rKTs


H429

(e-text produced by ACIP)

see text in transliteration
247b
།།རྒྱ་གར་སྐད་དུ། ནཱི་ལཱམྦ་ར་དྷ་ར་བཛྲ་པཱ་ཎི་ཡཀྵ་མ་ཧཱ་རུ་དྲ་བཛྲཱ་ན་ལ་ཛི་ཧཝཱ་ཏནྟྲ་ནཱ་མ། བོད་སྐད་དུ།་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཅེས་བྱ་བ། འཕགས་པ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཐམས་ཅད་འབྱུང་བའི་ཡུམ་བཙུན་མོའི་བྷ་ག་ལ་བཞུགས་ཏེ། དེ་ནས་གནོད་སྦྱིན་དྲག་པོ་བྱེ་བ་ཕྲག་བཅུ་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་དྲག་ཅིང་གཏུམ་པའི་རིགས་ཇི་སྙེད་པ་ཐམས་ཅད་ཐབས་ཅིག་གོ་།དེ་ནས་བཅོམ་ལྡན་འདས་དྲག་པོའི་སྐྱིལ་མོ་ཀྲུང་བཅས་ནས་གཡས་པ་ནམ་མཁའ་ལ་བསྒྲེང ། གཡོན་པ་ས་ལ་བགྲད་ནས་སྤྱན་ལྡོག་པས་ཕྱོགས་བཅུར་གཟིགས་ཏེ་ཞལ་ནས་ཧཱུཾ་ཧ་ཞེས་པའི་སྒྲ་ཆེར་བྱུང་ངོ ། །དེ་ནས་འཁོར་ཐམས་ཅད་གཙོ་བོ་མི་སྣང་བས་ཡུན་རིང་དུ་བརྒྱལ་བར་གྱུར་ཏོ། །དེའི་སྐད་ཅིག་དེ་ལ་བཅོམ་ལྡན་འདས་ཀྱི་སྤྱི་བོའི་གཙུག་ནས་སངས་རྒྱས་
248a
༄#། །ཐམས་ཅད་ཀྱིས་གནང་བ། སྔགས་རྣམ་གསུམ་གྱི་བདག་པོར་གྱུར་པ། ཕྱག་བརྙན་ལག་ན་རྡོ་རྗེ་ཞེས་བྱ་བ། ཁ་དོག་སྔོན་པོ་ཆེར་གྲགས་པ། ཕྱག་གཡས་པ་ན་རྡོ་རྗེ་རྩེ་དགུ་པ་ཐོགས་པ། གཡོན་པ་ན་ནམ་མཁའ་ལྡིང་གི་རྒྱལ་པོ་དྲག་པོ་ཐོགས་པ་ཞིག་རྒྱ་མཚོ་ཆེན་པོར་ཞུགས་སོ། །དེ་ནས་ནམ་མཁའ་ལྡིང་གི་གཤོག་པ་བསྐྱོད་པས་རྒྱ་མཚོར་ཞུགས་ཏེ་ཀླུའི་རྒྱལ་པོ་དགའ་བོ་དང་འཇོག་པོས་རང་གི་བདག་པོའི་སྤྱི་བོར་འདུད་དོ། །ཉེ་དགའ་བོ་དང་དུང་སྐྱོང་གིས་རྣ་ཆ་བྱས་སོ། །རིགས་ལྡན་གྱིས་མགུལ་རྒྱན་དུ་བྱས་སོ། །པདྨ་དང་པདྨ་ཆེན་པོས་ལག་གདུབ་ཏུ་བྱས་སོ། །སྤྲིན་གྱི་ཤུགས་ཅན་གྱིས་སེ་རལ་ཁར་བཅིངས་སོ། །ཧུ་ལུ་ཧུ་ལུས་སྐ་རགས་སུ་བྱས་སོ། །འབྲུག་སྒྲ་དང་བདུད་འཇོམས་ཀྱིས་རྐང་གདུབ་ཏུ་བྱས་ཏེ། སླར་བདག་པོའི་ལག་པ་གཡོན་པར་སོང་ངོ ། །དེ་ནས་གནོད་སྦྱིན་བྱེ་བ་ཕྲག་བཅུ་དང ། དྲག་པོའི་རིགས་རྣམས་བརྒྱལ་བ་ལས་སངས་ཏེ་ཕྱོགས་ཀུན་ཏུ་བལྟས་པ་ལས་ཕྱག་བརྙན་ལག་ན་རྡོ་རྗེ་རྒྱ་མཚོའི་ནང་དུ་འདུག་པ་མཐོང་ནས་རིངས་པར་ཀྱེ་མ་ཨ་ལ་ལ་བདག་ཅག་གི་གཙོ་བོ་ཉིད་བཞུགས་སོ། །ཞེས་བརྗོད་ནས་སོང་བ་ལས་ཕྱིན་ཏེ་བལྟས་པས་ཆེར་དྲག་པ། སྐྲ་ཁམ་པ་གྱེན་དུ་འཕགས་པ། མིག་མེ་མདག་གི་ཕུང་པོ་ལྟར་འབར་བ། མཆེ་བ་གཙིགས་པ། ལྕེ་གློག་ལྟར་འགྱུར། །གསུས་པ་རྫིང་བུ་ལྟར་འཁྱིལ་བ། རྒྱ་མཚོའི་ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་པ་རྐང་པའི་པུས་མོར་ཕྱིན་པ། ཀླུའི་
248b
རྒྱན་ཆ་བདུན་དང་ལྡན་པ། ལག་པ་གཡས་ན་རྡོ་རྗེ་རྩེ་དགུ་པ་ཐོགས་པ། གཡོན་ན་ནམ་མཁའ་ལྡིང་གི་རྒྱལ་པོ་དྲག་པོ་ཐོགས་པ། སྐུ་བྱིན་པོ་ལ་དཔག་ཚད་ཉིས་འབུམ་དྲུག་ཁྲི་ཡོད་པ་བཞུགས་སོ། ། དེ་ནས་གནོད་སྦྱིན་རྣམས་ཀྱིས་གསོལ་པ། གཙོ་བོ། ཁྱོད་ཀྱིས་བཅོམ་ལྡན་འདས་ལ་གསང་བའི་དོན་དྲག་པོ་རྒྱས་པར་གསོལ་ཅིག་།བདག་ཅག་རྣམས་ཀྱིས་ཞུ་བར་མ་སྤོ་བས་སོ་ཞེས་གསོལ་ནས་ལག་ན་རྡོ་རྗེ་ལ་གོས་སྔོན་པོ་དར་ལ་བཻ་ཌཱུརྱ་ཞུན་མའི་ནང་དུ་བཙོས་པ་ཞིག་བླ་གོས་སུ་གསོལ་ཏོ། །སྟག་གི་པགས་པ་དྲུག་སྟོང་གིས་ཤམ་ཐབས་སུ་བཅིངས་སོ། །དེ་ནས་ལག་ན་རྡོ་རྗེ་རིངས་པར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སོང་སྟེ་ཞབས་ལ་སྤྱི་བོས་གཏུགས་ཏེ་མདུན་དུ་སྙིང་པོ་དང་ལྡན་པའི་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་གོ་།དེ་ནས་བཅོམ་ལྡན་འདས་ཀྱིས་ནམ་མཁའ་དང་ས་གཞི་ལ་གཟིགས་ནས་བར་སྣང་དུ་ཡང་སྤྱན་གྱིས་འཁོར་བར་གཟིགས་སོ། །དེ་ནས་ཁཾ་བྲུཾ་སཾ་ཞེས་བྱ་བའི་སྔགས་བརྗོད་དོ། །དེ་ནས་ལག་ན་རྡོ་རྗེ་སྟན་ལས་ལངས་ནས་རྡོ་རྗེ་ཐལ་མོ་རང་གི་སྙིང་གར་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་བཅོམ་ལྡན་འདས་ལ་གསང་བ་དྲག་པོའི་དོན་བདག་དང ། སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུ་ན། ཅི་བཅོམ་ལྡན་འདས་ཀྱིས་སྐབས་དབྱེ་བར་གནང་ངམ་ཞེས་གསོལ་བ་དང ། ཅི་ཡང་མི་གསུང་བར་བཅོམ་ལྡན་འདས་གདུག་པའི་ཚོགས་ངེས་པར་འདུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཞུགས་
249a
༄#། །མ་ཐག་ཏུ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་འཁོད་པའི་གདུག་པ་ཐམས་ཅད་སྙིང་འདར་བར་གྱུར་ཏོ། །དེ་ནས་ཏིང་འཛིན་དེ་ལས་བཞེངས་ནས་ལག་ན་རྡོ་རྗེ་ལ་གཟིགས་ཏེ། བྱེད་པ་གཡོན་པའི་ཆུ་ཤིང་སྙིང་པོ་ནས་དྲངས་ཏེ་བཀུག་པའོ། །བྱེད་པ་སྐྱེས་པའི་ཆུ་ཤིང་སྒྲ་དང་བཅས་པས་བརྐྱང་བ་བྱས་ཏེ་གནས་སོ། །དེ་ནས་ལག་ན་རྡོ་རྗེ་ཕྱག་རྒྱ་དེ་ཉིད་ཡང་དག་པར་རིག་སྟེ་ཚིག་འདི་སྐད་ཅེས་བརྗོད་དེ། ཁྱེད་ལ་སོགས་པའི་འཁོར་དག་ས་ཕྱོགས་འདིར་མ་གནས་པར་ཕྱོགས་གཞན་དུ་དེ་ངེས་ཤིག་།གལ་ཏེ་མི་འགྲོ་ན་ཁྱེད་ལ་སོགས་པའི་སྙིང་འགས་པར་འགྱུར་རོ། །ཞེས་བརྗོད་པས་སྒྲ་གནས་ཀྱི་ཁུང་བུར་སྒྲིབ་བྱེད་ཀྱི་ཚོགས་སོང་སྟེ་སྔ་མ་བཞིན་དུ་འཁོད་དོ། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་ཕྱག་ན་རྡོ་རྗེ་ཡིས། །ཐུབ་པའི་སྐུ་ལ་འདི་སྐད་གསོལ། །གསང་བའི་རྡོ་རྗེ་དྲག་པོའི་དོན། །རྒྱས་པར་བདག་ལ་བཤད་དུ་གསོལ། །གསང་བའི་བདག་པོ་ལེགས་པར་ཡང ། །ཉོན་ལ་ཡིད་ལ་ཟུངས་ཤིག་ཁྱོད། །ང་ཡི་གསང་བ་གང་མིན་པ། །རྡོ་རྗེ་དྲག་པོ་གང་ཡིན་པ། །དེ་ལ་མཚན་ཉིད་གཞན་མེད་དེ། །ཁྱོད་ཉིད་ཀྱི་ནི་རྒྱུད་དང་ཡང ། ། ཁྱོད་ཀྱི་བྱ་བའི་ལས་བཤད་བྱ། །སྐྱེ་བ་བཞིས་བསྡུས་སེམས་ཅན་རྣམས། །གདུག་པ་ཅན་གྱིས་གཙེས་གྱུར་པ། །ཐབས་སུ་ལྡན་པའི་ཟློག་པ་ཡི། །མཚན་མ་ངེས་པར་བཤད་པར་བྱ། །
249b
བ་ནི་རྣམ་པར་སྣང་མཛད་དེ། །ཛ་ནི་མི་བསྐྱོད་ཐུབ་པའི་སྐུ། །ར་ནི་རིན་ཆེན་འབྱུང་ལྡན་སྐུ། །མེ་ལྕེའི་ཡི་ག་འབྲུ་གསུམ་པོ་ལ། །དང་པོར་གཙོ་བོ་བཤད་བྱ་བ། །པཱ་ནི་རྡོ་རྗེ་འཇོམས་བྱེད་མ། །ཎ་ནི་པདྨ་འཇོམས་བྱེད་མ། །ི་ནི་ཀུན་འགྲོ་འཇོམས་བྱེད་མ། །འོག་བཏགས་གསུམ་པོ་མིང་མཐར་སྦྱར། །ེ་ནི་ཀུན་ཏུ་གོ་བྱེད་དེ། །ར་ནི་སྨིན་པར་བྱེད་པ་སྟེ། །བ་ནི་ཀུན་ནས་སྡུད་པ་ཡིན།། ས་ནི་ཡོངས་སུ་རྟེན་པའི་ལས། །ཡ་ནི་ཡང་དག་བསྐྱོད་པར་བཤད། །གོ་འབྱེད་གཉིས་པའི་སྟེང་གནས་པའི། །སྣ་ལྡན་ངག་ཏུ་ཤེས་པར་བྱ། །དེ་ལས་ངེས་པར་བྱུང་བས་ན། །ཀུན་སྣང་གང་ཡིན་དངོས་དང་སྦྱར། །བསམ་པའི་དངོས་ལ་འཇུག་རྣམས་ཀྱི། །ཡན་ལག་ཐབས་རྣམས་ཐམས་ཅད་དུ། །གོང་དུ་སྨོས་ནས་བརྗོད་པ་ཡིན། །དོན་དུ་གསལ་བར་ཟློས་པ་ཡིས། །ཚིག་ནི་རྒྱས་པར་བརྗོད་མི་དགོས། །ལས་ལས་གྲུབ་པའི་གཟུགས་རྣམས་ལ། །དྲག་པོ་ཡོངས་སུ་སྟོན་པ་དང ། །གནོད་སྦྱིན་བེ་ཅོན་ཐོགས་རྣམས་ལ། །གཙོ་བོའི་དོན་དུ་བཤད་པས་ན། །ཚིག་ཏུ་ངེས་པར་ཡང་དག་བརྗོད། །ཁྱོད་ཀྱི་ལུང་འཆང་རབ་དགའ་བས། །དེ་ཉིད་རིགས་སུ་བྱུང་བ་སྟེ། །ཀུན་ཀྱང་དྲག་པོའི་ལས་ལ་དགའ། །སྣང་བ་དག་པར་མི་མཐོང་བཞིན། །དེ་ཉིད་ལ་ནི་ངེས་པར་བརྗོད། །གོང་དུ་བསྟན་པ་གང་ཡིན་པ། །སོ་སོ་དག་ལ་གདོན་མི་ཟ། །སྦྱོར་བ་སྣ་ཚོགས་ངེས་བསྒྲུབ་ན། སྣང་བར་འབྱོར་པ་སྣ་ཚོགས་པ། །མངོན་དུ་རྒྱས་ཤིང་ངེས་པར་གསལ། །སྣང་བ་
