rKTs


J938

(e-text produced by ADARSHA)

see text in transliteration
107.167a
འཕགས་པ་ཁྲོས་པ་ཞི་བར་བྱེད་པའི་གཟུངས། དཔལ་ཆེན་མོ་ལ་ཕྱག་འཚལ་ལོ། །ཀ་ཏེ་བི་ཀ་ཏེ། ་རོ་ཤ་པྲ་ཤ་མ་ནི་སཝཱ་ཧཱ། གང་ཁྲོས་པའི་མདུན་དུ་བརྗོད་ན་དེའི་ཁྲོས་པ་ཞི་ནས་ངེས་པར་འོང་ངོ ། །འཕགས་པ་ཁྲོས་པ་ཞི་བར་བྱེད་པའི་གཟུངས་རྫོགས་སྷོ།། །། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ན་མོ་བྷ་ག་བ་ཏེ། ཨུཥྞཱི་ཥ་ཡ་དྷ་རེ། རན་ཏེ་སཝཱ་ཧཱ། མ་བསྒྲུབས་ཀྱང་ལས་ཐམས་ཅད་འགྲུབ་པར་འགྱུར་ཏེ། འགིའུ་ཝང་ལ་ལན་བརྒྱ་རྩ་བརྒྱད་བཟླས་ནས་དཔྲལ་བར་ཐིག་ལེ་བྱས་ན་གང་བལྟས་པ་དེ་དགའ་བར་འགྱུར་རོ། །མིག་རྩི་ལ་ལན་བརྒྱ་རྩ་བརྒྱད་སྔགས་ཏེ་མིག་ལ་བསྐུས་ན་གང་དང་ཕྲད་པར་བྱ་བ་དེ་དགའ་བར་འགྱུར་རོ། །ཆུ་ཁྱོར་གང་ལ་ལན་བདུན་བཟླས་ཏེ་འཐུངས་ན་མ་བསླངས་པར་ཟས་རྙེད་པར་འགྱུར་རོ། །ཚོགས་པའི་ནང་དུ་འགྲོ་ན་བདག་གི་གོས་ཀྱི་མཐའ་མ་ནས་ལག་པ་གཡོན་པས་བཟུང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ནས་ཚོགས་པའི་ནང་དུ་སོང་ན་ཚིག་བཙན་པར་འགྱུར་རོ། །ཚིག་བཙན་པའི་གཟུངས། རྫོགས་སྷོ།།