rKTs


J911

(e-text produced by ADARSHA)

see text in transliteration
107.135b
༄#། ་།རྒྱ་གར་སྐད་དུ། ་ཨཱརྱ་པརྞྞ་ཤ་བ་རི་དྷཱ་ར་ཎཱི། བོད་སྐད་དུ། ་འཕགས་མ་རི་ཁྲོད་ལོ་མ་གྱོན་པའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྙིང་རྗེ་ཆེན་པོ་དང་ལྡན་པ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །མིའུ་ཐུང་ཁྱོད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་མ་ཤ་ཟ་བ། མིའུ་ཐུང་མ་ཤ་ཟ་མ། རི་ཁྲོད་ལོ་མ་གྱོན་མ་ཤ་ཟ
107.136a
ཁྱོད་ལ་ཕྱག་འཚལ་ལོ། །ཕྱག་ན་ཞགས་པ་དང་དགྲ་སྟ་ཐོགས་མ། འཇིགས་པ་གང་དག་ཅི་བྱུང་བ་དེ་དག་ཐམས་ཅད་དང ། ཡམས་ཀྱི་ནད་གང་དག་ཅི་ཡང་རུང་བ་དང ། འཆི་བྱེད་གང་དག་ཅི་ཡང་རུང་བ་དང ། འཆི་བྱེད་ཆེན་པོ་གང་དག་ཅི་ཡང་རུང་བ་དང ། གནོད་པ་གང་དག་ཅི་ཡང་རུང་བ་དང ། འཁྲུག་པ་གང་དག་ཅི་ཡང་རུང་བ་དང ། ཁོང་དུ་གནོད་པ་གང་དག་ཅི་ཡང་རུང་བ་ཐམས་ཅད་དང ། འགོ་བའི་ནད་དང ། འགོ་བ་དང་འབྲེལ་བ་གང་དག་ཅི་ཡང་རུང་བ་དེ་དག་ཐམས་ཅད་བྱིས་པ་ཁོ་ན་ལས་འབྱུང་གི་མཁས་པ་ལ་ནི་མ་ཡིན་ཏེ་བདེན་པ་དང་བདེན་པའི་ཚིག་དེས་སོང་ཤིག་སོང་ཤིག་དང་མཁས་པས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་གཞི་འདི་དག་གིས་བསྲུང་བར་གྱིས་ཤིག་བསྲུང་བར་གྱིས་ཤིག་།ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བསྐྱང་བ་དང ། ཡོངས་སུ་གཟུང་བ་དང ། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་གསད་པ་དང ། མཚམས་གཅད་པ་དང ། ས་བཅིང་བ་གྱིས་ཤིག་།ཏདྱ་ཐཱ། ཨོཾ་ཨ་མྲི་ཏེ། ཨཱ་ཤཝ་སྟེ། ཨཱ་ཤཝ་སྟཱང་གེ་།མཱ་མ་ར་མ་ར། པྲ་ཤ་མ། ཨུ་པ་ཤ་མ། དུན་ནུ་པི་དུན་ནུ། དུ་ལེ་དུ་མ་ལེ་སཝཱ་ཧཱ། ན་མ་སརྦ་ཤ་པ་རཱ་ཎཱཾ་ན་མོ་མ་ཧཱ་ཤ་པ་རཱ་ཎཱཾ། ཨོཾ་པི་ཤཱ་ཙི་པརྞྞ་ཤ་བ་རི། པི་ཤ་ཙེ་སཝཱ་ཧཱ། ཨོཾ་པརྞྞ་ཤ་བ་རི་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་ཨཾ་ཀུ་རེ། མཾ་ཀུ་རེ། པརྞྞ་ཤ་བ་རི་ཡེ་སཝཱ་ཧཱ། ཨོཾ་པི་ཤ་ཙི་པརྞྞ་ཤ་བ་རི། སརྦ་མ་རི་པྲ་ཤ་མ་ནི། སརྦ་དུཥྚ་ནན། བན་དྷ་མུ་ཁེ། སརྦ་མུ་ཁེ་ཧཱུཾ་ཕཊ་སཝཱ་ཧཱ། འཕགས་མ་རི་ཁྲོད་ལོ་མ་གྱོན་པའི་གཟུངས་རྫོགས་སོ།། །།