250a
༄#། །ཆེན་པོ་བདག་མེད་པར། །རྒྱུད་པས་ཡོངས་སུ་འགྲུབ་པ་ཡིན། །ཀུན་རྫོབ་གོང་མའི་ཚིག་ལྟ་བུར། །དངོས་པོ་བསྟན་པ་ལྟ་བུར་མཐོང ། །དོན་དམ་འོག་མའི་སྒྲ་ལྟ་བུར།། ཉོན་མོངས་ཀུན་བསྲེགས་རང་བཞིན་གྱིས། །འོད་གསལ་བ་རུ་གནས་པ་ཡིན། །སྙིང་པོ་དོན་དམ་ལ་འཇུག་པ། །ཕྱི་རིམ་ཀུན་རྫོབ་ལ་བརྟེན་བྱ། །དང་པོར་སངས་རྒྱས་མི་གནས་ཤིང ། །སྔ་མའི་བྱ་བ་སྦྱོར་བར་བརྩོན། །དབང་ཐོབ་པ་ལ་རློམ་སེམས་མེད། །བླ་མེད་མན་ངག་ངེས་པ་ལས། །བླ་མ་ཉིད་ལ་ཅི་ནུས་ཀྱིས། །ཡང་དག་པར་ནི་མཆོད་པར་བྱ། །རྡོ་རྗེ་ངོ་བོ་ཀུན་འབྱུང་དང ། །གདུག་པ་ཐམས་ཅད་སྲེག་ཕྱིར་གང ། །དངོས་པོ་ལ་འཇུག་གོང་མའི་སྒྲ། །གོང་མའི་ཚིག་ཏུ་བརྗོད་པ་ཡིན། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། ངེས་ཚིག་གི་ལེའུ་སྟེ་གཉིས་པའོ།། །།གོས་སྔོན་ལག་ན་རྡོ་རྗེ་ཡིས། །སངས་རྒྱས་མགོན་ལ་འདི་སྐད་གསོལ། །གང་ཞིག་བསྒྲུབ་པར་བྱ་བ་ཡིས། །ཐབས་ཀྱི་དཀྱིལ་འཁོར་གསུང་དུ་གསོལ།། རིག་པའི་རྒྱལ་པོས་བཀའ་སྩལ་པ། །ཡང་དག་དོན་དམ་དངོས་གྱུར་ན། །དཀྱིལ་འཁོར་ལྷ་གཟུགས་མེད་པ་སྟེ། །འགྲོ་བ་རྟོག་པ་ལ་གནས་པར། །དེ་ཡི་ཀུན་རྟོག་བསལ་བའི་ཕྱིར། །ལྷ་ཡི་སྦྱོར་བ་བཤད་པར་བྱ། །གང་ཞིག་མོས་པར་བྱེད་པ་ཡིས། །ཁྲུ་གསུམ་དཀྱིལ་འཁོར་ཕྱོགས་བཞི་པ། །ནགས་སམ་དུར་ཁྲོད་ཁང་སྟོང་ངམ། །གཙུག་ལག་ཁང་ངམ་མཆོད་རྟེན་ནམ། །དེ་དག་
250b
གནས་སུ་ངེས་པར་བརྩམ། །དང་པར་བསྙེན་པ་རབ་གནས་པས། །བུ་མོ་བཅུ་དྲུག་སྟོན་མོ་བྱས། །བདག་གིས་ཞག་གསུམ་ཁྲུས་བྱ་ཞིང ། །སྤྱི་བོ་ལྐོག་མ་སྙིང་ག་རུ། །གསང་བ་གསུམ་གྱི་ཡི་གེ་བརྟག་།རམས་སུ་བཙོས་པའི་གོས་ཉིད་ལ། །གུར་གུམ་ཐིག་ལེ་ངེས་བཏབ་སྟེ། །དེ་ཉིད་ལ་ནི་བསྐོན་པར་བྱ། །ཟས་སུ་དཀར་གསུམ་སྦྱིན་བྱས་ཤིང ། །སྐྱེས་པ་དང་ནི་འཕྲད་མི་བྱ། །སྙིང་པོ་འདི་ཉིད་འབུམ་ཚད་དུ། །རང་གིས་བཟླས་པས་རིག་པ་འབྱིན། །དེ་ནས་བསྙེན་པ་རྫོགས་པ་ལས། །བུ་མོ་ཉིད་ལ་ཚིག་བརྗོད་དོ། །བ་ཡི་རྣམ་ལྔ་ཉིད་དང་ཡང ། །རམས་དང་མཐིང་ཤུན་ཀུན་འདུས་སུ། །རིན་ཐང་མི་བརྩི་ཉོར་བཅུག་སྟེ། །དེ་ཉིད་རིགས་མཐུན་ནང་བཏུམས་ལ། །གནས་གང་ཡིན་པར་བདག་ལ་གཏད། །དེ་ཡིས་ཞག་གསུམ་སྦྱོར་བ་ཡིས། །ཕྱག་རྒྱ་ངེས་པ་ཉིད་དང་ཡང ། །སྙིང་པོ་གོང་གི་སྦྱོར་བ་ཡིས། །དྲི་ཆུ་བཏབ་ལ་གྲངས་ཚད་དུ། །ཕྱིན་པར་ཡང་དག་བཟླས་པར་བྱ། །དེ་ནས་སྐུད་པ་སྔོན་པོ་ནི། །བུ་མོས་ལེགས་པར་བཀལ་བ་ལ། །སྔགས་ཀྱིས་དག་བྱས་རབ་མཛེས་པས། ། སྲད་བུ་དགུ་རུ་ངེས་པར་བསྒྲིལ། །མེ་ཏོག་སྔོན་པོའི་ནང་བཏུམས་ལ། །སེང་ལྡེང་ཕུར་པ་ལྔ་རྣམས་ཀྱིས། །སྲད་བུ་ཡོངས་སུ་བྲི་བར་བྱ། །རབ་ཏུ་ཚད་དུ་ངེས་པ་ཡིས། །ཕྱག་རྒྱ་མ་ལ་ངག་བརྗོད་པས། །དེ་ཉིད་མཉམ་པར་བཞག་པ་ཡིས། །དཀྱིལ་འཁོར་ལེགས་པར་བྱས་པ་ཡིན། །འཕང་དུ་ཁྲུ་གང་ཚད་བྱས་ཏེ། །དང་པོར་བྱང་ཤར་མཚམས་ཉིད་ནས། །ཀུན་རྟེན་ཁ་དོག་
251a
༄#། །རིགས་མཐུན་བླང ། །ཡོངས་སུ་བསྡུས་བྱས་ངེས་པར་བྱ། །གཉིས་པ་གཉིས་པ་ཉིད་དུ་ངེས། །གསུམ་པ་གཅིག་གི་ཚད་དང་ལྡན། །དེ་ལྟར་ཚད་དུ་ལྡན་པ་ལས། ། ཤིན་ཏུ་མཉམ་པར་འཐས་པར་བྱ། །དེ་ཉིད་རྗེས་སུ་འཇུག་པ་ཡིས། །དང་པོའི་སྲད་བུ་གང་ཡིན་པས། །ཁ་དོག་སེར་པོའི་ཐིག་གདབ་བྱ། །དཀྱིལ་འཁོར་དགུ་རུ་ངེས་པ་ལས། །འབྲུ་དང་ས་དང་རིན་ཆེན་དང ། །ཕྱེ་མ་ཉིད་དུ་བཏགས་པ་ཡིས། །དཀྱིལ་དུ་པདྨ་བཅུ་དྲུག་པ། །འདབ་མར་ལྡན་པར་བྲི་བར་བྱ། །ཤར་དང་ལྷོ་དང་ནུབ་བྱང་དང ། །མཚམས་རྣམས་སུ་ཡང་དེ་བཞིན་བྲི། །ལེ་ཚེའི་པདྨ་གང་ཡིན་པ། །སྣ་ཚོགས་པར་ནི་ཡང་དག་བཤད། །མཚམས་རྣམས་སུ་ནི་མཆོད་པ་ཡི། །ལྷ་མོ་ཡོངས་སུ་དགོད་པར་བྱ། །སྒོ་བཞི་དག་ཏུ་ཁྲོ་མོ་བཞི། །སྦྱོར་བས་ཡང་དག་དགོད་པར་བྱ། །རིན་ཆེན་ཕ་གུ་འདོད་ཡོན་དང ། །དྲ་བ་དྲ་ཕྱེད་ཡང་དག་ལྡན། །ཏྭ་ར་ན་ནི་བཞིས་བརྒྱན་ཅིང ། །སྣ་ཚོགས་རྡོ་རྗེ་གཞིར་གནས་ཡིན། །གདུགས་དང་རི་དྭགས་གང་ཡིན་པ། །རྒྱན་རྣམས་ཀུན་གྱིས་རྣམ་པར་སྒེག་།སྔགས་པ་བྱང་ཆུབ་བློ་ལྡན་པས། །ཀེང་རུས་ཕྲེང་བ་ཉིད་དང་ཡང ། །སྦྲུལ་མགོའི་ཕྲེང་པས་རྣམ་པར་བརྒྱན། །རྡོ་རྗེ་སྣ་ཚོགས་རབ་འབར་བའི། །ཕྲེང་བས་ཕྱི་རོལ་ལེགས་པར་བསྐོར། །ཟུར་བཞི་དག་ཏུ་བུམ་པ་བཞི། །རྒྱན་གྱིས་རྫོགས་པར་ཡང་དག་བྲི། །དེ་དཀྱིལ་ཕྱག་ན་རྡོ་རྗེ་ཉིད། །སྔ་མའི་ཚུལ་གྱིས་ཡོངས་སུ་གནས།།
251b
ཤར་དུ་ཁམས་གསུམ་རྣམ་རྒྱལ་ཉིད། །ཡང་དག་པར་ནི་བྲི་བྱ་སྟེ། །ཁ་དོག་དམར་པོ་ཉིད་ལ་ཡང ། །དབུ་གསུམ་ཕྱག་ནི་དྲུག་པའི་དབྱིབས། །ཞབས་བཞི་བརྐྱང་བསྐུམ་ཚུལ་དུ་བཞུགས། །ཕོ་ནི་རྡོ་རྗེ་ངེས་པ་ལས། །མོ་ནི་དགྲ་སྟ་ཡང་དག་ལྡན། །བར་མ་གཉིས་ཀྱིས་འཆིང་བྱེད་པ། །གུང་མོ་མཐེ་བོང་ངེས་མདུད་ནས། །གཞན་རྣམས་ཡོངས་སུ་བརྐྱང་བ་ཡིན། །དེ་ཉིད་སྙིང་པོ་གང་ཡིན་པ། །སྙིང་གར་ཡང་དག་བཟུང་བྱས་ནས། །དེ་འོག་ཕོ་ཡིས་ཞགས་པ་འཛིན། །མོ་ཡིས་དྲིལ་བུ་བཟུང་བྱས་ཕ། །དང་བོ་ཉིད་ལ་དགོད་པར་བྱ། །ལྷོ་རུ་ནག་པོ་ཆེན་པོ་ཉིད། །ཁ་དོག་དུད་སྤྲིན་ལྟ་བུ་ལ། །ཞལ་གཅིག་ཕྱག་ནི་གཉིས་པའི་དབྱིབས། །ཕོ་ཉིད་ཙནྡན་བདེ་ཆེན་བསྣམས། །མོ་ནི་ཞགས་པ་ཡོངས་སུ་འཛིན། །ཁྲོ་ཞལ་གཟིགས་པ་མི་བཟད་པས། །ཕྱོགས་བཅུ་རྣམས་སུ་རབ་ཏུ་གཟིགས། །དེ་ཉིད་མགོན་པོ་གང་ཡིན་པ། །ཕྱོགས་གཉིས་པར་ནི་རབ་ཏུ་དགོད། །ནུབ་ཕྱོགས་གསུམ་པར་དགོད་བྱ་བ། །ལུས་ངན་སྲས་པོ་སྟོབས་པོ་ཆེ། །ཁ་དོག་ལྗང་གུ་ཉིད་ལ་ཡང ། །ཅུང་ཟད་སྤྱན་ནི་རྒྱས་པ་ཉིད། །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །སྤྱི་བོར་རྡོ་རྗེ་རྨོག་གིས་བརྒྱན། །གཡས་པ་ཉིད་ལ་རྡོ་རྗེ་ཅན། །གཡོན་པ་ནེའུ་ལའི་རྐྱལ་པ་འཛིན། ། ཞབས་གཉིས་དྲང་པོར་རབ་གནས་ཏེ། །ཤར་ཕྱོགས་བལྟས་པས་ཡོངས་སུ་གནས། །བྱང་ཕྱོགས་བཞི་བར་དགོད་བྱ་བ། །བདུད་རྩི་འཁྱིལ་པ་ཡོངས་སུ་གནས། །ཁ་དོག་སྔོན་པ་དེ་ཉིད་ལ། །
252a
༄#། །རྔམ་པ་ཁྲོ་གཉེར་བརྗིད་པའི་ཞལ། །གཡས་བསྐུམ་གཡོན་བརྐྱང་སྟངས་སྟབས་ཚུལ། །ཕྱག་གཉིས་བྲང་དུ་རལ་བསྣོལ་ཏེ། །གཡོན་དུ་ངེས་པར་ཅུང་ཟད་གཟིགས་ལྷོར་བལྟས་ཡང་དག་དགོད་པར་བྱ། །བྱང་ཤར་རྡོ་རྗེ་གནོད་སྦྱིན་ཏེ། ཁ་དོག་དམར་ནག་འཇིགས་པ་ལ། །གཡས་བརྐྱང་གཡོན་བསྐུམ་རབ་བཞུགས་ནས། །ཕྱག་གཡས་གྲི་གུག་རྣོན་པོ་འཕྱར།། གཡོན་པ་ཅང་ཏེའུ་དྲག་པོ་བརྡུང ། །གཙོ་བོ་ལ་བལྟས་དགོད་པར་བྱ། །ཤར་ལྷོ་རྡོ་རྗེ་རོ་ལངས་ཉིད། །ཁ་དོག་སྔོན་སྐྱ་རབ་འབར་ལ། །མི་བཟད་འབར་བ་འཇིགས་པའི་གཟུགས། །ཅུང་ཟད་གཡས་སུ་ངེས་པར་གཟིགས། །གཡས་བརྐྱང་གཡོན་བསྐུམ་ཚུལ་གནས་ཏེ། །རྡོ་རྗེ་ལྕགས་སྒྲོག་རབ་བཟུང་ནས། །གོང་སྲིན་ལ་སོགས་གསུམ་པོ་རྣམས། །དམ་པོར་བཀུག་པས་ ་སུ་བསྡམས། །མཐེབ་མཛུབ་བཞི་རྣམས་རབ་བརྐྱང་སྟེ། །སྤྱི་བོར་ངེས་པར་བསྣོལ་བར་བསྣམས། །ལྷོ་ནུབ་རྡོ་རྗེ་མཁའ་འགྲོ་སྟེ། །ཁ་དོག་དམར་སྐྱ་ཉིད་ལ་ཡང ། །ཤིན་ཏུ་མི་བཟད་འཇིགས་བའི་གཟུགས། །ཞབས་གཉིས་མཐིལ་སྦྱར་བཙུགས་པ་ལ། །ནམ་མཁའ་གྲུ་བཞི་པ་རུ་འདོད། །ལག་གཉིས་སྦྱི་བོར་ཐལ་སྦྱར་ནས། །མེ་ལྕེ་འབར་བ་ཡོངས་སུ་འཛིན། །ཐོད་པ་ལྔ་ཡིས་མགོ་བརྒྱན་པ། །གཙོ་བོ་ལ་བལྟས་དགོད་བར་བྱ། །ནུབ་བྱང་བཞི་པའི་མཚམས་སུ་ཡང ། །རྡོ་རྗེ་འཇིགས་བྱེད་ཅེས་བྱ་བ། །ཁ་དོག་ནག་པོ་འཇིགས་པའི་གཟུགས། །ཞལ་གསུམ་ཕྱག་ནི་
