rKTs


J839

(e-text produced by ADARSHA)

see text in transliteration
106.260b
༄#། ་།རྒྱ་གར་སྐད་དུ། ཨཱརྱ་ཙཱུ་ཌ་མ་ཎི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། འཕགས་པ་ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་ཡས་པ་མ་ལུས་པར་ཁྱབ་པ་མཆོག་ཏུ་རྨད་དུ་བྱུང་ཞིང་རྣམ་པར་དག་པའི་ཐུགས་མངའ་བ་རྣམས་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ། མི་འཇིགས་པ་སྦྱིན་པ། ཕོངས་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པར་མཛད་པ། འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་པར་མཛད་པ། ཡམས་ཀྱི་ནད་དང ། གནོད་པ་ཐམས་ཅད་འཇིག་པར་མཛད་པ། མི་མཐུན་པ་དང ། རྩོད་པ་དང ། འཐབ་པ་དང ། འགྱེད་པ་ཐམས་ཅད་རབ་ཏུ་ཞི་བར་མཛད་པ། སྡིག་པ་ཐམས་ཅད་འཇིག་པར་མཛད་པ།
106.261a
འབྱུང་པོ་དང ། རོ་ལངས་དང ། གཤིས་ངན་དུ་འཆི་བ་དང ། རྨི་ལམ་ངན་པ་དང ། བགེགས་ཀྱི་ལོག་འདྲེན་ཐམས་ཅད་འཇིག་པར་མཛད་པ། ཕ་རོལ་གྱི་དམག་ཚོགས་དང ། མུ་གེ་དང ། མྱ་ངན་གྱི་འཇིགས་པ་ཐམས་ཅད་བཟློག་པར་མཛད་པ། ལྷ་དང་ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་འདུན་པར་མཛད་པ། དུག་དང ། འབྲུམ་ཕྲན་དང ། ཐོར་བུ་དང ། གཤེད་བྱེད་དང ། བྱད་དང ། རོ་ལངས་དང ། བཀྲ་མི་ཤིས་པའི་འཇིགས་པ་ཐམས་ཅད་འཇིག་པར་མཛད་པ་ལ་ཕྱག་འཚལ་ལོ། །གཤེད་བྱེད་ཐམས་ཅད་སེལ་བར་བྱེད། །སྡིག་པ་ཐམས་ཅད་འཕྲོག་པ་ཉིད། །ནོར་དང་འབྲུ་རྣམས་འཕེལ་མཛད་པ། །བདག་གི་བུ་དང་ཚ་བོ་དང ། །གཡོག་འཁོར་རྟག་ཏུ་མང་གྱུར་པ། །ཕྱིར་བཟློག་པ་འདི་བརྗོད་པར་བྱ། །ལྷ་དང་ལྷ་མིན་གཡུལ་བཀྱེ་སྟེ། །བརྒྱ་བྱིན་ལྷ་མིན་རྣམས་ལས་ཕམ། །དེ་ནས་རིངས་པ་ཁོ་ནར་ནི། །འཇིག་རྟེན་དབང་གི་དྲུང་འོངས་ཏེ། །དེ་ནས་སྙིང་ནི་རབ་སྐྲག་པས། །འདི་སྐད་ཀྱི་ནི་ཚིག་གསོལ་ཏོ། །ལྷ་མིན་བདག་ཕམ་འཇིག་རྟེན་དབང ། །ཇི་ལྟར་བདག་གིས་ནན་ཏན་བགྱི། །འཇིག་རྟེན་དབང་པོ་བདག་ལ་ནི། །ལྷ་ཡི་གཟིགས་པས་རྟག་ཏུ་གཟིགས། །བརྒྱ་བྱིན་གྱི་ནི་ཚིག་གསན་ནས། །དབང་ཕྱུག་གིས་ནི་འདི་སྐད་གསུངས། །ལྷ་ཡི་དབང་པོ་ང་ལ་ཉོན། །ཁྱོད་ལ་ངས་ནི་བསྲུང་བ་སྦྱིན། །ལྷའི་དབང་པོ་སྔོན་བྱུང་བ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་འཇིག་རྟེན་གྱིས་རྣམ་པར་བལྟས་པ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་དབང་ཕྱུག་འོད་ལས་ངས་གཙུག་གི་ནོར་བུ་ཞེས་བྱ་བའི་ཕྱིར་ཟློག་པ་དེ་བཞིན་གཤེགས་པ་བྱེ་བས་གསུངས་པ་བཟུང་ངོ ། །མཁས་པ་གང་གིས་རིག་སྔགས་འདི། །བྲིས་ནས་སྤྱི་བོར་འདོགས་པའམ། །འདོན་ཏམ་འོན་ཏེ་ཀློག་ན་ཡང ། །དེ་ཡི་འཇིགས་པ་ཀུན་མེད་དེ། །རྟག་ཏུ་བསྲུང་ཞིང་སྦ་བ་དང ། །གཡུལ་འགྱེད་པ་ན་རྒྱལ་བར་བྱེད། །སྡིག་དང
106.261b
རྨི་ངན་ཞི་བ་དང ། །བསོད་ནམས་བཀྲ་ཤིས་རབ་ཏུ་འཕེལ། །ལྷ་ཡི་དབང་པོ་དེ་བས་ན། །གང་ཞིག་རྒྱལ་བར་འགྱུར་འདོད་པས། །བྲིས་ཏེ་སྤྱི་བོར་གདགས་པར་བྱ། །ཡིད་ལ་རྟག་ཏུ་དྲན་པར་གྱིས། །གཡུལ་འགྱེད་འབའ་ཤིག་མ་ཡིན་ཏེ། །འདི་ནི་རྟག་ཏུ་སྡིག་པ་འཕྲོག་།བུད་མེད་རྣམས་ལ་བུ་ཕོ་སྐྱེད། །མངལ་ན་གནས་པ་ཡོངས་སུ་སྐྱོང ། །ཕུན་སུམ་ཚོགས་པ་ཐམས་ཅད་བྱེད། །སྡིག་པ་ཐམས་ཅད་རབ་ཏུ་འཇིག་།འདི་མེད་ཕྱིར་ཟློག་བྱེད་ཅེས་བྱ། །ཡན་ལག་རྣམས་ལ་ཕྱིར་འབབ་བྱེད། །ལྷའི་དབང་པོ་ཕྱིར་ཟློག་པ་ཞེས་བྱ་བ་རིག་སྔགས་ཀྱི་རྒྱལ་མོ་སེམས་ཅན་ཐམས་ཅད་ལ་ཕན་པར་བྱེད་ལྷ་མ་ཡིན་རྣམས་ཕམ་པར་བྱེད་པ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་ཟུང་ཤིག་།སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ། བྱང་ཆུབ་སེམས་དཔའ་དག་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཛ་ཡ་ཀ་རི། ཡུད་དྷྲོད་ཏ་ར་ནི་བི་ཙིད་ཏྲ་མུ་ཁི། སརྦ་མང་ག་ལ་དྷཱ་ར་ཎི། ཛཱི་མཱུ་ཏེ་ས་ཧ་སྲ་བྷུ་ཛེ། ས་ཧ་སྲ་ནེ་ཏྲེ། ས་ཧ་སྲ་ཤི་ར། ་ནཱ་ན་ལང་ཀ་རཱ། བྷི་བྷཱུ་ཥྚེ་ཏེ། མ་ཎི་ཀུཎྜ་ལ་སན་ནཱ་ཧ་སན་དན་དྷེ་བི་ཙིད་ཏྲ་མཽ་ལ་དྷི་རེ། ཙན་དྲ་སཱུརྱ་ཨ་ཏི་རེ་ཀེ་ཨཱ་ཀཱ་ཤ་ག་ག་ན་ཙ་རི་ནི། ་་མང་ག་ལ་ཤི་རེ་ཛཱི་མཱུ་ཏེ། པ་བིད་ཏྲ་ཀྲི་ཏ་མང་ག་ལེ། ་བྷཱུ་རི་མ་ཀ་ར་ཎེ། ཙུ་རུ་ཙུ་རུ། ཤེ་ཏེ་པ་སྟེ་མུ་རུ་མུ་རུ་ཤེ་ཏེ། ཨ་བ་ནད་ཏེ། ་ཧུ་རུ་ཧུ་རུ། པ་བིད་ཏྲ་མུ་ཁི། ཀུ་རུ་ཀུ་རུ། ཙན་དྲ་མུ་ཁི། ཨཱ་དིད་ཏྱ་པ་ཤ་བརྟི་ནི། ཛམ་བྷ་ཎི། མང་ག་ལ་དྷཱ་ར་ཎི། སྟམ་བྷ་ནི། སརྦ་བིདྱཱ་དྷརྨཱ་ཏེ། མོ་ཧ་ནི། ་ཨ་མོ་གྷ་པཱ་ཤ་ཧསྟེ། སརྦ་བྷ་ཡ་བི་མོ་ཙ་ནི། རཱ་ཛ་ཙོ་ར། ་ཨག་ནི་བི་ཥ་ཨུ་ད་ཀ་བྷ་ཡ་པྲ་ཤ་མ་ནི་ཀ་ཁོར་རྡ་ནི་བ་ར་ནི། ཨོཾ་ཧི་རི་ཧི་རི། ཛ་ཡ་ཀ་རི། བ་ལ་ཀ་རི། དྷ་ན་ཀ་རི། ཏེ་ཛ་སྐ་རི་བི་བཱ་བ། ་པྲ་ཤ་མ་ནི་ཡུད་དྷ་ནི། པཱ་ར་ཎི། པ་ར་ཙཀྲ་པྲ་ཤ་མ་ནི། པ་ར་སཽ་ནྱ་བི་ནཱ་ཤ་ནི། ཡུད་དྷྲོད་ཏ་ར་ཎི། པྲ་བྷཱུ་ཏ་བེ་ལ། མ་ཎི་མ་ཎི། མ་ཧཱ་མ་ཎི་མ་ཧཱ
106.262a
མ་ཎི། མ་ཎཱི་ན་དྷ་རི། ཏྲི་ལོ་ཀ་ཨཱ་ལོ་ཀ་ཀ་རི། ཏྲི་བུ་ར་ན་ག་ར། བི་དྷྭ་ན་ས་ནི་པ་ར་སེ། ་་ནྱ་བིད་དྲཱ་པ་ནི། སརྦ་ཀྲིད་ཏྱ་ཀརྨ་ཎི་སཱུ་ད་ནི། སརྦ་བྱཱ་དྷི་ནཱ་མ་རྦ་བ་པྲ་ཤ་མ་ནི། ཨོཾ་ཙི་ལེ་མི་ལེ་སཝཱ་ཧཱ། ཙི་ལེ་མི་ལེ་སཝཱ་ཧཱ། མི་ལི་མི་ལི་སཝཱ་ཧཱ། ཙི་ལི་ཙི་ལི་སཝཱ་ཧཱ། ཙ་ཁི་ལི་ཙ་ཁི་ལི་སཝཱ་ཧཱ། ཙཎ་ཌ་ལི་མི་ཊི་ནི་སཝཱ་ཧཱ། ཨཱུར་དྷ་ཀེ ། ཙཎ་ཌ་ལི་མི་ཊི་ནི་སཝཱ་ཧཱ། ་ཨཱུར་དྷ་ཀེ ། ཤི་པིང་ག་ལེ། པིང་ག་ལ་ཀྵེ་ད་དྷི་མུ་ཁི་སཝཱ་ཧཱ། ཨོཾ་ཀ་ར་ཀ་ར། ཙ་ར་ཙ་ར། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མུཉྩ་མུཉྩ། མུཉྩ་པ་ཡ། མུཉྩ་པ་ཡ། པྲ་ཤ་མ་ཡ། པྲ་ཤ་མ་ཡ། ཡུད་དྷྲོད་ཏ་ར་ཎི་ཕཊ། ཙིད་ཏ་ནིར་མ་ལ་ཀ་རི་ཕཊ། ཨ་སུ་ར་ནིར་གྷཱ་ཏ་ནི་ཕཊ། ཛ་ཡ་ཀ་རཱི་ཕཊ། པི་ཏི་ཀ་ར་ཕཊ། ས་ཧ་སྲ་ཤི་རེ་ཕཊ། ས་ཧ་སྲ་བྷུ་ཛེ་ཕཊ། ས་ཧ་སྲ་ནེ་ཏྲེ་ཕཊ། སརྦ་བིདྱཱ་དྷ་ར་དྷ་ར་ན་མ་སྐྲི་ཏེ་ཕཊ། སརྦ་ཤ་ཏྲཱུ་ནཱ་ཤ་ནི་ཕཊ། སརྦ་བྷ་ཡ་བི་མོ་ཀྵ་ཎི་ཕཊ། པ་ར་ཙཀྲ་ནི་བ་ར་ནི་ཕཊ། པ་ར་སེནྱ་བི་དྲཱ་པ་ནི་ཕཊ། སརྦ་ཀྲིད་ཏྱ་ཀརྨ་སཱུ་ད་ནི་ཕཊ། སརྦ་བྱཱ་དྷི་པྲ་ཤ་མ་ནི་ཕཊ། སརྦ་གྲ་ཧོད་ས་ད་ནི་ཕཊ། རཀྵ་རཀྵ་མཱཾ་སརྦ་བུད་དྷ་བོ་དྷི་སཏྭ་ནཱཾ། ས་མན་ཏ་བི་ཏྲཱི་ནཱཾ། ་་སོ་བསྟ་ཡ་ཀཱ་ནཱཾ། ་ས་པ་རི་པཱ་རཝ་ནཱཾ། ཏེ་ཛོ་ས་མ་ཤ་རཱི་རན། སརྦ་བྷ་ཡོ་བ་དྲ་བེ་བྷྱཿ ། སརྦ་ཡུད་དེ་བྷྱཿ སརྦ་གྲ་ཧེ་བྷྱཿ ། སརྦ་བྱཱ་དྷི་བྷྱཿ ། སརྦ་དུསྐྲི་ཏེ་བྷྱཿ ། སརྦ་ཀྲི་ཏྱ་ཀ་ཁོ་རྡོ་བྷྱཿ ། སརྦ་བི་ཥེ་བྷྱཿ སརྦ་ཀཱ་ཡ་ཙིད་ཏ་བི་རཱ་དྷ་བྷྱ་ཤྩ། རཀྵ་རཀྵ་རཀྵ་མཱཾ་སཝཱ་ཧཱ། གཙུག་གི་ནོར་བུ་ཞེས་བྱ་བའི་ཕྱིར་ཟློག་པ་ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ཐམས་ཅད་དུ་ཞི་བར་བྱེད་པ། བསོད་ནམས་ཐམས་ཅད་སོགས་པར་བྱེད་པ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་སྟོན་པར་བྱེད་པ། རྣམ་པ་ཐམས་ཅད་དུ་དཔལ་དུ་བྱེད་པ་སྟེ། ཡི་གེར་བྲིས་པ་དང་སྟོན་པ་དང་བཀླགས་པ་དང་བཟུང་བས་བདག་དང་གཞན་སྲུང་བ་འོ། །དེ་བཞིན་དུ་ཁྲུས་བྱ་བ་དང ། སྦྱིན་བསྲེག་གིས་ཡམས་ཀྱི་ནད་དང་གནོད་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའོ། །འཕགས་པ་གཙུག་གི་ནོར་བུ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ
106.262b
དྷི་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྐར།།