བཀའ་བསྟན་རིག་པའི་མཐུན་སྦྱོར་ཞེས་པའི་དྲྭ་ཚིགས་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་དང་བསྟན་བཅོས་ཀྱི་ཡིག་ཆ་རྣམས་ཞིབ་འཇུག་བྱེད་བདེ་བའི་ཆེད་དུ་བསྒྲིགས་པ་ཞིག་ཡིན། དྲྭ་ཚིགས་འདིར་བཀའ་འགྱུར་དང་བསྟན་འགྱུར་དང་རྒྱུད་འབུམ་དང་དེ་ལས་གཞན་པའི་ཡིག་ཆ་སོགས་ཀྱི་ཕྱོགས་སྒྲིག་སྟེ་ཕྱོགས་སྒྲིག་བརྒྱ་ལྷག་ཙམ་བཞུགས། གཞན་ཡང་དྲྭ་རྒྱར་ཡོད་པའི་དཀར་ཆག་རྣམས་དང་། འཚོལ་རུང་བའི་གློག་རྡུལ་དུ་ཡོད་པའི་ཡིག་ཆ་རྣམས་དང་། བོད་ཡིག་བྲིས་མའི་སྣང་བརྙན་གང་མང་དང་། འབྲེལ་ཡོད་ཀྱི་འཕྲོས་པ་ཡན་ལག་ལྟ་བུའི་ཡིག་ཚང་བཅས་ཀྱང་འདིར་བཞུགས། དྲྭ་ཚིགས་འདི་ནི་བི་ཨེ་ནའི་གཙུག་ལག་སློབ་གྲྭ་ཆེན་མོའི་ལྷོ་ཨེ་ཤི་ཡའི་བོད་རིག་པ་དང་ནང་རིག་པའི་སྡེ་ཚན་གྱི་བི་ཨེ་ནའི་བོད་ཡིག་བྲིས་མའི་ལས་གཞིར་གཏོགས་པའི་ལས་མི་རྣམས་ཀྱིས་བསྒྲིགས་པ་དང་སྐྱོང་བཞིན་པ་ཡིན། ཕྱོགས་སྒྲིག་བྱེ་བྲག་པ་རྣམས་དང་སྤྱིར་བཏང་གི་སྐོར་དྲི་བ་འདྲ་ཡོད་ན་གཤམ་གསལ་གྱི་འབྲེལ་ལམ་གྱི་ཤོག་ངོས་བེད་སྤྱོད་གནང་བར་ཞུ།