rKTs


J902

(e-text produced by ADARSHA)

see text in transliteration
107.122a
༄#། །རྒྱ་གར་སྐད་དུ། ཨཱརྱ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨ་པ་ར་ཛི་ཏ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་དུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །ལྷའི་དྲང་སྲོང་དམོད་པ་འདོར་བ་དང་ཕན་འདོགས་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པ་རྣམས་ལ་ཕྱག་འཚལ་ལོ། །ཚངས་པ་ལ་ཕྱག་འཚལ་ལོ། །དབང་པོ་ལ་ཕྱག་འཚལ་ལོ། །ལེགས་ལྡན་དྲག་པོ་དཀའ་ཐུབ་ཟློག་པའི་བདག་པོ་དང་ལྷན་ཅིག་པ་རྣམས་ལ་ཕྱག་འཚལ་ལོ། །ལེགས་ལྡན་སྲེད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུམ་བརྩེག་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལ་ལོ། །པད
107.122b
མའི་གདུང་ལ་ཕྱག་འཚལ་ལོ། །རྡོ་རྗེའི་གདུང་ལ་ཕྱག་འཚལ་ལོ། །ནོར་བུའི་གདུང་ལ་ཕྱག་འཚལ་ལོ། །གླང་པོའི་གདུང་ལ་ཕྱག་འཚལ་ལོ། །གཞོན་ནུའི་གདུང་ལ་ཕྱག་འཚལ་ལོ། །ཀླུའི་གདུང་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་འཁྲུགས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་གྱི་བླ་བཻ་དཱུརྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ས་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་དུ་རྒྱས་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་དུ་བཟང་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུད་པ་ལ་གསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་རྣམས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བ་ཕྱིར་ཟློག་པ་ཆེན་མོ་འདིས་འབྱུང་པོའི་གདོན་ཐམས་ཅད་ཚར་གཅོད་པ། གཞན་གྱི་རིག་སྔགས་ཐམས་ཅད་གཅོད་པ། དུས་མ་ཡིན་པར་འཆི་བ་ལས་ཟློག་པ། སེམས་ཅན་བཅིངས་པ་ཐམས་ཅད་གྲོལ་བ། སྡང་བ་དང་རྨི་ལམ་ངན་པ་དང་ལྟས་ངན་པ་ཐམས་ཅད་ཟློག་པ། གདོན་བརྒྱད་ཁྲི་བཞི་སྟོང་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ
107.123a