252b
དྲུག་པ་ལ། །ཞབས་གཉིས་དག་ཏུ་རྣམ་པར་བཤད། །གཡས་གཡོན་དང་པོ་གླང་ཆེན་གྱིས། །པགས་པ་ཡོངས་སུ་བརྐྱང་པ་འཛིན། །དེ་འོག་གཡས་པས་དགྲ་སྟ་ལ། །གཡོན་པ་རྡོ་རྗེ་ཡང་དག་འཛིན། །གསུམ་པའི་གཡས་ན་ལྕགས་ཀྱུ་སྟེ། །གཡོན་ན་མི་མགོ་རློན་པ་བསྣམས། །བརྐྱང་བསྐུམ་ཚུལ་དུ་གནས་ནས་ཀྱང ། །གཙོ་བོ་ཉིད་ལ་ཁ་བལྟས་བཞུགས། །མཚམས་ཀྱི་གྲུ་ཆང་གང་ཡིན་པར།། འོད་སྐྱེད་མ་དང་ཡིད་འཕྲོག་མ། །ཀུན་བཟང་མ་དང་གླུ་སྒྲ་ཅན། །རང་གི་ཕྱོགས་ཀྱི་ཁ་དོག་ལ། །ཤིན་ཏུ་ཞི་བས་ལྡེམ་བག་ཅན། །ཕྱག་གཡས་སུ་ནི་མེ་ཏོག་དང ། །དྲི་དང་ཞལ་ཟས་སིལ་སྙན་རྣམས།། གར་གྱིས་རོལ་པར་ཡང་དག་ལྡན། །ནུ་མ་ཅུང་ཟད་འབུར་བ་ལ། །དར་དག་དཀར་པོས་སྨད་གཡོགས་པས། །གཙོ་བོ་ལ་བལྟས་མཛེས་པའི་གཟུགས། །ཕྱི་ཡི་གྲ་རུ་དགོད་པར་བྱ། །སྒོ་རྣམས་སུ་ནི་སྒོ་སྐྱོང་ནི། །སྲོག་གཅོད་མ་དང་དབུགས་རྡུབ་མ། །ཁྲག་འཐུང་མ་དང་ཤ་ཟ་མ། །ཞལ་གཅིག་ཕྱག་ནི་གཉིས་པ་ལ། །སྟག་དང་སེངྒེ་སྦྲུལ་དང་ཡང ། །དོམ་དུ་ཡང་དག་གནས་པ་སྟེ། །ཕྱག་གཡས་ཐོ་བ་རྐྱལ་བ་དང ། །ཧོམ་གཟར་གྲི་གུག་རྣོན་པོ་བསྣམས། །གཡོན་པ་རྣམས་ནི་ཞགས་པ་ཉིད། །ཀུན་ཀྱང་འཇིགས་པར་ཡོངས་སུ་འཛིན། །རང་གི་ཕྱོགས་ཀྱི་ཁ་དོག་སྟེ། །ཀུན་ཀྱང་ནག་པོ་ཤིན་ཏུ་སྲེག་།གཡོན་བརྐྱང་གཡས་ནི་བསྐུམ་པ་ཉིད། །མཆེ་བ་གཙིགས་ཤིང་རྔམ་པའི་སྐུ། །ཤིན་ཏུ་ཁྲོ་གཉེར་བརྗིད་པའི་ཞལ། །གར་ཐབས་ཀྱིས་རོལ་བདེ་ཆེན་གནས། །ཅུང་ཟད་
253a
༄#། །གཡོན་དུ་གཟིགས་པ་ཡིས། །ཧ་ལ་ཧ་ལའི་སྒྲ་ཡང་སྒྲོག་།གཞན་ཡང་ལྷ་རྣམས་དེ་དག་ཀུན། །ཐོད་པ་\?\་ལྔ་ཡིས་རྒྱན་བྱས་ནས། །རྒྱན་ཆ་ལྔ་དང་ཡང་དག་ལྡན། ། ཀུན་ཀྱང་སྟག་གི་པགས་པ་ཡིས། །སྨད་ནི་ཡོངས་སུ་དཀྲིས་པ་ཡིན། །དེ་སྟེང་གདན་ནི་རབ་གནས་པ། །གཙོ་བོ་གཉིས་ལ་ཉི་ཟླ་ཡིས། །ཕྲག་པ་ཉིད་ལ་འཁོར་བར་རྒྱུ། །ཚངས་པ་དབང་པོ་ལྷ་ཆེན་གཉིས། །ཞབས་གྱིས་ཡོངས་སུ་མནན་པ་ཡིན། །ཤར་གྱི་ལྷ་ཆེན་རྣམ་རྒྱལ་ཉིད། །ཀེང་རུས་སྟེང་ན་བཞུགས་པ་བཞིན། །གཞན་ཡང་དེ་ལྟར་གནས་པ་ཡིན། །ས་བོན་གནས་བ་གང་ཡིན་པ། །སྒྲ་དང་བཅས་པ་ཤེས་པར་བྱ། །དང་པོ་གཙོ་བོ་སྐྱེད་བྱེད་གང ། །ཧཱུཾ་ལས་ངེས་པར་རྫོགས་བྱ་ཞིང ། །གཞན་རྣམས་འདི་ལས་འབྱུང་བར་བསམ། །ཧཱུཾ་མཾ་བཾ་ཨཾ། ཡཾ་བཾ་ཌཾ་བྷཾ། བྲཾ་མཾ་སཾ་ཤཾ། པྲཾ་ཤཾ་རཾ་ལཾ། དེ་དག་ལས་བྱུང་སྔགས་པ་ཡིས། །འོད་དང་བཅས་པར་བ་དེར་གཤེགས་ཀྱི། །ཞལ་ནས་འབྱུང་བར་ཡང་དག་ལྡན། །དེ་ལས་རགས་པ་གང་ཞིག་གིས། ། འབར་འཕྲོ་ངེས་པར་བསྐྱེད་པར་བྱ། །དང་པོ་ཀུན་ཀྱང་གཅིག་པ་ཡིས། །བཾ་ལས་གྱུར་པ་སྣ་ཚོགས་པ། །ཡང་དག་པར་ནི་བསྐྱེད་པར་བྱ། །དེ་འོག་ཀཾ་ལས་རབ་བསྐྱེད་པས། །སྐམ་པོར་ཡོངས་སུ་བརྟག་པ་ཡིན། །དེ་དག་རབ་རྫོགས་སྔགས་པ་ཡིས། །སྐུ་རུ་ཡོངས་སུ་རྫོགས་བྱས་ལ། །བདག་གིས་རྣལ་འབྱོར་ཡང་དག་འགྲུབ། །དེ་ནས་སྔགས་པ་བློ་ལྡན་པས། །རིགས་སུ་
253b
ངེས་པར་གང་ཡིན་པ། །ཐབས་འདི་ལ་ནི་འཇུག་པར་བྱ། །ཀུན་ལ་འཇུག་པར་གྱུར་པ་ཡི། །ཁྱབ་པའི་བདག་པོ་ཆེན་པོ་ནི། །རིགས་ཀྱི་གཙོ་བོས་སྦྱི་ལ་ཁྱབ། །མདུན་ནི་རྡོ་རྗེའི་རིགས་ཡིན་ཏེ། །ལྷ་མིན་ལ་སོགས་ངེས་པར་འཇིག་།གཡས་པ་ཉིད་ན་གནས་པ་གང ། །རིན་ཆེན་རིགས་སུ་ངེས་པ་སྟེ། །ཤ་ཟ་ལ་སོགས་ངེས་པར་འཇིག་།རྒྱབ་ན་གནས་པ་གང་ཡིན་པ། །པདྨའི་རིགས་སུ་ཡང་དག་ལྡན། །ནོར་ལ་སོགས་པ་གང་དགོད་པ། །རེ་བ་བཞིན་དུ་སྐོང་བར་བྱེད། །གཡོན་ན་ངེས་པར་གནས་པ་གང ། །ལས་ཀྱི་རིགས་སུ་ངེས་པ་ལས། །ཀླུ་དང་གནོད་སྦྱིན་ལ་སོགས་པ། །མ་རུངས་པ་རྣམས་ཡོངས་སུ་འཇིག་།གཞན་རྣམས་ལྷག་མ་ཐམས་ཅད་ཀུན། །ཕོ་ཉའི་ཚུལ་དུ་ངེས་པར་གནས། །དང་པོ་ཉི་མ་ཤར་བ་ན། །ལས་ཀྱི་སྦྱོར་བ་སྣ་ཚོགས་པ། །སོ་སོ་དག་ལ་སྙིང་པོ་ཉིད། །གོང་དུ་བུཾ་ལས་རབ་རྫོགས་པའི། །བརྒྱ་རྩ་བརྒྱད་དག་ངེས་པར་བཟླས། །ཧཱུཾ་གི་སྒྲ་དང་རབ་ལྡན་པས། །བདག་ཉིད་ཁ་ནས་མེ་འབར་གནས། །ཕྱག་རྒྱ་སྣང་བར་བཅས་བྱས་ཏེ། །དེ་ཉིད་སྟངས་སྟབས་བསྐྱོད་པ་ཡིས། །གདུག་པ་ཐམས་ཅད་སྲེག་བྱེད་དང ། །བདེར་གཤེགས་མངོན་པར་དགྱེས་པར་བྱ། །རྡོ་རྗེ་དྲིལ་བུ་བཟུང་བྱས་ནས། །ཁྲོ་བོ་འི་ཆ་ལུགས་གང་ཡིན་པས། ། ཕྱོགས་རྣམས་རྨོངས་པར་བྱེད་པ་ཡིན། །ལྷ་མོའི་གཟུགས་འཆང་གང་ཡིན་པས། །གཞན་གྱི་སེམས་ཀྱང་འཕྲོག་པར་བྱེད། །རེ་མིག་རྣམས་ཀྱི་བར་གང་ཡིན། །མེ་ལྕེ་འབར་བ་ཡོངས་
254a
༄#། །སུ་བྲི། །འཁོར་ལོའི་འོག་ཏུ་གནས་བྱ་བ། །ཆོས་འབྱུང་ཕྱག་རྒྱ་ངེས་པར་བྲི། །ཐབས་དང་ཤེས་རབ་ལྡན་པ་ལ། །ཀུན་འབྱུང་ཡུལ་དུ་ངེས་པར་གསལ། །རྟེན་འབྲེལ་ཡང་དག་འབྱུང་བ་ཡིས། །ཀུན་རྫོབ་ལ་ནི་དོན་དམ་བརྟེན། །རྟེན་པ་ཉིད་དུ་ཡང་དག་གནས། །དེ་བས་སྣང་བ་མི་གསལ་བར། །ཆོས་འབྱུང་ཕྱག་རྒྱ་ངེས་པར་ཡང ། །རྒྱས་པ་ལ་སོགས་མ་ཡིན་གྱི། །དྲག་པོའི་དཀྱིལ་འཁོར་ཡིན་པ་དང ། །དེ་བཞིན་དབྱིབས་སུ་རང་གསལ་བ། །དྲན་དང་བཅས་པས་བྲི་བར་བྱ། །མཐུ་དང་ལྡན་པའི་གང་ཟག་ལ། །སྟོབས་ནི་ཤིན་ཏུ་ངེས་པར་སྐྱེ། ། དཀྱིལ་འཁོར་ལྷ་གཉིས་མངོན་བསྒྲུབས་བས། །ལུས་ལ་གཟི་བརྗིད་འཇུག་པའོ། །རྡོ་རྗེ་མེ་ལྕེའི་རྒྱུད་ལས། །དཀྱིལ་འཁོར་དང་ལྷའི་ལེའུ་སྟེ་གསུམ་པའོ།། །།ལག་ན་རྡོ་རྗེ་གོས་སྔོན་གྱིས། །འཇིག་རྟེན་མགོན་ལ་འདི་སྐད་གསོལ། །དཀྱིལ་འཁོར་ལྷ་རྣམས་དགྱེས་བྱ་བ། །ཐབས་དེ་གང་ལགས་གསུང་དུ་གསོལ། །ནང་གི་བདག་ཉིད་ཅན་དང་ཡང ། །ཕྱི་ཡི་ཁྲུས་སོགས་རབ་བྱས་ལ། །རབ་གསལ་ལ་སོགས་རྒྱུན་བཅད་ནས། །གང་ཡང་རུང་བའི་ལོ་ཉིད་ལ། །སྟོན་ཟླར་བ་ནས་བརྩམས་ནས། །ལྷ་མིན་བླ་དང་མེ་ཏོག་གི་།དྲག་པོ་དང་པོ་དེ་ཉིད་ལ། །བདག་གིས་སྦྱོར་བ་ངེས་པར་བརྩམ། །དང་པོ་བདག་ཉིད་ལུས་ཉིད་ལ། །རྒྱན་ཆ་ལྔ་ཡིས་རབ་བརྒྱན་ཏེ། །ལུས་ལ་གོས་དག་སྔོན་པོ་ཉིད། །བླ་གོས་སྨད་གཡོགས་ཡང་དག་བཅིངས། །
254b
སྤྱི་བོ་ལ་སོགས་གནས་ལྔ་རུ། །སྦྲུལ་གྱིས་ཡོངས་སུ་བཅིངས་པར་བྱ། །རང་ཉིད་དཀྱིལ་འཁོར་ཤར་སྒོ་རུ། །འདུག་པས་སྦྱོར་བ་བརྩམ་པར་བྱ། །དེ་ནས་དང་པོ་བླ་རེ་གང ། །སྟེང་དུ་ངེས་པར་ཕུབ་བྱས་ལ། །ཟུར་བཞི་དག་ཏུ་བདན་བཞི། །སྔོན་པོས་ཡོངས་སུ་དཔྱང་བར་བྱ། །བླ་རེ་དག་གི་དཀྱིལ་དག་ནས། །སྐུད་པ་ལ་བརྒྱུས་མེ་ཏོག་གི་།ཕྲེང་བ་ཡོངས་སུ་དཔྱང་བར་བྱ། །དེ་ནས་སྔ་མའི་ཚུལ་གནས་ལ། །གོང་དུ་བསྟན་པའི་གནས་རྣམས་སུ། །བདག་གི་ལས་འདི་ངེས་པར་བརྩམ། །གཏོར་མའི་ལས་རྣམས་ཀུན་རྫོགས་དང ། །མཆོད་པ་རྣམ་པ་ལྔ་རྣམས་དང ། །སེང་ལྡེང་ཕུར་པ་སོར་བརྒྱད་ལ། །སྔགས་འདི་ཡིས་ནི་ཡང་དག་བསྔགས། །ོཾ་བཛྲ་ཀཱི་ལ་ཡ་སརྦ་བི་གྷཾ་ཧ་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་པཉྩ་ཛྙཱ་ན་ཤོ་དྷ་ཡ་སརྦྦ་ཙཀྵུ་ཀ་ར་ཡ་ཧཱུཾ། སྔགས་དེ་དག་གིས་ཕུར་པུ་དང ། །སྐུད་པ་ལྔ་ལ་ལན་གྲངས་ནི། །ཉི་ཤུ་རྩ་གཅིག་བཟླས་བྱས་ལ། །ཙནྡན་ལ་སོགས་དྲི་ལྔ་ཡིས། །གོས་པྲ་ཡང་དག་བཅང་བར་བྱ། །དེ་ནས་སྔགས་པ་བློ་ལྡན་པས། །བདག་ཉིད་སྲུང་བའི་འཁོར་ལོ་བརྩམ། །རང་གི་ཕྱི་རོལ་མཚམས་སུ་ནི། །མི་འགྱུར་ལས་ནི་བསིལ་ལྡན་སྒོམ། །དེ་སྟེང་སྡུད་པའི་དངོས་པོ་གན། །ཁ་དོག་ནག་པོ་ཡང་དག་བསམ། །དེ་ལས་ཁྱབ་བྱེད་རིགས་ལྔ་པ། །ཡང་དག་པར་ནི་བསམ་པར་བྱ། །དེ་ནས་ཡོངས་སུ་རྫོགས་པ་ལས། །བདུད་རྩི་འཁྱིལ་པར་དག་བསམ་སྟེ། །རྡོ་རྗེ་སྡིགས་མཛུབ་ཕྱག་རྒྱ་ཡིས། །སྔགས་བཟླས་པས་ནི་
255a
༄#། །བགེགས་བསྐྲད་ལ། །རིགས་གཙོའི་རྩེ་མོ་དེ་ཉིད་ལ། །ཀཾ་ལས་ལུས་སྐྱོབ་བསམ་བྱ་སྟེ། །སྦྱི་བོར་གནས་པས་ཁྱབ་པར་བསམ། །དེ་ནས་གཏོར་མ་དེ་ཉིད་ལ། །གདུག་པ་ལ་སོགས་གང་ཡིན་དང ། །སྐྱེ་བ་བཞིས་བསྡུས་སེམས་ཅན་ལ། །ལས་ཀྱི་བར་ཆད་མི་འགྱུར་ཕྱིར། །བསམ་པར་རྫོགས་པར་རིན་ཐང་བྱ། །དེ་ནས་བདག་ཉིད་དད་པ་ཡིས། །མཆོད་པ་རྣམ་པ་ལྔ་རྣམས་ནི། །བསམ་པ་སྔགས་ཀྱིས་དབུལ་བར་བྱ། །གོང་མའི་སྟང་སྟབས་ལས་བྱ་བ། །གཡས་པ་ངེས་པར་བསྐུམས་པ་ལས། །གཡོན་པ་ལེགས་པར་བརྐྱངས་བྱས་ཏེ། །གཡས་པའི་ལག་པས་རྡོ་རྗེ་ཉིད། །ཕྱར་ནས་གཡོན་གྱི་བེ་ཅོན་དང ། །རྩེ་སྤྲད་སྤྱི་བོར་གནས་བྱས་ལ། །གཡོན་པའི་བེ་ཅོན་གཡས་སྤོས་ལ། །གཡས་པ་རྡོ་རྗེ་གཡོན་པ་ཡི། །ལག་པས་བཟུང་ནས་སྙིང་གར་མནན། །བེ་ཅོན་ངེས་པར་བསྐོར་བ་ཡིས། །ཕྱོགས་བཞི་མཚམས་སུ་ངེས་པར་གདབ། །ཁ་ནས་ཧཱུཾ་གི་སྒྲ་འབར་ཞིང ། །སྣ་ཚོགས་རྡོ་རྗེ་གར་ཐབས་ཀྱིས། །ལན་གསུམ་བར་དུ་བསྐོར་བར་བྱ། །དེ་ནས་གདུག་པ་གང་ཡིན་པ། །ཕྱོགས་བཞི་དག་ཏུ་སོང་བ་ལས། །ས་ཕྱོགས་ངེས་པར་གཙང་བར་འགྱུར། །དེ་ནས་ཐིག་སོགས་གདབ་པ་ཡིས། །སྟ་གོན་ལེགས་པར་གནས་པ་དང ། །རིམ་པ་བཞིན་དུ་དབང་བསྐུར་ལ། །རྨི་ལྟས་ངེས་པར་གདབ་པར་བྱ། །བཟང་ངན་ལྟས་དག་དབབ་པ་དང ། །བཟློག་དང་མི་བཟློག་བྱ་བ་གནག། །ཤེས་རབ་
255b
ཅན་གྱིས་གསལ་བར་བརྟག་།སངས་རྒྱས་དཀྱིལ་འཁོར་བཞེངས་བྱའི་ཕྱིར། །བདག་གིས་དྲག་པོ་དང་པོ་ལ། །ཕྱེ་མ་ལྔ་ལ་སྔགས་དག་དང ། །ཕྱག་རྒྱ་བཅས་པས་བྱིན་གྱིས་བརླབ། །དེ་ནས་སྣོད་དག་ཐོད་པ་ལ། །བྱས་པས་རྡོ་རྗེ་ཕྱག་རྒྱ་གདབ། །ངེས་པར་ལས་ཀྱི་སྦྱོར་བ་བརྩམ། །ཕྱོགས་སུ་ངེས་པར་སྐོར་བ་ཡིས། །དབུགས་རྒྱུ་བ་ཡི་དངོས་པོ་གང ། །ཡི་གེ་མངོན་པར་གསལ་བ་ཡིས། །རྒྱུན་མི་འཆད་པར་བྲི་བར་བྱ། །སྐབས་ཀྱི་སྐད་ཅིག་ཤེས་པ་ཡིས། །རབ་ཏུ་ཁྲོ་གཉེར་བསྟན་པར་བྱ། །དང་པོ་ནག་པོ་བྲི་བྱ་ཞིང ། །གཉིས་པ་དཀར་པོ་ངེས་པར་དགྱེ། །གསུམ་པ་ཉིད་ནི་སེར་པོ་སྟེ། །བཞི་པ་དམར་པོ་ཡང་དག་ལྡན། །ལྔ་པ་ལྗང་གུ་བྲི་བྱ་ཞིང ། །དྲུག་པ་ཁ་དོག་སྣ་ཚོགས་ཀྱིས། །དཀྱིལ་འཁོར་ལས་རྣམས་རྫོགས་པ་དང ། །རྫས་སུ་ཡོངས་སུ་ལྡན་བྱས་ཏེ། །གྲུ་བཞི་དག་ཏུ་བྱང་ཤར་གྱི། ། མཚམས་ནས་ས་གང་བུ་མོ་ཡིས། །བླངས་པ་ལས་བྱས་མཆོད་རྟེན་ནི། །སྔོན་པོ་བཞི་དག་གཞག་པར་བྱ། །དེ་ཡི་བསྐོར་བའི་རྩེ་མོ་ལ། །གོང་གི་སྲད་བུ་བཏགས་བྱས་ཏེ། །མེ་ཏོག་སྔོན་པོའི་ཕྲེང་བ་ཡིས། །འཁོར་བར་ཡོངས་སུ་བརྒྱན་པར་བྱ། །བུམ་པ་སྔོན་པོ་བཅུ་བདུན་ཉིད། །མཐའ་མའི་ཕྱོགས་སུ་ངེས་པར་གཞག་།སྨན་དང་སྤོས་དང་སྙིང་པོ་དང ། །ལ་ན་ཚཝ་རྩི་ཐོག་ལ་སོགས་པས། །ལེགས་པར་བཀང་པས་གནས་པ་ཡིན། །རྒྱན་རྣམས་ཀུན་གྱིས་རབ་བརྒྱན་ནས། །ལུས་ལ་མངོན་པར་ཕྱོགས་པར་གཞག་།དེ་ནས་སྔགས་པ་བློ་ལྡན་པ། །གྲངས་དང་ངེས་པར་རབ་སྦྱར་ལ། །ཞལ་ཟས་ཟུ་
256a
༄#། །མེད་ལེགས་པ་དང ། །དྲི་དང་སྣང་བ་གང་ཡིན་དང ། །བྱུག་པའི་དྲི་དང་ཚངས་སྐུད་དང ། །ཕྲེང་བ་རལ་གྲི་བེ་ཅོན་རྣམས། །ཡང་དག་པ་རུ་དགོད་པར་བྱ། །གདུགས་དང་རྒྱལ་མཚན་བ་དན་དང ། །ཕྱོགས་སུ་ངེས་པས་ཡང་དག་གནས། །དེ་ནས་བདག་པོ་གང་ཞིག་གིས། །ན་བཟའ་དར་ཡུག་སྔོན་པོ་ལ། །གུར་གུམ་ཐིག་ལེས་ལེགས་བྲིས་ལ། །དེ་ཉིད་ལ་ནི་དབུལ་བར་བྱ། །ཡོལ་པ་སྔོན་པོས་ཕྱོགས་བསྐོར་ལ། །ཕྱི་མ་རྣམས་ཀྱིས་སྣང་མི་བྱ། །གལ་ཏེ་སྣང་བར་གྱུར་པ་ན། །རང་གི་ལུས་ལས་མ་གཏོགས་པའི། །གཞན་རྣམས་བརླག་པར་འགྱུར་བ་ཡིན། །དེ་བས་ལེགས་པར་བསྒྲིམས་པ་ཡིས། །ཕྱི་རོལ་གཞན་ལ་བསྟན་མི་བྱ། །གང་ཟག་གཅིག་པུར་གནས་པ་ཡིས། །ལས་ཀྱི་སྦྱོར་བ་འདི་བརྩམ་བྱ། །ཕྱག་དག་སྔོན་དུ་སོང་བ་ཡིས། ། མཆོད་པའི་ལས་ལ་མངོན་པར་གཞག་།བདག་ཉིད་ལས་ཀྱི་ཕྱག་རྒྱར་གནས། །བསམ་པ་མངོན་དུ་གྱུར་པ་ཡིས། །ཀུན་གྱི་འབྲས་བུ་གང་ཡིན་པ། །བདག་གིས་གསལ་བར་རབ་ཏུ་བརྟག། སྔགས་དང་ཕྱག་རྒྱ་རབ་ལྡན་པའི། །མཆོད་པ་འདི་དག་ངེས་པ་ལས། །བགེགས་བསལ་ཡེ་ཤེས་རབ་དབབ་པའི། །རྣལ་འབྱོར་རྫོགས་པར་ཡང་དག་གནས། །རང་རང་རིགས་ཀྱི་ཕྱག་རྒྱ་ཡིས།། སྔགས་བཟླས་པ་ཡིས་དབུལ་བར་བྱ། །ོཾ་ན་མོ་ནཱ་ལཱིཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཱཾ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མོ་ནཱ་ལཱིཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཱཾ་
256b
དྷུ་པ་ན་ར་ཡཱ་ཏཱ་ཡཱ་མི་ཧཱུཾ། ཨོཾ་ན་མོ་ནཱ་ལཱིཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཱཾ་ཨཱ་ལོ་ཀེ་ནིར་ཡཱ་ཏ་ཡཱ་མི་ཧཱུཾ། ཨོཾ་ན་མོ་ནཱ་ལཱིཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཱཾ་གནྡྷ་ནིར་ཡཱ་ཏ་ཡཱ་མི་ཧཱུཾ། ཨོཾ་ན་མོ་ནཱ་ལཱིཾ་པ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཾ་ནཻ་ཝི་དྱི་ནིར་ཡཱ་ཏ་ཡཱ་མི་ཧཱུཾ། ཨོཾ་ན་མོ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཱཾ་ཤབད་ནིར་ཡཱ་ཏ་ཡཱ་མི་ཧཱུཾ། ཨོཾ་ན་མོ་ནཱ་ལཱིཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཾ་ཙ་ནི་ཡཱ་ནིར་ཡཱ་ཏ་ཡཱ་མི་ཧཱུཾ། ཨོཾ་ན་མོ་ནཱ་ལཱིཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཱཾ་བཱ་ས་ན་ནིར་ཡཱ་ཏ་ཡཱ་མི་ཧཱུཾ། ཨོཾ་ན་མོ་ནཱ་ལཱིཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཱཾ་གནྡྷ་ར་ནིར་ཡཱ་ཏ་ཡཱ་མི་ཧཱུཾ། ཨོཾ་ན་མོ་ནིར་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཱཾ་སྥཪྴ་ནིར་ཡཱ་ཏ་ཡཱ་མི་ཧཱུཾ། ཨོཾ་ན་མོ་ནཱ་ལཱིཾ་བ་ར་དྷ་ར་བཛྲ་པཱ་ཎི་མཎྜ་ལ་དེ་བ་ཏཱ་ནཱཾ་རཏྣ་སརྦཱ་བསྟུ་ནིར་ཡཱ་ཏ་ཡཱ་མི་ཧཱུཾ། དེ་ཡི་སྔགས་ཀྱི་མཆོད་པ་ལས། །སྡིག་པ་བཤགས་པའི་སྔགས་ཀྱིས་སུ། །ཕྱག་རྒྱ་ངེས་པར་རབ་བཅས་པ། །སྡིག་པ་བཤགས་པའི་སྨྲེ་སྔགས་ཀྱིས། །ལུས་ངག་ཡིད་གསུམ་བཏུད་པ་ཡིས། །ཡང་དག་པར་ནི་བཤགས་པར་བྱའོ། ། བསོད་ནམས་རྗེས་སུ་ཡི་རང་དང ། ཡོངས་སུ་བསྔོ་དང་སྐྱབས་འགྲོ་དང ། །སེམས་བསྐྱེད་པ་དང་གནས་བཞི་དང ། །གོང་དུ་བསྟན་པའི་ཕྱག་རྒྱ་ཉིད། །སྐབས་འདི་དག་ཏུ་ཤེས་པར་བྱ། །དང་པོ་རྒྱུ་ལས་སྐྱེས་པ་ལས། །ཕྱི་ནས་དངོས་པོར་མི་གནས་ཤིང ། །རང་བཞིན་འོད་ནི་གསལ་བར་བསྒོམ། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། མཆོད་པའི་ལེའུ་སྟེ་བཞི་པའོ།།
