷ་དང་ལྡན་པ་ན་བཞུགས་ཏེ། དེ་ནས་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་ས་ལ་ཆེན་པོ་ལྟ་བུ་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན
106.162a
འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་འོད་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འདུག་ནས་བྲམ་ཟེ་སའི་དབང་པོ་ཤིང་ས་ལ་ཆེན་པོ་ལྟ་བུས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་འོད་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ལགས་ན། གང་གིས་བདག་སྐྱེ་བ་དྲན་པར་འགྱུར། བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་བརྗེད་པར་མི་འགྱུར་བའི་ཐབས་དེ་བཅོམ་ལྡན་འདས་ཀྱིས་བདག་ལ་ལེགས་པར་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་འོད་ཀྱིས་བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་ས་ལ་ཆེན་པོ་ལྟ་བུ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་བུ་ཁྱོད་གལ་ཏེ་དེ་ལྟར་སྨོན་ན་དེའི་ཕྱིར་ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་ཟུང་ཤིག་།ཆོངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་གང་ཞེ་ན། ཏདྱ་ཐཱ། ཨ་མོ་ད་ནི། པྲ་མོ་ད་ནི། བི་མོ་ད་ནི། སཾ་མོ་ད་ནི། པྲི་ཡང་ཀ་ར་ཎི། ཤྲཱ་ཀ་ར་ཎི། ཤྲཱ་ཀ་ར་ཎི། བོ་དྷི་ཀ་ར་ཎི། ཨ་ནུད་ཏ་ར་སྱན་སམྱཀ་སཾ་བུད་དྷ་ཀ་ར་ཎི། ཨ་ནུད་ཏ་ར་ཨཱརྱ་ཀ་ར་ཎི། ཨ་ནུད་ཏ་ར་པྲཛྙ་ཀ་ར་ཎི། ཨ་ནུད་ཏ་ར་བ་ཤཱི་ཀ་ར་ནི། ཨ་ནུད་ཏ་ར་སརྦ་ཀླེ་ཤོ་།པ་ཀླེ་ཤ་བི་དྷཱ་ར་ཎི། ཨ་བ་དྱཱ་ན་དྷ་ཀ་ར་བི་དྷ་མ་ནི། ཨ་ནུད་ཏ་ར་བིདྱཱ་ཨ་ལོ་ཀོད་པཱ་ད་ནི། ཨ་ནུད་ཏ་ར་ཤཻ་ཀྵ་ཤི་ལ་བིདྱཱ་ཙ་ར་ཎ། བི་མུག་ཏི་གུ་ཎ་ག་ཎ། སཾ་བྷ་དྷ་ནི། ཨ་ནུད་ཏ་ར་སརྦ་ཀུ་ཤ་ལ་མཱུ་ལོད་ད་བྷོ་ད་ནི། ཨ་ནུད་ཏ་ར་བྷོ་ན་མཱུ་ལ་ནི། ཨ་ནུད་ཏ་རཱ་ར་ག་དོ་ཥ་མོ་ཧ་ན་མཱུ་ལ་ནི། ཨ་ནུད་ཏ་ར་ཤཻ་ཀྵ་མ་ན་ཨ་བི་དྱཱ། ཨན་ཏ་ཀ་རཱ། ་བི་དྷ་མ་ནི། ཨ་ནུད་ཏ་རཱ་སཱི་ཨ་པྲ་ཏི་ཧ་ཏ་བ་ལ་ཙཀྲ། ཨ་ནུད་ཏ་རཱ་སརྦ་ལཱ་ར་བ་བི་དྲཱ་མ་ནི། ཏྭཾ་ཧི་བྷ་དྲེ། ཨ་ནུད་ཏ་རཱ་བ་ལ་བྷ་དྲ། སུ་བྷ་དྲ། ཤྲཱི་བྷ་དྲ། ཨ་ནན་ཏ་བྷ་དྲ། ས་མན་ཏ
106.162b