ཆེན་པོ་བརྒྱད་འཇིག་པར་བྱེད་པ། དགྲ་ཐམས་ཅད་ཟློག་པ། མ་རུངས་པ་དང ། སྡང་བ་དང ། རྨི་ལམ་ངན་པ་ཐམས་ཅད་འཇིག་པར་བྱེད་པ། དུག་དང་མཚོན་དང ། མེ་དང་ཆུ་ལས་སྒྲོལ་བ་སྟེ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུམ་པ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པད་མའི་མངོན་མཚན་རྡོ་རྗེའི་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཁར་རྣམས་འཇོམས་པ་མོ། །ཞི་བའི་ལྷ་རྣམས་ཀྱིས་མཆོད་པ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང ། །རྡོ་རྗེ་གཞོན་ནུ་རིགས་འཛིན་མ། །ལག་ན་རྡོ་རྗེ་རིགས་གསེར་ཕྲེང ། །ལེབ་རྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །རྣམ་པར་བསྒྱིངས་མའི་རྡོ་རྗེ་དང ། །གསེར་འོད་ལྟ་བུའི་སྤྱན་མངའ་བ། །རྡོ་རྗེ་སྒྲོས་དང་དཀར་མོ་དང ། །པད་མའི་སྤྱན་དང་ཟླ་འོད་དང ། །ཕྱག་རྒྱའི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་ལ་བསྲུང་དུ་གསོལ་བསྲུང་བ་མཛད་དུ་གསོལ། ཨོཾ་རི་ཥི་ག་ཎ་པྲ་ཤ་སྟ་ཡ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ། ཛམ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ། སྟཾ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ། མ་ཧཱ་བིདྱཱ་སམ་བྷཀྵ་ཎ་ཀ་རཱི་ཧཱུཾ་དྲཱུཾ། པར་བིདྱཱ་སམ་བྷཀྵ་ཎ་ཀ་རཱི་ཧཱུཾ་དྲཱུཾ། སརྦ་དུཥྚཱ་ཎཱཾ་སྟཾ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ། སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ཎཱཾ་བིདྷྭཾ་དྷྭནྶ་ན་ཀ་རཱི་ཧཱུཾ་དྲཱུཾ། ཙ་ཏུ་རཱ་ཤི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲ་ནཱཾ་བིདྷྭཾ་སན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚཱ་བི་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ཎཱཾ་པྲ་སཱ་ད་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚཱ་ཎཱཾ་མ་ཧཱ་གྲ་ཧ་ནཱཾ་བི་དྷྭཾ་སན་ཀ་རཱི་ཧཱུཾ་དྲཱུཾ་རཀྵ་རཀྵ་མཱཾ། བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུམ་གྱི་དཀྱིལ་འཁོར་ལ་མངའ་མཛད་མ། ཀུན་ནས་བདག་ལ་བསྲུང་དུ་གསོལ་བསྲུང་དུ་གསོལ། ཨོཾ་རྒྱལ་པོས་འཇིགས་པ་དང ། ཆོམ་ཀུན་གྱིས་འཇིགས་པ་དང ། མེ་ཡིས་འཇིགས་པ་དང །
107.123b
ཆུ་ཡིས་འཇིགས་པ་དང ། དུག་གིས་འཇིགས་པ་དང ། མཚོན་གྱིས་འཇིགས་པ་དང ། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང ། མུ་གེས་འཇིགས་པ་དང ། དགྲ་ཡིས་འཇིགས་པ་དང ། ལྕེ་འབབ་པས་འཇིགས་པ་དང ། དུས་མ་ཡིན་པར་འཆི་བས་འཇིགས་པ་དང ། ས་གཡོ་བས་འཇིགས་པ་དང ། སྐར་མདའ་ལྟུང་བས་འཇིགས་པ་དང ། རྒྱལ་པོའི་ཆད་པས་འཇིགས་པ་དང ། ལྷ་ཡིས་འཇིགས་པ་དང ། ཀླུ་ཡིས་འཇིགས་པ་དང ། གློག་གིས་འཇིགས་པ་དང ། ནམ་མཁའ་ལྡིང་གིས་འཇིགས་པ་དང ། གཅན་ཟན་ཁྲོ་བོས་འཇིགས་པ་དང ། ལྷའི་གདོན་དང ། ཀླུའི་གདོན་དང ། ལྷ་མ་ཡིན་གྱི་གདོན་དང ། རླུང་ལྷའི་གདོན་དང ། ནམ་མཁའ་ལྡིང་གི་གདོན་དང ། དྲི་ཟའི་གདོན་དང ། མི་འམ་ཅིའི་གདོན་དང ། ལྟོ་འཕྱེ་ཆེན་པོའི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། སྲིན་པོའི་གདོན་དང ། ཡི་དགས་ཀྱི་གདོན་དང ། ཤ་ཟའི་གདོན་དང ། འབྱུང་པོའི་གདོན་དང ། གྲུལ་བུམ་གྱི་གདོན་དང ། སྲུལ་པོའི་གདོན་དང ། ལུས་སྲུལ་པོའི་གདོན་དང ། སྐེམ་བྱེད་ཀྱི་གདོན་དང ། རྗེད་བྱེད་ཀྱི་གདོན་དང ། སྨྱོ་བྱེད་ཀྱི་གདོན་དང ། གྲིབ་གནོན་གྱི་གདོན་དང ། གནོན་པོའི་གདོན་དང ། ནམ་གྲུའི་གདོན་དང ། ཟས་སུ་མངལ་ཟ་བ་དང ། ཟས་སུ་ཁྲག་འཐུང་བ་དང ། ཟས་སུ་ཞག་ཟ་བ་དང ། ཟས་སུ་ཤ་ཟ་བ་དང ། ཟས་སུ་ཚིལ་ཟ་བ་དང ། ཟས་སུ་རྐང་ཟ་བ་དང ། ཟས་སུ་གཙས་བ་ཟ་བ་དང ། དང ། སྲོག་འཕྲོག་པ་དང ། ཟས་སུ་སྐྱུགས་པ་ཟ་བ་དང ། ཟས་སུ་མི་གཙང་བ་ཟ་བ་དང ། ཟས་སུ་གཅིན་འཐུང་བ་དང ། ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་དང ། ཟས་སུ་ལྷག་མ་ཟ་བ་དང ། ཟས་སུ་མཆིལ་མ་འཐུང་བ་དང ། ཟས་སུ་སྣབས་ཟ་བ་དང ། ཟས་སུ་ངར་སྣབས་ཟ་བ་དང ། ཟས་སུ་རྣག་ཟ་བ་དང ། ཟས་སུ་གཏོར་མ་ཟ་བ་དང ། ཟས་སུ་ཕྲེང་བ་ཟ་བ་དང ། ཟས་སུ་དྲི་ཟ་བ་དང ། ཟས་སུ་གདུག་པ་ཟ་བ་དང ། སེམས་འཕྲོག་པ་དང ། ཟས་སུ་མེ་ཏོག་ཟ་བ་དང ། ཟས་སུ་འབྲས་བུ་ཟ་བ་དང ། ཟས་སུ་ལོ་ཏོག་ཟ་བ་དང ། ཟས་སུ་སྦྱིན་སྲེག་ཟ་བ་ལས་བདག་བདེ་ལེགས་སུ་གྱུར་ཅིག་།དེ་དག་ཐམས་ཅད་དང་གདོན་ཐམས་ཅད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །ཀུན་དུ་རྒྱུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མཁའ་འགྲོ
107.124a
དང་མཁའ་འགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཕྱུག་བདག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནམ་མཁའ་ལྡིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོ་དང་མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །རྒྱལ་བར་བྱེད་པ་དང་སྦྲང་རྩིར་བྱེད་པ་དང ། དོན་ཀུན་སྒྲུབ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བྷྲིཾ་གི་རཱི་ཏི་དང ། དགའ་བྱེད་དབང་ཕྱུག་དང ། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་ཁྱོད་ལ་ཕྱག་འཚལ་ལོ། །བདག་ལ་བསྲུང་དུ་གསོལ་བསྲུང་དུ་གསོལ། ཨོཾ`་ཨ་སི་ཏཱན་ལཱརྐ་པྲ་བྷཱ་སྥུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ཧ་ན་ཧ་ན། ད་ར་ད་ར། བི་ད་ར་བི་ད་ར། ཙྪིན་ད་ཙྪིན་ད། བྷན་ད་བྷིན་ད། བན་དྷ་བན་དྷ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷེ་ཕཊ། ཨ་པྲ་ཏི་ཧ་ཏཱ་ཕཊ། པ་ར་པྲ་དཱ་ཕཊ། ཏཾ་གི་རི་ཏི་ཕཊ། ཨ་སུ་ར་བི་དྲཱ་བ་ཀ་ཕཊ། སརྦ་དེ་བེ་བྷྱཿ ཕཊ། སརྦ་ནཱ་གེ་བྷྱཿ ཕཊ། སརྦ་ཨ་སུ་རེ་བྷྱཿ ཕཊ། སརྦ་མ་རུ་ཌེ་བྷྱཿ ཕཊ། སརྦ་ག་རུ་ཌེ་བྷྱཿ ཕཊ། སརྦ་གཎ་དྷརྦྷེ་བྷྱཿ ཕཊ། སརྦ་ཀིན་ན་རེ་བྷྱཿ ཕཊ། སརྦ་མ་ཧོ་ར་གེ་བྷྱཿ ཕཊ། སརྦ་ཡཀྵེ་བྷྱཿ ཕཊ། སརྦ་རཱཀྵ་སེ་བྷྱཿ ཕཊ། སརྦ་པྲེ་ཏེ་བྷྱཿ ཕཊ། སརྦ་པི་ཤཱ་ཙེ་བྷྱཿ ཕཊ། སརྦ་བྷཱ་ཏེ་བྷྱཿ ཕཊ། སརྦ་ཀུཾ་བྷཎ་ཌེ་བྷྱཿ ཕཊ། སརྦ་པཱུ་ཏ་ནེ་བྷྱཿ ཕཊ།
107.124b
སརྦ་ཀ་ཊ་པཱུ་ཏེ་ནེ་བྷྱཿ ཕཊ། །སརྦ་སྐན་དྷེ་བྷྱཿ ཕཊ། སརྦ་ཨུན་མཱ་དེ་བྷྱཿ ཕཊ། སརྦ་ཙྪ་ཡེ་བྷྱཿ ཕཊ། སརྦ་ཨ་པ་སྨཱ་རེ་བྷྱཿ ཕཊ། སརྦ་ཨོ་སྟ་ར་ཀེ་བྷྱཿ ཕཊ། སརྦ་དུར་ལང་གྷི་ཏེ་བྷྱཿ ཕཊ། སརྦ་དུཥྤྲེ་ཀྵི་ཏེ་བྷྱཿ ཕཊ། སརྦ་ཛྭ་རེ་བྷྱཿ ཕཊ། སརྦ་ཀྲི་ཏ་ཀརྨ་ཎཱ་ཀ་ཁོར་དོ་ཀི་ར་ཎ་བེ་ཏཱ་ཌ་ཙིཙྪ་པྲེ་ཥ་ཀ་དུས་ཙར་དི་ཏ་དུར་བྷུ་ག་ཏེ་བྷྱཿ ཕཊ། སརྦ་ཏཱིཪྠཱི་ཀེ་བྷྱཿ ཕཊ། སརྦ་ཥཱ་མ་ཎེ་བྷྱཿ ཕཊ། སརྦ་བིདྱཱ་དྷཱ་རེ་བྷྱཿ ཕཊ། ཛ་ཡ་ཀ་ར་མདྷུ་ཀ་ར། སརྦ་ཨཪྠ་སཱ་དྷ་ཀོ་བྷྱོ་བིདྱཱ་ཙ་རེ་བྷྱཿ ཕཊ། ཙ་ཏུར་བྷྱོ་བྷ་གི་ནི་བྷྱཿ ཕཊ། བཛྲ་ཀཽ་མཱ་རཱི་ཡེ་བིདྱཱ་རཱ་ཛྙཱི་ཡེ་བྷྱཿ ཕཊ། མ་ཧཱ་པྲ་ཏྱཾ་གི་རེ་བྷྱཿ ཕཊ། བཛྲ་ཤྲིང་ཁ་ལཱ་ཡ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མ་ཏྲི་ག་ཎ་ན་མ་སྐྲི་ཏཱ་ཡེ་བྷྱཿ ཕཊ། བིཥྞ་བཱི་ཡེ་ཕཊ། བྲཧྨ་ནཱི་ཡེ་ཕཊ། ཨགྣི་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཀཽ་ཨཻ་ན་ཏྲི་ཡེ་ཕཊ། རོ་དྲི་ཡེ་ཕཊ། ཀོ་མ་དཱཾ་ཡེ་ཕཊ། བཱ་རཱ་ཡེ་ཕཊ། ཙ་མུན་དྲི་ཡེ་ཕཊ། ར་ཏྲཱི་ཡེ་ཕཊ། ཀཱ་ལ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎ་ཌཱི་ཡེ་ཕཊ། ཀ་པཱ་ལཱི་ཡེ་ཕཊ། ཨ་དྷི་མུཀ་ཏི་སྨ་སཱ་ན་བཱ་སི་ནཱི་ཡེ་ཕཊ། སེམས་ཅན་གང་སུ་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣམས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། མདངས་འཕྲོག་པ་རྣམས་དང ། ཟས་སུ་མངལ་ཟ་བ་རྣམས་དང ། ཟས་སུ་ཁྲག་འཐུང་བ་རྣམས་དང ། ཟས་སུ་ཞག་ཟ་བ་རྣམས་དང ། ཟས་སུ་ཤ་ཟ་བ་རྣམས་དང ། ཟས་སུ་ཚིལ་ཟ་བ་རྣམས་དང ། ཟས་སུ་རྐང་ཟ་བ་རྣམས་དང ། ཟས་སུ་གཙས་པ་ཟ་བ་རྣམས་དང ། སྲོག་འཕྲོག་པ་རྣམས་དང ། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང ། ཟས་སུ་མི་གཙང་བ་ཟ་བ་རྣམས་དང ། ཟས་སུ་གཅིན་འཐུང་བ་རྣམས་དང ། ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང ། ཟས་སུ་ལྷག་མ་ཟ་བ་རྣམས་དང ། ཟས་སུ་མཆིལ་མ་འཐུང་བ་རྣམས་དང ། ཟས་སུ་སྣབས་ཟ་བ་རྣམས་དང ། ཟས་སུ་ངར་སྣབས་ཟ་བ་རྣམས་དང ། ཟས་སུ་རྣག་ཟ་བ་རྣམས་དང ། ཟས་སུ་གཏོར་མ་ཟ་བ་རྣམས་དང ། ཟས་སུ་ཕྲེང་བ་ཟ་བ་རྣམས་དང ། ཟས་སུ་དྲི་ཟ་བ་རྣམས་དང ། ཟས་སུ་བདུག་པ་ཟ་བ་རྣམས་དང ། སེམས་འཕྲོག་པ་རྣམས་དང ། ཟས་སུ་མེ་ཏོག་ཟ་བ་རྣམས་དང ། ཟས་སུ་འབྲས་བུ་ཟ་བ་རྣམས་དང །
107.125a
ཟས་སུ་ལོ་ཏོག་ཟ་བ་རྣམས་དང ། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང ། སྡིག་པའི་སེམས་དང་ལྡན་པ་རྣམས་དང ། སྡང་བའི་སེམས་དང་ལྡན་པ་རྣམས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། གནོད་སྦྱིན་གྱི་གདོན་རྣམས་དང ། སྲིན་པོའི་གདོན་རྣམས་དང ། ཡི་དགས་ཀྱི་གདོན་རྣམས་དང ། ཤ་ཟའི་གདོན་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། གྲུལ་བུམ་གྱི་གདོན་རྣམས་དང ། སྲུལ་པོའི་གདོན་རྣམས་དང ། ལུས་སྲུལ་པོའི་གདོན་རྣམས་དང ། སྐེམ་བྱེད་ཀྱི་གདོན་རྣམས་དང ། སྨྱོ་བྱེད་ཀྱི་གདོན་རྣམས་དང ། གྲིབ་གནོན་གྱི་གདོན་རྣམས་དང ། གནོན་པོའི་གདོན་རྣམས་དང ། མཁའ་འགྲོ་མའི་གདོན་རྣམས་དང ། ནམ་གྲུའི་གདོན་རྣམས་དང ། གཤིན་རྗེའི་གདོན་རྣམས་དང ། བྱའི་གདོན་རྣམས་དང ། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང ། ཀུན་དུ་བྲེ་བའི་གདོན་རྣམས་དང ། ཚེར་མ་འདོན་པའི་གདོན་རྣམས་དང ། རིམས་ཉིན་གཅིག་པ་རྣམས་དང ། ཉིན་གཉིས་པ་རྣམས་དང ། ཉིན་གསུམ་པ་རྣམས་དང ། ཉིན་བཞི་པ་རྣམས་དང ། ཉིན་བདུན་པ་རྣམས་དང ། རྟག་པའི་རིམས་རྣམས་དང ། རིམས་མི་བཟད་པ་རྣམས་དང ། རིམས་ལྡང་དུབ་པ་རྣམས་དང ། འབྱུང་པོའི་རིམས་རྣམས་དང ། རླུང་ལས་གྱུར་པ་རྣམས་དང ། མཁྲིས་པ་ལས་གྱུར་པ་རྣམས་དང ། བད་ཀན་ལས་གྱུར་པ་རྣམས་དང ། འདུས་པ་ལས་གྱུར་པ་རྣམས་དང ། རིམས་ནད་ཐམས་ཅད་དང ། ཀླད་པ་ན་བ་བསལ་དུ་གསོལ། གཞོགས་ཕྱེད་ན་བ་དང ། ཡི་ག་འཆུས་པ་དང ། མིག་ནད་དང ། སྣ་ནད་དང ། ཁ་ནད་དང ། མགུལ་ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། སྙིང་ན་བ་དང ། སྐེ་ན་བ་དང ། རྩིབ་ལོགས་ན་བ་དང ། རྒྱབ་ན་བ་དང ། ལྟོ་བ་ན་བ་དང ། རྐེད་པ་ན་བ་དང ། ཆུ་སོ་ན་བ་དང ། བརླ་ན་བ་དང ། རྗེ་ངར་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བ་བསལ་དུ་གསོལ། གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས། དཔག་ཚད་བཅུ་གཉིས་ཀྱི་ནང་ཚུན་ཆད་དུ་འབྱུང་པོ་དང ། རོ་ལངས་དང ། མཁའ་འགྲོ་མ་དང ། རིམས་དང ། ཤུ་བ་དང ། གཡན་པ་དང ། འབྲུམ་བུ་ཕྲ་མོ་དང ། མཛེ་དང །
107.125b
ཕོལ་མིག་དང ། བལ་བལྡོགས་དང ། མེ་དབལ་དང ། གཡའ་བ་དང ། ལྷོག་པ་དང ། སྐེམ་པ་དང ། སྐྲག་པ་དང ། དབྱིག་དུག་དང ། དུག་སྦྱར་མ་དང ། བྱད་སྟེམ་དང ། མེ་དང ། ཆུ་དང ། མི་ངས་དང ། དགྲ་དང ། གནོད་པ་དང ། དུས་མ་ཡིན་པར་འཆི་བ་དང ། སྦྲང་བུ་ཏྱཾ་བུ་ཀ་དང ། ཏྲཻ་ལཱ་ཏཱ་ཀ་དང ། སྡིག་པ་དང ། སྦྲུལ་དང ། སྲེ་མོ་དང ། སེང་གེ་དང ། སྟག་དང ། དོམ་དང ། དྲེད་དང ། ཆུ་སྲིན་དང ། བུང་བ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་གྱི་རིག་སྔགས་བཅིང་བར་བགྱིའོ། །ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། བི་ཥ་དེ་བི་ཥ་དེ། བཻ་ར་བཻ་ར། བཛྲ་དྷ་རི་བཾ་དྷ་བཾ་དྷ་ནི་བཛྲ་པཱ་ཎི་ཕཊ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཧཱུཾ་དྲཱུཾ་བན་དྷ་ཕཊ་མ་མ་རཀྵ་རཀྵ་སཝཱ་ཧཱ། སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་འདི་གྲོ་ག་འམ། རས་སམ། ཤིང་ཤུན་ལ་བྲིས་ཏེ། ལུས་སམ་མགུལ་དུ་ཐོགས་ན། དེ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། མེ་ཡིས་མི་ཚུགས། ཆུ་ཡིས་མི་ཚུགས། དབྱིག་དུག་གིས་མི་ཚུགས། བྱད་ཀྱིས་མི་ཚུགས། དུས་མ་ཡིན་པར་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །གདོན་ཐམས་ཅད་དང ། བགེགས་དང ། ལོག་འདྲེན་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞིས་ཀྱང་དེ་ལ་བསྲུང་བ་དང ། བསྐྱབ་པ་དང ། སྦེད་པར་བྱེད་དེ། དེ་རྣམས་ཀྱི་ཡིད་དུ་འོང་བ་དང ། དགའ་བར་འགྱུར་རོ། །བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་ཚེ་རབས་དྲན་པར་འགྱུར་རོ། །ནམ་དུ་ཡང་གནོད་སྦྱིན་དང ། ཡི་དགས་དང ། སྲུལ་པོ་དང ། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །མི་དབུལ་པོར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམས་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་མ་ཆེན་མོ་འདི་འཆང་ན་ཚངས་པར་མི་སྤྱོད་པ་ཡང་ཚངས་པར་སྤྱོད་པར་འགྱུར་རོ། །ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་རོ། །མི་གཙང་བ་ཡང་གཙང་བར་འགྱུར་རོ། །བསྙེན་གནས་མ་བྱས་པ་ཡང་བསྙེན་གནས་བྱས་པར་འགྱུར་རོ། །བསྙུང