257a
༄#། །དེ་ནས་ལག་ན་རྡོ་རྗེ་ཡིས། །གསང་བའི་མགོན་ལ་འདི་སྐད་གསོལ། །བསམ་པ་རབ་ཏུ་རྫོགས་པ་ཡི། །ནང་གི་རྣལ་འབྱོར་གསུང་དུ་གསོལ། །བདེ་གཤེགས་གསང་བས་བཀའ་སྩལ་པ། །གང་ཞིག་བསྒྲུབ་པར་བྱ་བ་ལ། །ཐབས་ཀྱི་དངོས་གྲུབ་པར་འགྱུར། །དང་པོ་ཤེས་རབ་ཅན་དག་གིས། །བདག་གི་དངོས་པོར་སྣང་བ་ལས། །དེ་ཉིད་དད་ལ་མཆོག་ཉིད་ཀྱིས། །འོད་ཟེར་བསིལ་ལྡན་ཡང་དག་བསམ། །དེ་ལ་གང་དུ་གྱུར་པ་ནི། །དབྱུགས་རྒྱུ་འགུགས་པར་ངེས་པར་བསམ། །དེ་ལས་གསལ་ལྡན་རིགས་ལྔ་པ། །སྟོང་པའི་དཔེ་ལས་མངོན་སོང་བའི། །གཟུགས་བཟང་མ་སོགས་རིག་མ་ཡིས། །མི་འཆི་ལྔ་ལྡན་དུས་འགྱུར་ལས། །འཛིན་པ་ཅན་ལ་སྦྱིན་པར་བསྒོམ། །དེ་ནས་སྔགས་འདིས་རབ་བསྔགས་ཏེ། །བདག་ཉིད་རིགས་སུ་ལྡན་པ་ཡིས། །བདག་པོས་ཕྱག་རྒྱ་ངེས་པར་གསལ། །ོཾ་ཨ་བྷི་ཥིཉྩ་ཏུ་མཱཾ་བཛྲ་པཱ་ཎི་ཧཱུཾ་ཨ་ཧོ་ཨ་ཧ་རཾ་ཏ་ཐཱ་སྠི་ཏོ་ཡཾ་ཨ་ཧོ་མ་མ་པྲྀ་ཡཾ་སྟུ་ཏི་ཧཱུཾ། བདག་ཉིད་དངོས་པོ་ལ་བརྟེན་ནས།། མཚན་མར་མི་གནས་མ་སྐྱེས་པའི། །གདོད་ནས་གྲུབ་པ་བསམ་བྱ་སྟེ། །སངས་རྒྱས་དངོས་ལ་རབ་སྦྱོར་བས། །དང་པོར་དངོས་དག་བསམ་བྱས་ནས། །བདག་ཉིད་གང་གི་གཟུགས་གནས་ལ། །སྟེང་དུ་མིག་འདྲའི་དངོས་པོ་བསྒོམ། །དེ་ལས་གང་དུ་གྱུར་པ་ལས། །འཇིགས་བྱེད་རིགས་དགུ་ངེས་པར་བསམ། །མིག་འདྲའི་སྤུ་གུ་རབ་སྦྱར་བས། །སྙིང་པོའི་སྟེང་དུ་གསལ་བར་
257b
སྣང ། །སྙིང་པོའི་སྟེང་དུ་ཆུ་བསྒྲུབས་པས། །ཡན་ལག་སྟོང་དང་ལྡན་པ་ཉིད། །སྤུན་ལ་ཕྱོགས་པར་ཁ་བལྟས་ནས། །བདག་ལས་གོང་དུ་གྱུར་པ་ཡི། །ཧཱུཾ་གཉིས་ལས་བསྒྲུབ་སྟེང་མ་ཡི། །ངེས་པར་གསལ་བྱེད་སྦྱར་བ་ལས། །དངོས་པོའི་སྙིང་པོར་རབ་སོང་སྟེ། །དེ་ལས་མི་འཆི་འོད་ལྡན་པས། །འཇོམས་བྱེད་སྟེང་ན་རབ་གནས་པའི། །མིག་འདྲའི་ཡན་ལག་བརྒྱད་དང་ལྡན། །འཇོམས་བྱེད་མིག་འདྲ་གར་མར་སྦྱོར། །ཐབས་དང་ཤེས་རབ་གསུམ་དུ་ངེས། །དངོས་པོ་གསུམ་ལས་རབ་བརྒྱུད་དེ། །སྙིང་པོའི་སྟེང་དུ་རབ་གནས་པའི། །མིག་འདྲ་སྟེང་དུ་ངེས་པར་སོང ། །རང་གི་གར་མའི་ཁྱོན་ཙམ་ལ། །སྐད་ཅིག་བྱེ་བྲག་བཅུ་དྲུག་པའི། །ཐབས་སུ་ཡོངས་སུ་རྫོགས་པ་སྟེ། །དང་པོ་དངོས་པོར་བརྟག་མི་བྱ། །རྫོགས་པ་ཉིད་ལ་མེ་འབར་བས། །རིམ་པ་དེ་ཉིད་མི་གནས་ཤིང ། ། དངོས་པོའི་སྣང་བ་གང་ཡིན་པ། །མར་མེའི་རྩེ་མོ་ལྟ་བུ་ཡི། །ཕྱི་ནས་རང་བཞིན་འོད་གསལ་བའི། །དང་པོ་རབ་ཏུ་བརྟག་པར་བྱ། །རིམ་པ་གསུམ་པ་རབ་རྫོགས་ཡིན། །སྟེང་དུ་པཾ་གཉིས་རབ་འབར་དང ། །ཧཱུཾ་ལས་སྐྱེས་པ་ཐུབ་པའི་སྐུ། །ཡང་དག་པ་རུ་བརྟག་བྱ་ཡིན། །འོག་ཀྱང་གོང་མའི་ས་བོན་ལས། །བསྐྱེད་པར་བྱ་བ་ཁོ་ན་ཡིན། །སེམས་དཔའ་གཉིས་སུ་ངེས་པ་དང ། །འཁོར་ལོ་སྤྲོས་པས་ཆར་ལྟ་བུའི། །ལོ་ཏོག་ཤིན་ཏུ་སྨིན་བྱེད་པའི། །སྐྱོན་རྣམས་སྤངས་ནས་དེ་ཉིད་དུ། །སླར་ཡང་ངོ་བོས་ཡང་དག་གནས། །དེ་ལྟར་གསལ་བར་མ་འཁྲུལ་བར། །སྐྱོན་གྱིས་མ་གོས་དྲི་
258a
༄#། །མེད་དོ། །མཁའ་ལ་ཀུན་ཞེས་སེམས་ཀྱིས་སུ། །རྡོ་རྗེ་ལམ་དུ་རབ་ཞུགས་ནས། །ནོར་བུ་དྲི་མེད་ཟླ་བ་ཡི། །ལས་ལ་སྦྱོར་བ་སྣ་ཚོགས་པ། །མཉམ་པར་སྦྱར་བས་བདེ་བའི་མཆོག་།མི་འཛག་གནས་དང་ལྡན་པར་འགྱུར། །མཁས་པ་སངས་རྒྱས་བདེ་བས་བདེ། །ལུས་ལ་ཆགས་པར་མི་ལྟ་ཞིང ། །སེམས་ལ་ཆགས་པ་ཆེན་པོར་བསྐྱེད། །དེ་འདྲའི་སྤྱོད་པས་ཡོངས་བསྡུས་ནས། །གང་ཞིག་མྱ་ངན་འདས་པ་ལས། །མཆོག་གྱུར་མི་གནས་མྱ་ངན་འདས། །ས་ལ་མངོན་པར་མི་གནས་ཤིང ། །ཀུན་ཏུ་འང་མངོན་པར་མི་གནས་པས། །ཡེ་ཤེས་རྡོ་རྗེ་གོ་འཕང་ཉིད། །བརྒྱུད་པས་མངོན་དུ་བྱེད་པ་ལ། །འདི་ལ་རྫས་ལ་སོགས་པ་ཡི། །འདི་ཡི་དངོས་གྲུབ་གང་ཡིན་པས། །ངེས་པར་འགྲུབ་པས་སྨོས་ཅི་དགོས།། ཤེས་རབ་ཅན་གྱི་ལས་འདི་ལས། །ཆགས་པ་ཆེན་པོར་ཡང་དག་བསྒྲུབ། །ལུས་ལ་མེ་འབར་ཆེན་པོ་ཡི། །སྙིང་པོ་འདི་ཉིད་བཟླས་པ་ལས། །རང་ཉིད་པདྨ་གསང་བ་ཡི། །དྲག་པོའི་རྟགས་སུ་ངེས་པ་སྟེ། །དེ་བཞིན་རྟག་ཏུ་བསྒྲུབ་པར་བྱ། །སྔགས་བཟླས་ཆོ་ག་གསུམ་ལས་ནི། །ཁྱད་པར་ངེས་པར་དམིགས་བྱས་ལ། །བདག་ཉིད་ཐ་མལ་གཟུགས་ཀྱིས་གནས། །དེ་དག་ཕན་ཚུན་བརྒྱུད་པ་ཡིས། །ཟོ་ཆུན་བརྒྱུད་པ་བཞིན་དུ་བསམ། །དྲག་པོའི་བཟླས་པ་དེ་ཉིད་དང ། །རང་བཞིན་རྡོ་རྗེའི་བཟླས་པ་ཡིས། །རིགས་གསུམ་ཡོངས་སུ་བསྡུས་པ་ཡིན། །ོཾ་བྷཽ་
258b
བྷཽ་བཱ་ན་ནཱ་ག་ཨ་དྷི་བ་ཏ་ཡེ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་ཤ་རཱི་རཾ། བཛྲ་པཱ་ཎི་ཧྲི་ད་ཡཾ། ཡཿ ས་མཱ་ཏི་ཀྲ་མ་ཐ། མཱ་ཀུ་ལ་ཨུཏ་ས་ད་ནཱཾ་བྷ་བི་ཥཾ་ཏེ། ཏདྱ་ཐཱ། བུདྡྷ་བུདྡྷ། བི་བུདྡྷ་བི་བུདྡྷ། མ་ཏི་ཀྲ་མ་ཐ། ཧ་ར་ཧ་ར་ནཱ་གཱ་ནཱཾ། པྲ་ཧ་ར་པྲ་ཧ་ར་ནཱ་གཱ་ནཱཾ། ཙྪིནྡ་ཙྪིནྡ་ནཱ་ག་ཧྲྀ་ད་ཡཱ་ནི། བྷིནྡ་བྷིནྡ་ནཱ་ག་མརྨ་ནི་བྷི་ཤཱིརྱནྟུ་ནཱ་ག་ཤ་རཱི་རཾ། བི་སྥོ་ཊ་ཡ་ནཱ་ག་ནཱ་ཡ་ནཱ་ནི། ཏདྱ་ཐཱ་ཧཱུཾ་ཕཊ། ནཱ་ག་བི་དཱ་ར་ཎཱ་ཡ་ཧཱུཾ་ཕཊ། ནཱ་ག་ཀྲོ་ཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། ནཱི་ལཱིཾ་བ་ས་ནཱ་ཡ་ཧཱུཾ་ཕཊ། ཨ་པྲ་ཏི་ཧ་ཏ་བ་ལ་པྲ་རཱ་ཀྲ་མཱ་ཡ་ཧཱུཾ་ཕཊ། ཀྲྀ་ཏཱ་ན་ཏཱ་ཡ་ཧཱུཾ་ཕཊ། ཀྲྀ་ཏཱནྟ་ཏ་རཱུ་པཱ་ཡ་ཧཱུཾ་ཕཊ། རོ་ཥ་ཎཱ་ཡ་ཧཱུཾ་ཕཊ། ཏྲཱ་ས་ནཱ་ཡ་ཧཱུཾ་ཕཊ། ཀུཾ་བྷཱནྡ་ཨུཏ་སཱ་ད་ནཱ་ཡ་ཧཱུཾ་ཕཊ། པྲ་ཏ་པི་ཤཱ་ཙི་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཡཀྵ་ཨ་བསྨཱ་བི་ནཱ་ཤ་ཀཱ་ར་ཡ་ཕཊ། ཧ་ན་ཧ་ན་ཧཱུཾ་ཕཊ། ཧ་ས་ཧ་ས། དྷ་ར་དྷ་ར། མཱ་ར་ཡ་མཱ་ར་ཡ། ནཱ་ཤ་ཡ་ནཱ་ཤ་ཡ། སརྦྦ་བིགྷྣཾ་བི་ནཱ་ཤ་ཀ་རཱ་ཡ་ཕཊ། སརྦྦ་ཤ་ཏྲཱུཾ་སཾ་གྷ་བི་ནཱ་ཤ་ཀ་རཱ་ཡ་ཧཱུཾ་ཕཊ། ཨི་དཾ་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱཾ་པ་ཡ་ཏི་སཝཱཧཱ། ཨོཾ་དཾཥྜ་ཀ་རཱ་ལོ་ཀི་བྷཱི་ཥ་ན་ནཱི་ལཱཾ་བ་ར་དྷ་ར་བཛྲ་པཱ་ཎི་ཡེ། ནཱ་ག་ཨ་ལཾ་ཀཱ་ར་ས་པ་ཏེ་ཀེ་ཏུ་བྱཱ་གྷྲ་ཙ་ར་མ་ནི་བ་ས་ནཱ་ཡ། བྷ་མ་ཀཱ་ར་ག་རུ་ཌ་ར་ས་ཏི། ཀྲོ་དྷ་མཱུར་ཏི་ན་ཏྲེ་ལོཀྱ་ད་ཧཱ་ཡ། བྷྱ་མ་མནྟྲ་ཨ་ས་ན་རུ་དྲཱ་ཡ་ནཱ་ག་ཙ་རུ་མ་བྷཀྵཱ་ཡ་ཧཱུཾ་ཕཊ། ཨོཾ་ཏྲཻ་ལོ་ཀྱ་བྷི་ཛཱ་ཡ་ཧཱུཾ་ཕཊ། ཨོཾ་མཧཱ་ཀཱ་ལ་རོ་ཥ་ཎཱ་ཡ་ཧཱུཾ་ཕཊ། ཨོཾ་བཻ་ཤྲ་མ་ཎཱ་ཡ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལ་ཧི་ན་ཧ་ན་ཧཱུཾ་ཕཊ། ཨོཾ་བཛྲ་ཡཀྵ་ཧཱུཾ་ཕཊ། ཨོཾ་བཛྲ་ཡ་བེ་ཏཱ་ལི་ནི་ཧཱུཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་བྷཻ་ར་བཱ་ཡ་ཧཱུཾ་ཕཊ། ཨོཾ་
259a
