rKTs


J8n

(e-text produced by ADARSHA)

see text in transliteration
13.342a
། ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དམ་པ་གང་ཞིག་གིས། །ཐུགས་རྗེ་ཆེན་པོ་མངའ་བ་འོད་སྲུང་རིགས་སྐྱེས་པ། །རྣམ་པར་རྒྱལ་བར་གཤེགས་གྱུར་པ། །
13.342b
དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །གསེར་ཐུབ་བསྒྲིབས་པ་མེད་པར་རབ་ཏུ་གཟིགས་པ་དེ། །རིན་ཆེན་སྣ་ཚོགས་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །གསོད་སྐྱབས་གསེར་གྱི་རི་བོ་འབར་བ་འདྲ་བ་དེ། །རྩེ་མོ་མཆོག་ཏུ་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །ཐམས་ཅད་མངའ་བ་དགྲ་བཅོམ་དྲི་མ་གསུམ་སེལ་བ། །མཛོད་སྤུའི་རྩེ་མོར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་གཙུག་ཏོར་དགོངས་པ་ཟིལ་གྱིས་མི་ནོན་པ། །རིན་ཆེན་སྣ་ཚོགས་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །རྣམ་པར་གཟིགས་པ་སྐྱེས་བུའི་ཟླ་བ་མི་ཡི་མགོན། །རིན་ཆེན་རྒྱན་དུ་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །ཤིན་དུ་རྒྱས་པ་དོན་དམ་མཁས་ཤིང་བརྟན་པ་དེ། །མ་ལ་ཡ་ཡི་རྩེར་གཤེགས་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །སངས་རྒྱས་སྟོན་མཆོག་ཐོགས་པ་མི་མངའ་བ། །དྲི་མེད་ཟླ་བར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །གྲགས་པ་དྲི་མ་མེད་པར་མགོན་པོ་པད་མའི་བླ། །དྲི་མ་མེད་པར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས་ལེགས་གྱུར་ཅིག་།བཀྲ་ཤིས་དམ་པ་གང་ཞིག་གིས། །མགོན་པོ་མར་མེ་མཛད་པ་འོད་སྣང་མངའ་བ་དེ། །འོད་ཟེར་དྲ་བར་གཤེགས་གྱུར་པ། །དེས་ནི་འདིར་ཡང་བཀྲ་ཤིས
13.343a
ལེགས་གྱུར་ཅིག་།བཅོམ་ལྡན་འདས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཀྲ་ཤིས་ཚིགས་སུ་བཅད་པའོ།། ་་་་་་་་་་་་་་་་་་