བྷ་དྲ། ཨ་ས་མ་ས་མ་བྷ་དྲ། ཨ་ནུད་ཏ་ར་མ་ཧཱ་པུ་རུ་ཥ་བྷ་དྲ། ཨ་ནུད་ཏ་ར་མ་ཧཱ་པུ་རུ་ཥ་སེ་པི་ཏཱ། ཨ་ནུད་ཏ་ར་མ་ཧཱ་པུ་རུ་ཥ་ཨ་ནུ་བརྟ་ནཱི། ཨ་ནུད་ཏ་ར་མ་ཧཱ་པུ་རུ་ཥ་དྷརྨ་དེ་ཤི་ཀཱ། ཨ་ནུད་ཏ་ར་མ་ཧཱ་པུ་རུ་ཥ་དྷརྨ་ཀོ་ཥ། སཾ་བཱ་ཀཱ། ཨ་ནུད་ཏ་ར་མ་ཧཱ་པུ་རུ་ཥ་ནིརྦཱ་ཎ། ཨ་ནུད་པྲ་ཏ་ར་ཤི་ཀཱ། ཏྭང་ཧི་བྷ་དྲེ། གང་ག་སི་ཏ་པཀྵུ་སམྱཀ་སཾ་བུད་དྷེ་ཨ་སེ་བི་ཏཱ། བྷཱ་བི་ཏཱ། ་་བ་ཧུ་ལཱི་ཀྲོ་ཏ། སྟུ་ཏ། པྲ་ཤསྟ། བུ་འདི་ནི་ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་ཡིན་ཏེ། དེ་བས་ན་བུ་ཁྱེད་ཀྱིས་ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་འགྲོ་བ་དང ། འགྲེང་བ་དང ། འདུག་པ་དང ། ཉལ་བ་ན་ཡང་ཡིད་ལ་གྱིས་ཤིག་།བུ་གང་ལ་ལ་ཞིག་ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་མིང་དང ། རིགས་དང ། རིགས་ཀྱི་བྱེ་བྲག་གང་ཡིད་ལ་བྱེད་དམ། སྐྱེས་པའམ། བུད་མེད་དམ། ཁྱེའུ་འམ། བུ་མོའམ། ལྷའམ། ལྷ་མོའམ། ཀླུའམ། ཀླུ་མོའམ། དྲི་ཟའམ། དྲི་ཟ་མོའམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོའམ། མི་འམ་ཅིའམ། མི་འམ་ཅི་མོའམ། ལྟོ་འཕྱེ་ཆེན་པོའམ། ལྟོ་འཕྱེ་ཆེན་མོའམ། ཡི་དགས་སམ། ཡི་དགས་མོའམ། ཤ་ཟའམ། ཤ་ཟ་མོའམ། གྲུལ་བུམ་མམ། གྲུལ་བུམ་མོའམ། ལུས་སྲུལ་པོའམ། ལུས་སྲུལ་མོའམ། ཀུན་དུ་འོད་ཀྱི་རིག་སྔགས་ཀྱི་སྙིང་པོ་འདི་འཆང་ངམ། ཀློག་གམ། ལུང་འབོག་གམ། སྟོན་ཏམ། འཆད་ན་དེ་ཚེ་རབས་བདུན་གྱི་བར་དུ་ཚེ་རབས་དྲན་པར་འགྱུར་རོ། །དེ་ཇི་སྲིད་འཁོར་གྱི་བར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་སེམས་མི་བརྗེད་པར་འགྱུར་རོ། །ལྷར་གྱུར་ཀྱང་རུང་མིར་གྱུར་ཀྱང་རུང་སྟེ། དེ་མཚོན་ཆའམ། དུག་གམ། ཆུའམ། མེས་བར་མ་དོར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཐའ་ཡས་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །
106.163a
བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འཆི་མེད་འོད་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། ། བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་ཆེན་པོ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མཉམ་པ་མེད་པ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་མི་མཉམ་པ་དང་མཉམ་པ་རྒྱལ་བ་འོད་སྲུང་གི་རིགས་དང་བཅས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་དྲང་སྲོང་ཆེན་པོ་འོད་སྲུང་གི་རིགས་དང་བཅས་པ་བདུན་པོ་དེ་དག་ལ་ཕྱག་འཚལ་ལོ། །ཞི་བའི་དབྱིངས་སུ་ཞུགས་པ་འཁོར་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྲམ་ཟེ་སའི་དབང་པོ་ཆེན་པོ་ཤིང་ས་ལ་ཆེན་པོ་ལྟ་བུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ། །འཕགས་པ་སའི་དབང་པོ་ཆེན་པོ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། སྐར་ཞུས།།