107.126a
བ་མ་བྱས་པ་ཡང་བསྙུང་བ་བྱས་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པ་ཡང་སྡིག་པ་བྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་བྱང་བར་འགྱུར་རོ། །བུད་མེད་བུ་འདོད་པ་གང་ལ་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་མ་ཆེན་པོ་འདི་འཆང་ན་བུ་འདོད་པ་དེས་བུ་རྙེད་དེ། ཚེ་དང་བསོད་ནམས་དང་སྟོབས་རྣམས་ཀྱང་རབ་ཏུ་རྙེད་པར་འགྱུར་རོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུར་རོ། །མི་ནད་དང ། ཕྱུགས་ནད་དང ། གནག་ནད་དང ། ཡམས་ཀྱི་ནད་དང ། འཚེ་བ་དང ། ནད་འགོ་བ་དང ། གནོད་པ་དང ། འཁྲུག་པ་དང ། ཕ་རོལ་གྱི་དམག་ཚོགས་འོང་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། རིམ་གྲོ་ཆེར་བྱས་ཏེ། མཆོད་པ་ཆེན་པོ་བྱས་ལ། གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་འམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །གཞན་གྱིས་མི་ཐུབ་མ་ཕྱིར་ཟློག་མ་ཆེན་པོ་འདི་རིམ་གྲོ་ཆེར་བྱས་ཏེ། བཙུགས་མ་ཐག་ཏུ་གཡུལ་ཞི་བར་འགྱུར་རོ། །ཡམས་ཀྱི་ནད་དང ། འཚེ་བ་དང ། ནད་འགོ་བ་དང ། གནོད་པ་དང ། འཁྲུག་པ་དང ། ཕ་རོལ་གྱི་དམག་ཚོགས་འོང་བ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཥྚོཾ་བན་དྷ་མ་མ་རཀྵ་རཀྵ་སཝཱ་ཧཱ། ཨོཾ་ཧཱུཾ་ཥྚོཾ་བན་དྷ་བན་དྷ་བཛྲ་མ་མ་རཀྵ་རཀྵ་བཛྲ་པཱ་ཎི་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨན་བ་ལོ་ཀི་ཏེ་མཱུར་དྷ་ནི་ཏེ་ཛོ་རཱ་ཤི་།ོཾ་ཧཱུཾ་ཛྭ་ལ་ཛྭ་ལ། དྷ་ཀ་དྷ་ཀ་།ད་ར་ད་ར། བི་ད་ར་བི་ད་ར། ཙྪིན་ད་ཙྪིན་ད། བྷིན་དྷ་བྷིན་དྷ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུཾ་ཕཊ་སཝཱ་ཧཱ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་ར་བཻ་ར། སཽ་མེ་སཽ་མེ། སརྦ་བུད་དྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སཝཱ་ཧཱ། སངས་རྒྱས་རྣལ་འབྱོར་དུ་བྱའོ། །ཀླུའི་རྒྱལ་པོ་རྣམས་ཀྱིས་ཀྱང་དུས་དུས་སུ་ཆར་འབབས་སོ། །འཕགས་མ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གཟུངས། རྫོགས་སོ།། །།