rKTs


J876

(e-text produced by ADARSHA)

see text in transliteration
107.51a
༄#། །རྒྱ་གར་སྐད་དུ། ཨཱརྱ་བིགྷན་བི་ན་ཡ་ཀཱ་ར་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་བགེགས་སེལ་བའི་གཟུངས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པའི་འཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་དགའ་བོ་ལ་བཀའ་སྩལ་པ། དགའ་བོ་ཚོགས་ཀྱི་བདག་པོ་སུ་གང་ཚོགས་ཀྱི་བདག་པོའི་སྙིང་པོ་འཛིན་པ་དེས་ཆོ་ག་ཐམས་ཅད་དང་དགོངས་པ་ཐམས་ཅད་འགྲུབ་པར་འགྱུར་རོ། །གསང་སྔགས་ཐམས་ཅད་འགྲུབ་པར་འགྱུར་རོ། །ཏདྱ་ཐཱ། ན་མོ་སྟུ་ཏེ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ད་ར་ད་ར། ཌ་ཧ་ཌ་ཧ། གྲྀ་ཧཱ་ནཱ། བྷན་ཛ། བྷན་ཛ། ན་མོ་སྟུ་ཏེ། རུ་རུ་ཙ་ཙ་ཡེ་སཝཱ་ཧཱ། ཨ་བྷུ་ཏྲཱ། བི་ན་དུཿ ཁ་ན་མན་ཙེད་དྷ་པ་ར་ས་མ་གད་ཚ་ཏི། ཧ་ཧ་ཡ། མ་ཧཱ་ཧ་སྟིང་ཀྵ་ཏ་ནན། བྲ་གོ་པ་ཡེ་མོ། ཀུ་རུ་ཀུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། ན་མོ་ན་མ་སཝཱ་ཧཱ། ནང་པར་ལངས་ཏེ་སྔགས་ལན་བདུན་བཟླས་ལ། ཆུ་ཁྱོར་བ་གང་སྟེང་དང་འོག་གི་ཕྱོགས་སུ་གཏོར་ཅིག་དང ། བགེགས་ཐམས་ཅད་བཅིངས་པར་འགྱུར་རོ། །གསང་སྔགས་སྒྲུབ་འདོད་པས་སྐུད་པ་དཀར་པོ་ལ་མདུད་པ་ཉི་ཤུ་རྩ་གཅིག་བོར་ཏེ། ལག་པ་ལ་བཅིངས་ན་རིག་སྔགས་འགྲུབ་པར་འགྱུར་རོ། །བགེགས་ཐམས་ཅད་བཅིངས་པར་འགྱུར་རོ། །གང་ན་ཚོགས་ཀྱི་བདག་པོ་སྣང་བ་དེར་སྔགས་འདི་ལན། ཅིག་བཀླགས་ན་ཡང་བགེགས་རྣམས་བར་ཆད་མི་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། འཁོར་དེ་དག་ཐམས་ཅད་དགའ་སྟེ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་གྱིས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བགེགས་སེལ་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།གུ་གུལ་སེར་པོ་དང ། ཕ་བང་གི
107.51b
རྟུག་པ་ཀུན་ལ་རྐུ་བའི་རྟག་པ་སྦྱར་བའི་དུ་བས་བདུགས་ན། འགོ་བའི་ནད་པའི་གམ་དུ་ཕྱིན་ཡང་མི་ཚུགས། གོས་པ་ལ་ཐུག་ན་ཉུར་དུ་སེལ། ཁྱིམ་དུ་འབྱུང་པོ་གནོད་པ་དག་ལ་རབ་ཏུ་བསྔགས་སོ།། །།