༄#། །བཛྲ་པྲ་བྷོཏྤ་ཏཱ་ཡེ་ཧཱུཾ་ཕཊ། ཨོཾ་མ་ནོ་ཧཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ས་མནྟ་བྷདྱེ་ཧཱུཾ་ཕཊ། ཨོཾ་ཤབྷ་གཱི་ཏྱེ་ཧཱུཾ་ཕཊ། ཨོཾ་པྲ་ཎཱ་པ་ཏེ་ཏྱཻ་ཧཱུཾ་ཕཊ། ཨོཾ་ཤཝཱཾ་ས་ཏྱཻ་ཧཱུཾ་ཕཊ། ཨོཾ་རཱ་ག་ཏ་པྲི་ཡ་ནི་ཧཱུཾ་ཕཊ། ཨོཾ་མཱ་ན་ས་བྷཀྵྀ་ནི་ཧཱུཾ་ཕཊ། ཨོཾ་ཙཎྜ་མཧཱ་རོ་ཥ་ཎ་སརྦྦ་སིདྡྷཱི་ཡ་ཧཱུཾ་ཕཊ། ཨོཾ་མ་ཎི་དྷ་རི་བཛྲི་ཎི་ཧཱུཾ་ཕཊ། ཨོཾ་བ་སུ་རཏྣ་བི་ཏ་ཧཱུཾ་ཕཊ། ཨོཾ་ཨ་མྲྀ་ཏ་སིདྡྷི་ཧཱུཾ་ཕཊ། ཨོཾ་སཾ་ཤོ་དྷ་ཡ་བ་ར་བ་ར་ཧཱུཾ་ཕཊ། ཨོཾ་ཙ་པ་ཤ་ས་བ་ནི་ར་ཧཱུཾ་ཕཊ། ཨོཾ་ཀུ་མཱ་ར་ཙ་ཤ་མ་ཎི་ཧཱུཾ་ཕཊ། དེ་ནས་ཕྱོགས་བཅུ་འཁྲུགས་པ་ལས། །ཡི་གེ་ངེས་པར་གང་ཡིན་པ། །བླ་མའི་མན་ངག་རབ་གསལ་བས། །གཅིག་ཏུ་བསྡུས་པས་བཟླས་པར་བྱ། །རང་བྱུང་སྔགས་པས་བདག་ཉིད་ལ། །གྲངས་ཚད་བཟུང་བ་གང་ཡིན་པ། །རིགས་ཀྱི་དབང་གིས་རྣམ་པར་བཤད། །ཀུན་ཏུ་སྣང་བ་གང་ཡིན་པ། །རིགས་སུ་བསྡུས་ནས་ངག་གི་ཡང ། །སྤྱོད་ཡུལ་མ་ཡིན་ཐ་མ་ལ་གཉིད། །དྲག་པོའི་སྙིང་པོ་ཉིད་ལ་ཡང ། །རང་བཞིན་རྡོ་རྗེ་བཟླས་པ་ཡིས། །རིགས་གསུམ་ཡང་དག་བསྡུས་པ་ཡིན། །གོང་མའི་སྔགས་ལ་རབ་བསྔགས་པ། ། མཐའ་རུ་ཀུན་ལ་ཧཱུཾ་གིས་བརྒྱན། །དེ་མཐར་བསྐྲད་པའི་ཚིག་དག་གིས། །ཡོངས་སུ་བརྒྱན་པས་ངེས་པར་བཟླས། །གང་དང་གང་ལ་ལས་སྦྱོར་བ། །དེ་དང་དེ་ལས་མན་ངག་གིས། །མངོན་པར་ཤེས་པས་ཡང་དག་བཤད། །བཟླས་པ་ཕུན་སུམ་ཚོགས་ལྡན་པས། །རབ་འབྲིང་ཐ་མ་ལྡན་པ་ཡིས། །དང་པོ་སྦྱོར་བ་ངེས་པ་དང ། །མཐའ་མར་ལས་ལ་འཇུག་པ་ལ། །གྲངས་དང་
259b
ཆ་རུ་རྣམ་པར་ལྡན། །སྤྱོད་ཡུལ་བསྡུས་པ་ངེས་གསལ་བ། །བདག་གིས་གང་ལ་བརྟག་པར་བྱ། །དང་པོར་སྲིད་ལ་ཆགས་པ་དང ། །བར་དུ་གང་ཞིག་གནས་པ་ཉིད། །ཐ་མར་འཇིག་པ་གང་ཡིན་པས། །སྔགས་རྣམས་ཐམས་ཅད་རྒྱས་པར་གསུངས། །འབྱུང་བ་ལྔ་དང་རབ་ལྡན་པས། །དེ་ལས་ཆོས་རྣམས་ཐམས་ཅད་ལས། །ཡོངས་སུ་འབྱུང་བས་ཡང་དག་གནས། །དེ་དང་རབ་སྦྱར་དང་པོའི་དོན། །འདི་ལས་གྲུབ་པར་གྱུར་པ་གང ། །ལས་རྣམས་སྣ་ཚོགས་གང་ཡིན་པ། །གདོན་མི་ཟ་བར་ངེས་པ་ཡིད། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། །ནང་དང་སྔགས་ཀྱི་ལེའུ་སྟེ་ལྔ་པའོ།། །།ལག་ན་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །སེམས་ཅན་སྨིན་པར་བྱ་བའི་ཕྱིར། །འཇུག་པའི་ཐབས་ཉིད་གསུང་དུ་གསོལ། །ཀུན་མཁྱེན་མགོན་པོས་བཀའ་སྩལ་པ། །དང་པོར་ས་བརྟག་ལ་སོགས་པ། །ངེས་པར་གོང་དུ་བསྟན་པ་ལྟར། །ལས་རྣམས་ངེས་པར་རྫོགས་པར་བྱ། །ས་ཕྱོགས་དབེན་པའི་ཁྱིམ་རྣམས་སུ། །བ་ཡཾ་རྣམ་ལྔ་ལ་སོགས་དང ། །རམས་དང་མཐིང་ཤུན་ངེས་པར་སྦྱར། །ཐ་མའི་ཚད་དུ་རབ་སྦྱར་ལ། །གུར་གུམ་ཐིག་ལེས་ཡང་དག་གདབ། །ཞལ་ཟས་སྣ་ཚོགས་འབྱོར་ལྡན་པའི། །ཀུན་ཀྱང་ལྔ་ལྔར་ཡོངས་སུ་གནས། །ལས་རབ་མཆོག་གི་གཏོར་མ་ལ། །རྫས་རྣམས་ཕུན་སུམ་ཚོགས་པ་ཡིས། །སེམས་བསྐྱེད་པ་དང་སྐྱབས་འགྲོ་དང ། །གསང་བ་གསུམ་གྱི་གནས་རྣམས་སུ། །དྲི་ཡི་
260a
༄#། །ཐིག་ལེ་རྡོ་རྗེ་དང ། །བཅས་པའི་གུང་མོས་ཀུན་བསྐུས་ལ། །མི་འགྱུར་གསུམ་ལ་སྐུ་གསུམ་དུ། །སྔགས་འདི་དག་གིས་བྱིན་གྱིས་བརླབ། །ོཾ་ཏྲི་མ་ཏ་བི་ཤོ་དྷ་ཡ་ཨཱཿ ཧཱུཾ། དེ་ནས་སོ་ཤིང་དག་ལ་ནི། །སྔགས་འདིས་ཡོངས་སུ་དག་བྱས་ལ། །སློབ་མ་ལ་བྱིན་སོ་བཀྲུས་ཏེ། །མིག་བཀབ་བསམ་པ་དག་པ་ཡིས། །དེ་ཡི་སྟེང་དུ་བོར་བར་བྱ། །གང་དུ་ཁ་བལྟས་མེ་ཏོག་ཕྲེང ། །རིགས་དང་རྗེས་སུ་བསྟུན་པ་ལས། །དེ་ཡི་དངོས་གྲུབ་བརྗོད་པར་བྱ། །དེ་ནས་སྲུང་སྐུད་སྔོན་པོ་ལས། །སྔགས་ཀྱིས་དག་པར་བྱས་པ་ལས། །སྐྱེས་པ་གཡས་པ་བུད་མེད་གཡོན། །དཔུང་པ་དག་ལ་བཅིང་པར་བྱ། །བཀྲ་ཤིས་རྩཝ་ཡི་སྔགས་དང་སྟན། །ལེགས་པར་བཅུག་པས་མཚན་མ་བརྟག་།བཟང་ངན་ལྟས་སུ་བཅས་པ་དང ། །བཟློག་པར་བྱ་དང་བྱ་མི་དགོས། །ཤེས་རབ་ཅན་གྱིས་རྒྱུད་གཞན་ལས། །འབྱུང་བ་བཞིན་དུ་བརྟགས་ལ་བྱ། །དང་པོར་བསྙེན་པ་རབ་འབྲིང་དང ། །ཐ་མར་ཡོངས་སུ་བསྙེན་བྱས་ལ། །དེ་འོག་སྔགས་པ་བློ་ལྡན་པས། །ཡང་དག་པར་ནི་སྦྱོར་བ་བརྩམ། །ོཾ་བཛྲ་ས་མ་ཡ་སིདྡྷི་ཨཱ། ཨོཾ་སརྦྦ་རཀྵ་སརྦ་སིདྡྷི་ཨཱཿ ཧཱུཾ། རང་བཞིན་མི་གནས་དོགས་པ་ཡིས། །ཀུན་རྫོབ་དྲི་མ་སྦྱང་བར་བྱ། །དེ་ནས་སྣ་ཚོགས་འབྱོར་པ་ལས། །གོང་དུ་སྨོས་པའི་དཀྱིལ་འཁོར་ཉིད། །ཡོངས་སུ་རྒྱས་པར་བྲི་བར་བྱ། །རྫས་རྣམས་ཕུན་སུམ་ཚོགས་པ་ལ། །མཆོད་པས་ཡང་
260b
དག་མཆོད་པར་བྱ། །དེ་ཉིད་གཟུགས་ལ་རབ་ཏུ་ཡང ། །གནས་པས་བདག་ཉིད་དེ་ཉིད་དུ། །ཡང་དག་པར་ནི་བསྐྱེད་པར་བྱ། །པདྨ་ཉིད་ལ་གོས་ལ་སོགས། །སྔོན་པོས་ཡང་དག་དཀྲིས་བྱས་ལ། ། བདུད་རྩི་འཁྱིལ་པའི་སྔགས་ཀྱིས་སུ། །དྲི་ཆུས་གཏོར་ཞིང་གཞུག་པར་བྱ། །མདུན་དུ་ངེས་པར་གནས་པ་ལས། །ཆེ་ཆུང་དེ་ཉིད་འབྱོར་པ་ཡིས། །མོན་ཉིད་ཁས་དག་ལེན་དུ་གཞུག་།ཐལ་མོ་བདག་གིས་བཟུང་བྱས་ལ། །སེམས་བསྐྱེད་ལ་སོགས་རྒྱས་པར་བརྗོད། །སྣང་བ་སྣ་ཚོགས་ངེས་པ་ལས། །རིགས་ནི་རྗེས་སུ་གཟུང་པར་བྱ། །མེ་ཏོག་སྔོན་པོའི་ཕྲེང་བ་ཡིས། །སྔགས་བརྗོད་པས་ནི་བོར་བར་བྱ། །དེ་ལྟར་ལྷ་ཚོགས་རབ་བསྟན་ནས། །བུམ་པའི་ཆུ་ཡིས་སློབ་མ་ལ། །དབང་བསྐུར་སློབ་དཔོན་བདག་ཉིད་ཀྱིས། །བྱིན་པ་བུམ་པའི་དབང་ཡིན་ཏེ། །རགས་པ་རྣམ་པར་དག་པར་འདོད།། དེ་ནས་ཕྱག་རྒྱ་བཅས་པ་ལས། །བྱང་ཆུབ་སེམས་ལྡན་མ་ཉམ་པས། །བདག་དང་གཞན་རྣམས་གང་རུང་བས། །བདེ་བ་སྣོང་དུ་རབ་སྦྱར་ནས། །བསམ་པས་ཡང་དག་སྦྱར་བྱས་ཏེ། །ཐབས་དང་ཤེས་རབ་ཕྱག་རྒྱ་ཡིས། །དེ་ཡི་ཁ་རུ་སྦྱིན་པར་བྱ། །དེ་དག་གསང་བའི་དབང་ཡིན་ཏེ། །དེ་འོག་རྣམ་པར་དག་པ་ཡིན། །དེ་ནས་བདག་ཉིད་དངོས་པོ་གང ། །བུ་མོ་མདོག་བཟང་སྔོན་མོ་ལ། །གར་དང་ལྡན་པའི་ཡངས་པས་བསྐྱོད། །ཆོ་གས་ཡང་དག་བཟུང་བྱས་ལ། །ཐབས་གཉིས་རབ་ཏུ་བསྐྱོད་པ་ཡིས། །སྣ་ཚོགས་དངོས་པོ་སྣང་བ་ཡིས། །དེ་འོག་སོར་བཞི་གཞལ་བྱས་ནས། །ཤེས་
261a
༄#། །རབ་གཉིས་ལ་མནན་པ་ཡིས། །བདེ་བ་དཔག་ཏུ་མེད་པ་མྱོང ། །དེ་མྱོང་སྐད་ཅིག་རྫོགས་པ་ཡིས། །དཔེ་ལ་བལྟས་པ་ཡིན་པར་བསྟན། །དེ་ཡིས་ཤེས་རབ་ཡེ་ཤེས་ཀྱི། །དབང་ཉིད་མངོན་པར་རྫོགས་པར་འགྱུར། །དེ་རྫོགས་སེམས་ཉིད་དག་པ་སྟེ། །བཞི་པ་ཆོས་ཉིད་མངོན་རྟོགས་དབང ། །མེད་པ་མངོན་པར་སྣང་བར་འགྱུར། །དེ་ཡིས་སྤྱི་ལ་ཁྱབ་གནས་ཏེ། །རང་ལ་ཡོད་བཞིན་ངེས་པར་སྤངས། །ོཾ་ཨཱ་ཁཾ་བཱི་ར་ཧཱུཾ། ཨོཾ་ཡ་ཐཱ་ཀུ་ལ་ཏ་ཐཱ་ཨ་ཧཾ། སངས་རྒྱས་ཀུན་གྱི་ཕྱག་བརྙན་འབར། །དེ་ཉིད་དུ་ནི་སློབ་མ་འགྲུབ། །དར་ལ་སོགས་པ་སྔོན་པོ་ཡིས། །སློབ་མ་ཉིད་ལ་དབང་བསྐུར་ལ། །སྔགས་འདི་ཡིས་ནི་བྱིན་བརླབས་ལ། །དང་པོ་གཉིས་སྦྱར་དར་བཟུང་ནས། །སྔགས་ཀྱིས་ཡང་དག་བསྐོན་པར་བྱ། །མཁའ་ལྡིང་སྔོན་པོ་འདབ་རྒྱས་པ། །མགུལ་པ་དར་དཔྱངས་ལྡན་པ་ཡིས། །བུ་ཉིད་ལ་ནི་ངེས་པར་སྦྱིན། །དངོས་གྲུབ་སྣ་ཚོགས་འགྲུབ་པ་དང ། །གདོན་རྣམས་ཐམས་ཅད་འཇོམས་པ་དང ། །བེ་ཙོན་སྔོན་པོ་དབྱིག་དང་ལྡན། །མེ་ཏོག་སྔོན་པོའི་ཕྲེང་བས་ཀྱང ། །དེ་ཉིད་ལ་ནི་བསྐོན་བྱས་ནས། །སྔགས་དང་ཕྱག་རྒྱ་འདིར་ལྡན་པའི། །བུ་ཉིད་ལ་ནི་སྦྱིན་པར་བྱ། །དང་པོ་གསུམ་བར་བ་སྦྱར་བས། །སྤྱི་བོའི་སྟེང་དུ་ངོས་བཟུང་སྟེ། །དེ་ནི་བྱེད་པ་པོ་ལ་གཞག་།བདག་ཉིད་ཡན་ལག་རིགས་ངན་གྱིས། །དབུས་ཀྱི་གཡོན་པ་བགྲང་བྱས་ལ། །རིགས་ཚང་ཡན་ལག་བཅིངས་པ་ཡིས། །ཕྱར་དེ་བྱེད་པ་པོ་ལ་
261b
གཞག་།དེ་ཡི་སྟོད་ལ་གནས་བྱ་བ། །ཚངས་པ་ཆེན་པོ་མཐོང་བྱེད་དང ། །མཆོད་པ་ཀུན་གྱི་སྡུད་པ་ཡིས། །དར་དམར་རས་སམ་གང་རུང་བའི། །སྔགས་ཆུས་དག་བྱས་ལེགས་བཀབ་ནས། །བཞི་རུ་ངེས་པར་གཅིག་པ་ཡི། །དངོས་པོ་གང་དག་གདགས་པར་བྱ། །ཕྱག་རྒྱ་འདའ་མིན་གྲགས་པར་ལྡན། །བྱ་བས་སྔགས་བཟླས་ཡང་དག་ལྡན། །ཀུན་ལ་ཁྲོ་གཉེར་བརྗིད་པ་ལྟར། །ོཾ་ཨུ་ད་ར་སཾ་གྷ་བ་བྷུ་ཡ་ཧཱུཾ། ཨོཾ་གྷ་རུ་ཌ་སརྦ་ནཱ་ག་བྷཀྵ་ཧཱུཾ། ཨོཾ་བ་རཾ་དན་དྷ་ཀ་སརྦྦ་སིདྡྷི་པྲ་བཏ་ཧཱུཾ། ཨོཾ་ཨ་ཛྙོ་པ་ཡ་ཏི་ལོ་ཀེ་བ་ཤི་ཀ་རཱ་ཡ་ཧཱུཾ། དེ་ཡི་ལག་པ་སྒྲོམ་བྱས་ལ། །བདག་གི་དྲག་པོའི་ལས་སྦྱོར་བ། །དེ་ཡི་སྒྲོ་མ་ནས་དྲངས་བྱས་ཏེ། །སྙིང་པོ་འདི་ཉིད་ངེས་པར་སྦྱིན། །ོཾ་ཙཎྜ་མཧཱ་རོ་ཥ་ཎ་བཛྲ་པཱ་ཎི་ད་ཧ་ད་ཧ། སརྦྦ་བི་གྷྣཱཾ་ཧ་ན་ཧ་ན་སརྦྦ་ན། སརྦྦ་ཨརྠ་ཤཱི་གྷྲཾ་ཀུ་རུ་ཧཱུཾ། དེ་ནས་ལེགས་པའི་མཚན་མ་ལ། །ཆོས་ལ་དབང་སོགས་མི་གནས་ན། །འཇུག་པར་འགྱུར་བ་ག་ལ་སྲིད། །རྒྱུད་གཞན་ལ་ནི་སྤྱི་དབང་གནས། །དེས་ནི་ཀུན་ལ་འཇུག་པར་འགྱུར། །སྤྱི་ཉིད་དབང་ལ་མི་ལྟོས་པར། །དེ་ཉིད་ལ་ནི་རྟོགས་པའི་མཆོག། འདི་ཡི་འཇུག་པ་ཁོ་ན་ཡིན། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། དབང་གི་ལེའུ་སྟེ་དྲུག་པའོ།། །།དེ་ནས་ལག་ན་རྡོ་རྗེ་ཡིས། །གསང་བའི་མགོན་ལ་འདི་སྐད་གསོལ། །ཐམས་ཅད་རྫོགས་པ་ཆེན་པོ་ཡི། །རིམ་པའི་རྣལ་འབྱོར་གསུམ་དུ་གསོལ། །བདེ་གཤེགས་གསང་བས་བཀའ་སྩལ་པ། །སྟེང་དང་འོག་གི་སྟེང་དུ་གཉིས། །དཀྱིལ་འཁོར་བཞི་ཡི་
262a
༄#། །བདག་ཉིད་ནི། །ཐམས་ཅད་ཤེས་རབ་དམ་པ་སྟེ། །ཡོན་ཏན་སྡུད་སོགས་ཚོགས་སྙིང་པོ། །ས་བོན་འབྲས་བུ་རྣམ་པ་ཡིས། །སྤར་དང་སྒོམ་ལ་ལྟུང་བར་འགྲུབ། རྣམ་པར་སྣང་མཛད་གནས་དག་ཏུ། །རྩ་གཉིས་གཉིས་ཀྱི་བདག་ཉིད་ཅན། །གློ་གཏད་རྩེལ་ལྟུང་གྱུར་ནས། །བདེ་དེ་གྱེན་དུ་ལྡོག་པས་ནི། །ཐམས་ཅད་གནས་སུ་གཅིག་ཏུ་འགྱུར། །སྣང་བ་མཐའ་ཡས་གནས་དག་ཏུ། །བརྒྱད་གཉིས་ཤེས་རབ་རི་མོར་བཅས། །དབུས་ཀྱི་བྱང་ཆུབ་ཐིག་ལེ་ལ། །གློ་གཏད་སྣང་མཛད་གནས་སུ་ཕྱིན། །དེ་ཡིས་སངས་རྒྱས་ཐམས་ཅད་བཀུག། ཡིད་བཞིན་ནོར་བུ་འདྲ་བར་འགྱུར། །འོག་ནས་རང་གི་གནས་སུ་བསྡུ། །རྡོ་རྗེ་སེམས་དཔའི་གནས་དག་ཏུ། །བརྒྱད་དང་བཞི་ཡི་བདག་ཉིད་ཅན། །དང་པོས་དང་འབྱུང་བ་ཡི། །ངེས་པའི་རི་མོ་བསམ་པར་བྱ། །རང་གི་ས་ནས་མཐའ་ཡས་བསྐུལ། །འདྲེས་པས་བདེ་བའི་གནས་སུ་ཕྱིན། །ཐམས་ཅད་འདྲེས་པར་རང་གི་སར། །བདེ་དང་ལྡན་ནས་དེ་ཡིས་འགྲུབ། །སྤྲུལ་པའི་གནས་སུ་བཅུ་གསུམ་ལ། །གཉིས་པ་གཉིས་དང་ཡང་དག་ལྡན། །ཡི་གེ་ཐིག་ལེ་བཅས་པ་ཡིས། །འགྲོ་རྣམས་བདེ་བའི་གནས་སུ་སྤྲོས། །སླར་འདུས་དེ་རུ་དངོས་གྲུབ་འགྱུར། །ཡང་ན་རྟག་ཆད་བྲལ་བ་ཡི། །དབུ་མ་ཆེན་པོའི་དབྱིངས་ཉིད་དུ། །ཡེ་ཤེས་ཕྲ་མོ་མར་གྱིས་སྤྲོས། །དབྱིངས་ལ་ཐུག་ནས་མར་ལ་བྱུང ། །དེ་ཚེ་མི་གནས་བསམ་དང་བྲལ། །འདོད་ཆགས་དག་དང་ལྡན་
262b
གྱུར་ན། །གཅིག་ཤོས་ལེན་པའི་ཡོན་ཏན་ལྡན། །རྩེ་མོར་མ་དང་ཕཊ་ལྡན་པས། །ཙཎྜ་ལི་ཡི་དྲོད་བྱུང་ནས། །སེམས་དཔའ་ཡེ་ཤེས་རྩེ་ལ་ཟུངས། །དེ་ཡིས་ཡང་སྦྲུལ་གནས་སུ་བཀུག་།སྙོམས་པར་ཞུགས་ཤིང་གཡོ་བས་བཟློག་།ཐ་མའི་ཡི་གེ་འགྲོ་འོང་ནི། །ཞུ་བའི་བསམ་པས་བྱ་བར་གསུངས། །དེ་ནས་དེ་བསངས་དངོས་གྲུབ་འགྱུར། །ཡང་ན་འོག་གི་ཐིག་ལེ་བཞི། །རླུང་དེ་སྤྲུལ་པའི་འཁོར་ལོར་འདུས། །དྲོ་བར་བྱང་ཆུབ་སེམས་བཀུག་ནས། །རྩེལ་ཕྱིན་ནས་ནུབ་བྱང་བསམ། །སླར་ལོག་ཕར་འགྲོ་ཡང་དང་ཡང ། །ཐ་མ་སྙོམས་པར་ཞུགས་གྲུབ་འགྱུར། །ཡང་ན་གནས་བཞི་གསུམ་པོ་དག་།གང་ཡང་རུང་བས་སྟེང་དུ་ཕྱིན། །སླར་ལོག་རྡོ་རྗེ་རྩེ་ལ་བཏོན། །ཚུར་ལོག་གནས་ནས་ལས་རྣམས་བྱས། །དེས་ནི་དངོས་གྲུབ་ཆེན་པོ་ཡང ། །རྡོ་རྗེ་བཞིན་དུ་འགྲུབ་པར་བསམ།། ཁམས་གསུམ་ཐམས་ཅད་དག་པ་དང ། །ཞིང་རྣམས་གཙང་མར་སྐྱེ་བར་འགྱུར། །བསམ་གཏན་དེ་དང་ལྡན་པའི་ཚེ། །གཞན་པའི་ཡུལ་དུ་འགྲུབ་འགྱུར་སྤང ། །སྤང་བ་མ་ཡིན་བླང་བ་མིན། ། སྙོམས་པ་དེ་ཡི་ངང་ལ་གཞག་།གཟུགས་དང་སྒྲ་ལ་སོགས་པ་ཡིས། །རང་གི་སེམས་གཡེང་འགྱུར་བའི་ཚེ། །བསྟན་པའི་རང་བཞིན་མེད་པར་བསམ། །བར་དུ་སོ་སོའི་ཐིག་ལེ་བསམ།། ཐམས་ཅད་སྒྱུ་མ་ལྟ་བུར་བརྟག་།དང་པོ་དང་པོའི་དུས་དག་ཏུ། །འདོད་པའི་ཡོན་ཏན་ལྷ་མོར་བསམ། །དེས་ནི་རྟོག་པ་ཞི་བར་འགྱུར། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས།།
263a
༄#། །ལས་ཐམས་ཅད་རྫོགས་པ་ཆེན་པོའི་རིམ་པ་རྣལ་འབྱོར་བའི་ལེའུ་སྟེ་བདུན་པའོ།། །།དེ་ནས་ལག་ན་རྡོ་རྗེ་ཡིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །འཇིག་རྟེན་ཀུན་ལ་ཕན་གདགས་ཕྱིར། །གཏོར་མའི་རིམ་པ་གསུང་དུ་གསོལ། །ཀུན་མཁྱེན་མགོན་གྱིས་བཀའ་སྩལ་པ། །རྣལ་འབྱོར་རྣམས་ལ་ཕན་གདགས་ཕྱིར། །བདག་གིས་གཏོར་མ་བཤད་པར་བྱ། །ཕན་གདགས་པ་དང་ཚར་གཅད་པ། །ཕན་པ་མཆོག་དང་ཐུན་མོང་ངོ ། །གསང་བ་བླ་མེད་མཆོག་ཏུ་འདོད། །ཕྱི་ནང་ཐུན་མོང་ཤེས་པར་བྱ། །རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །ཆར་གཅོད་པ་ཡང་ཤེས་པར་བྱ། །དགུག་དང་བསྐྲད་དང་བསད་པ་དང ། །མནན་དང་བསྲེག་པར་ཤེས་པར་བྱ། །རྒྱུན་དུས་ཆེན་པོའི་གསུམ་ཉིད་དང ། །ཆུང་དུ་རྒྱུན་ནམ་དུས་ཆེན་གྱི། །བཅུ་གཉིས་བཞི་འམ་ཐ་མ་གཅིག་།རྩ་བ་ལྔའམ་ཡན་ལག་ལྔ། །འབྲུ་དང་ཤིང་ཏོག་སྨན་རྣམས་དང ། །ཆ་མཐུན་འབུར་བ་ལ་སོགས་རྫས། །དེ་སྟེང་དཀང་གསུམ་ཀླུ་ལ་ཤིས། །ཁྲག་སྣ་སྙིང་སྣ་ཤ་སྣ་གསུམ། །དེ་སོགས་མཐུན་རྫས་ཆར་གཅད་པའི། །བསྐྱེད་རིམ་དང་ནི་ལྡན་པ་ཡིས། །བླ་གནས་སྲུང་བ་བྱས་པ་ལས། །ཆོ་ག་གསུམ་དུ་བྱས་པའམ། །ཡང་ན་སྐད་ཅིག་ལྷར་བསྐྱེད་ལ། །མཚན་མ་ལྡན་པའི་པདྨ་རུ། །རྫས་རྣམས་ཀུན་གྱིས་བཀང་ནས་ནི། །ཟླ་བ་རྡོ་རྗེ་ཧཱུཾ་གིས་མཚན། །མཐོ་གང་ལ་ནི་རི་བོང་ཅན།།
263b
དེ་ལ་བཅུ་དྲུག་བདུན་པས་མཚན། །རྡོ་རྗེ་མཚན་ལྡན་པ་རུ་ནི། །སྡུད་སྤྱོད་འཕྲོ་བའི་མཐིང་དམར་དཀར། །པད་འོད་ཡེ་ཤེས་ལྔ་ལྡན་གསུམ། །གྲུ་གསུམ་འོག་ནས་ཟླ་གམ་ཅན། །ཐུགས་ཀྱི་མཐིང་ནག་འཕྲོ་བ་ལས། །རྡོ་རྗེ་ལྟེ་བསྐུལ་མཐའ་གསུམ་བསྐྱོད། །དམར་པོ་འབར་བས་མཚན་ལྡན་ཁྲོལ། །ཐུགས་ཀྱིས་བསྡུས་ཤིང་གསུང་གིས་སྦྱངས། །སྐུ་ལས་འཕྲོས་པས་རི་འོད་བསྐུལ། །ཤེས་རབ་ཅན་ལས་འོད་ཟེར་འཕྲོས། །དེ་ཡིས་ཡབ་ཡུམ་བསྐུལ་ནས་ནི། །ཁ་དོག་དཀར་པོའི་བདུད་རྩི་འབབ། །དང་པོ་སྐུལ་བྱེད་འོད་དུ་ཞུ། །ཁོང་གསེང་གནས་པ་པདྨར་འབབ། །བབ་པའི་རྟིང་ལ་དེ་ཉིད་ལྷུང ། །ལན་གསུམ་བསྐོལ་བས་འོ་མ་བཞིན། །བཞི་པའི་དབང་པོ་གཉིས་པར་མཚན། །དེ་ནས་གདན་བསྐྱེད་འཁོར་བཅས་བཀུག་།ཛི་བཾ་རྡོ་རྗེ་ཁོང་གསེང་གིས། །བཞི་པའི་དང་པོས་མཉེས་པར་བསམ། །ཡང་ན་ཡུད་ཙམ་ལྷར་བསམས་ལ། །ཐུགས་ཀར་ཉི་མ་དེ་སྟེང་ཧཱུཾ། །འོད་ཀྱི་ཆོས་འབྱུང་གྲུ་གསུམ་སྤྲུལ། །དེ་ཡི་ནང་དུ་པདྨ་ནི། །འདབ་བརྒྱད་དུར་ཁྲོད་དེ་དབུས་སུ། །ཡཾ་ལས་རླུང་བྱུང་རཾ་ལས་མེ།། དེ་སྟེང་ཨ་ལས་ཀ་པཱ་ལ། །ནང་དུ་བདུད་རྩི་ཨོཾ་ཨཱཿ ཧཱུཾ། །དེ་སྟེང་ཟླ་བ་རྡོ་རྗེ་ཧཱུཾ། །ཟླ་ཨཾ་འོད་འཕྲོས་བདུད་རྩི་བཀུག་།བསྡུས་དང་བཞུ་དང་བདུད་རྩིར་བསམ། །ཡི་གེ་གསུམ་དང་གོ་རིམ་བཞིན། ། ཐུགས་ལས་འོད་འཕྲོས་རླུང་ལ་ཕོག་།རླུང་གིས་མེར་སྦར་ཐོད་པ་བསྐོལ། །དེ་ཡི་རྐྱེན་གྱིས་བསྡུས་པ་དང ། །གཞུ་དང་མདུང་རྩེར་བསྡུས་པ་དང ། །ཡི་གེ་གསུམ་དང་སྦྱར་ལ་དབུལ། །ཡང་ན་
264a
༄#། །ལྷ་མོ་དཀར་མོ་ཡིས། །མཚན་ལྡན་དག་ནི་བཀང་ལ་མཆོད། །ཡང་ནི་སྐད་ཅིག་ལྷར་བསྐྱེད་ལ། །ཐུགས་ཀའི་ཧཱུཾ་གིས་བདུད་རྩི་སྦྱངས། །སླར་ཡང་ཡེ་ཤེས་བདུད་རྩི་འབབ། །ཡུད་ཙམ་སྤྲུལ་པས་ལྷ་ཡིས་གསོལ། །བསྟོད་ནས་གཤེགས་ཤིང་ལས་བཅོལ་ལོ། །རྒྱས་དང་བསྡུས་དང་ཤིན་ཏུ་བསྡུས། །ཁ་ཟས་སྤྱད་པ་བསྡུས་དང་མཐུན། །དེ་ལྟར་ཡི་གེ་བརྒྱ་པས་བཤགས། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། གཏོར་མའི་ཆོ་གའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །རྣལ་འབྱོར་ཐམས་ཅད་བཀྲ་ཤིས་དང ། །གནོད་པ་ཐམས་ཅད་བསལ་བའི་ཕྱིར། །སྦྱིན་སྲེག་ཆོ་ག་གསུང་དུ་གསོལ། །འཇིག་རྟེན་མགོན་གྱིས་བཀའ་སྩལ་པ། །གཞན་དག་དྲན་པ་བསྐྱེད་པ་དང ། །དངོས་གྲུབ་ལྡན་པ་ཐོབ་འདོད་པས། །མན་ངག་རིམ་པར་དྲན་པའི་ཕྱིར། །རྣལ་འབྱོར་དོན་དུ་བཤད་པར་བྱ། །སྔོན་དུ་བསྙེན་པ་བྱས་པ་ཡིས། །སྒྲུབ་པ་ཡི་ནི་དུས་དག་ཏུ། །སྦྱིན་སྲེག་གིས་ནི་ལས་ཀུན་འགྲུབ། །ས་བརྟག་བསླང་ཞིང་སྦྱང་བ་དང ། །བྱིན་གྱིས་བརླབ་ཅིང་སྲུང་པ་དང ། །ས་གཞི་དཀར་པོ་རྒྱར་ཁྲུ་གང ། །ཟབས་སོར་བཅུ་གཉིས་ཟླུམ་པོར་བྱ། །དེ་དབུས་རྡོ་རྗེ་རྩེ་ལྔ་པ། །སོར་ནི་བརྒྱད་པ་དག་ཏུ་བྱ། །ཐབ་དེ་བ་ཡི་རྣམ་ལྔ་དང ། །ནང་ཀུན་དྲི་ནི་དཀར་པོས་བྱུག་།དུས་གསུམ་མེ་ཏོག་དཀར་པོས་གཏོར། །ཡཾ་
264b
ཤིང་ནི་མ་པ་པ་ལ་ཤ། ཨུ་དུམ་བ་ར་ཨ་མྲ་ལ། །སོགས་པ་བྱང་ཆུབ་ཤིང་དག་དང ། །འདབ་མ་ཅན་དང་འོ་མ་ཅན། །རླན་དང་བཅས་པ་མཉམ་བཅད་ལ། །རྩེ་མོའི་ཆ་ལས་བྱུང་བ་ཡི། །མཐོ་གང་ཙམ་ནི་འོ་མ་དང ། །མར་དང་སྦྲང་རྩི་ལ་སོགས་པ། །རྩེ་གཉིས་ལོ་མ་བཅས་པ་དབུལ། །རྙིང་རུལ་གས་དང་འབུས་ཟོས་པ། །སྲོག་ཆགས་གནས་པ་སྤངས་པར་བྱ། །ནས་དང་བྲ་ཡོས་ཏིལ་དག་དང ། །འབྲས་ཅན་ཡུངས་ཀར་མར་དག་དང ། །མེ་ཏོག་ཐང་ཆུ་དྲི་ཞིམ་དང ། །ཅི་ཙམ་རྙེད་པ་དབུལ་བར་བྱའོ། །བུད་ཤིང་དག་གི་རྣམ་པ་ཡང ། །ཐབ་ལས་ཅུང་ཟད་དམའ་བར་ནི། །དགོན་པའི་བ་ཡི་ལྕི་བས་བྱ། །དེ་ནས་སྔགས་པ་ལུས་བཀྲུས་ཏེ། །དྲི་ཞིམ་སྤོས་དང་བླ་བས་བྱུག་།ཚད་མེད་བཞི་ཡི་སེམས་ལྡན་ཞིང ། །ཞི་བའི་རྒྱན་བཅས་དཀར་པོས་བགོས། །ལྷ་ཡི་རྣལ་འབྱོར་གསལ་བྱས་ལ། །སྲོད་དང་སྔ་དྲོའི་དུས་སུ་ནི། །ཤར་ཕྱོགས་སུ་ནི་ཁ་བལྟས་ལ། །ཞི་བའི་སེམས་ཀྱིས་ཞི་བ་བྱ། །མཆོད་ཡོན་འབྲུ་དང་བཅས་པ་ཡི། །དྲི་ཞིམ་པ་ཡི་ཆུས་བཅུག་ལ། །རང་གི་ལྷ་ཡི་སྙིང་པོ་བརྗོད། །ལས་ཐམས་ཅད་པའི་ཆུ་དང་ནི། །རྡོ་རྗེ་གནོད་སྦྱིན་སྔགས་ཀྱིས་བསང ། །ལས་རྣམས་ཐམས་ཅད་བུམ་པ་དང ། །མཆོད་ཡོན་གཡོན་དུ་གཞག་པར་བྱ། །བུད་ཤིང་བསྲེག་རྫས་གཡས་སུ་གཞག་།དེ་ནས་ཨོཾ་བཛྲ་ཡཀྵ་ཧཱུཾ། ཞེས་པས་མེ་ནི་སྦར་བ་སྟེ། །རླུང་ཡབ་ཀྱིས་ནི་མེ་སྦར་རོ། །ོཾ་ཛྭ་ལ་ཛྭ་ལ་ཧཱུཾ། དེ་ནི་མེ་སྦར་སྙིང་པོ་ཡིན། །དེ་ནས་ཧཱུཾ་གིས་ཐབ་
265a
༄#། །བསྐྱེད་ལ། །དེ་དབུས་རཾ་ལས་གྲུ་གསུམ་མ། །ོཾ་ལས་པདྨ་ལ་གནས་པ། །རཾ་ལས་བྱུང་བའི་མེ་ལྷ་ནི། །སྐུ་མདོག་དཀར་པོ་རྒྱན་དང་ལྡན། །འབར་བའི་ཕྲེང་བས་རབ་ཏུ་བརྒྱན། །གསུས་ཁྱིམ་ཆེ་ལ་ཕྲེང་བ་གཡོན། །གུཎྜེ་འཛིན་པའི་རྡོ་རྗེ་མེ། །རང་ལྷའི་རྣལ་འབྱོར་དང་ལྡན་པས། །ཐུགས་ཀའི་ས་བོན་འོད་ཟེར་གྱིས། །མེ་ལྷ་ཡེ་ཤེས་སེམས་དཔའ་བཀུག་།བཀུག་ཅིང་དབང་དུ་བྱ་བའོ། །དེ་ནས་དབང་ནི་བསྐུར་བ་དང ། །སྐུ་གསུང་ཐུགས་བྱིན་བརླབ་པའོ། །དེ་ནས་མཆོད་ཡོན་ཕུལ་ནས་ནི། །མཆོད་པ་ལྔས་ནི་རབ་མཆོད་དོ། ། སྒེག་མོ་ལ་སོགས་མཆོད་པས་མཆོད། །ོཾ་ཨགྣེ་ཧ་བྱ་ཀ་བྱ་བ་ཧ་ན། ཡེ་ཧ་བྱ་ཏི་ཡ་ན་ཡེ་སཝཱ་ཧཱ། ཞེས་པས་བསྲེག་རྫས་རྣམས་དབུལ་བྱ། །དེ་ནས་དབུལ་བའི་རིམ་པ་ནི། །འབར་བའི་མེ་ལ་ཡཾ་ཤིང་སྟེ། །དེ་ནས་མར་དང་དེ་འོག་ཏིལ། །དེ་ནས་འབྲས་ཆན་ལ་སོགས་པའོ། །དེ་ནས་བསྟོད་དེ་ལས་བཅོལ་ལོ། །དེ་ནས་མེ་ཡི་དབུས་རང་གི་།ལྷག་པའི་ལྷ་ཉིད་རིམ་པ་བཞིན། །དབང་བསྐུར་བ་དང་བསམ་པར་བྱ། །སྐུ་གསུངས་ཐུགས་སུ་བྱིན་གྱིས་བརླབ། །དེ་ཡང་མཆོད་ཡོན་ཞབས་བསིལ་ཕུལ། །མཆོད་པ་རྣམ་པ་ལྔ་དག་དང ། །སྒེག་མོ་ལ་སོགས་པ་རྣམས་དབུལ། ། དེ་ནས་ཕྱག་ན་རྡོ་རྗེ་ནི། །གོས་སྔོན་ལྕེ་ལ་ཧཱུཾ་བསམས་ལ། །ོཾ་ཙཎྜ་མཧཱ་རོ་ཥ་ཎི་ཧཱུཾ་ཕཊ། ཤཱིནྟིཾ་ཀུ་རུ་སཝཱཧཱ། སྔ་མའི་རིམ་པ་བཞིན་དུ་བྱ། །བསྲེགས་རྫས་རེ་རེ་ལ་བདུན་བདུན། །ཡང་ན་
265b
གསུམ་གསུམ་དབུལ་བར་བྱ། །བཟླས་མཐར་སྦྱིན་སྲེག་བྱ་བ་གཅེས། །དེ་ལ་མར་གྱི་སྦྱིན་སྲེག་དབུལ། །ཡང་ན་མ་གྲུགས་ནས་དག་དང ། །ཡུངས་ཀར་མར་དང་སྦྱར་ལ་དབུལ། །སོ་བ་མར་དང་ཡུངས་ཀར་ལ། །སོགས་པས་ལས་ཀྱི་སྒྲིབ་པ་སྦྱང ། །དེ་ཕྱིར་ཉི་ཤུ་རྩ་གཅིག་གམ། །ཡང་ན་བརྒྱ་རྩ་བརྒྱད་དུ་དབུལ། །དེ་ནས་མཆོད་ཡོན་དང་འཐོར་འཐུང་ཕུལ་ལ་བསྟོད་པ་བྱའོ། །ོཾ། །ཡེ་ཤེས་ཆེན་པོའི་ཁྱད་པར་ལས། །སྤྲུལ་པ་ཕྱག་ན་རྡོ་རྗེ་སྟེ། །མཐོན་མཐིང་སྐུ་འདྲ་འོད་ཟེར་འབར། །བདུད་འདུལ་ཁྲོ་གཏུམ་བརྗིད་པའི་ཞལ། །ཕྱག་གཡས་རྡོ་རྗེ་རྩེ་ལྔ་བསྣམས། །དྲིལ་བུས་གཡོན་གྱི་དཀུར་བརྟེན་འགྱིང ། །སྐུ་ནི་རྒྱན་དང་ན་བཟས་བརྒྱན། །ཕྱག་བརྙན་བྱེ་བའི་ཚོགས་ཀྱིས་བསྐོར། །དེ་ལ་བསྟོང་དེ་ཕྱག་འཚལ་ལོ། །དེ་ནས་ཡང་མེ་ལྷ་སྔ་མ་བཞིན་དུ་མཆོད་ལ་བསྟོད་དོ། །དྲག་པོ་མཎྜལ་གྲུ་གསུམ་ལ། །ཁྲུ་གང་ཚད་ལས་ཕྱེད་བརྐོས་ཏེ། །ལྷོ་ཕྱོགས་ཟུར་བསྟན་གསུམ་ནི་དོར། །བདུད་རྩི་ལ་སོགས་ནག་པོར་བྱ། །དེ་དབུས་རྡོ་རྗེ་སྟེང་སྤངས་ཏེ། །བར་དུ་མེ་རི་རྩེ་མོ་འཕགས། ། བུད་ཤིང་ནག་ཅིང་གདུག་པའི་ཤིང ། །ཐབ་ཀྱི་ཚད་ལས་ཟོར་མཐོ་ཙམ། །ཡམ་ཤིང་དེ་མཐུན་བཅུ་གཉིས་ཚད། །མཆོད་རྫས་ནག་པོ་འབའ་ཞིག་གོ་།བསྲེག་རྫས་མར་ནག་རུས་ཁྲག་ཤ། སྐྱེ་ཚེ་ཤང་ཚེ་ཡུངས་ཀར་དང ། །དེ་ལ་སོགས་པའི་མཐུ་རྫས་དང ། །དེ་རྣམས་རྫས་ལ་གཟུགས་བརྙན་བྱ། །མཆོད་རྫས་གཡས་ལ་བསྲེག་རྫས་གཡོན། །བྱིན་གྱིས་བརླབ་ཅིང་གཞག་པར་བྱ། །དགང་
266a
༄#། །གཟར་བླུགས་གཟར་གཞན་དང་མཐུན། །ཡང་ན་ལག་པ་དག་གིས་བྱ། །དེ་གཉིས་རྡོ་རྗེ་དྲིལ་བུ་ཡང ། །མདུན་ཉིད་དུ་ནི་གཞག་པར་བྱ། །ལས་ཀྱི་བུམ་པས་ཐམས་ཅད་བསང ། །དུས་ནི་ནམ་ཕྱེད་ཉིན་བྱེད་བྱ། །ནག་པོ་རྒྱན་གོན་ལྷོ་ཕྱོགས་བལྟ། །གཡོན་བརྐྱང་འདུག་སྟེ་དྲག་ཏུ་བཟླས། །མཆེ་བ་གཙིགས་ཤིང་ཁྲོ་གཉེར་བསྡུས། །དང་པོ་བསྙེན་པ་སྔོན་སོང་བས། །མེ་པྲ་བརྟག་ཅིང་བགེགས་བཟློག་བྱ། །བཟང་ན་དེ་ནི་བྱ་མི་དགོས། །ཐབ་བསང་བྱ་ཞིང་བསྐྱེད་པ་དང ། །ཆོ་ག་གསུམ་མམ་སྐད་ཅིག་མས། །མེ་ལྷ་ནག་པོ་ཁྲོས་པ་བསྐྱེད།། ཡེ་ཤེས་མེ་ལྷ་སྤྱན་དྲངས་བསྟིམ། །གཉིས་སུ་མེད་པར་རྒྱས་བཏབ་ལ། །མེ་ལྷའི་སྔགས་མཆོད་བཏགས་ལ་དབུལ། །དེ་ནས་བསྲེག་རྫས་དབུལ་བར་བྱ། །དེ་དབུལ་བ་ཡི་མན་ངག་ཀྱང་།། ཁྲོ་བོ་བདག་གིས་ཆོ་འཕྲུལ་གྱིས། །གཟུགས་བརྙན་བཀུག་བསྟིམ་གཏུབས་ཏེ་དབུལ། །ཡང་ན་རྫས་མཆོག་མཉེས་པ་ལས། །འོད་ཟེར་ཁྲོ་བོས་བཀུག་ཅིང་བསྲེག་།མན་ངག་དེ་ལ་ནན་ཏན་བྱ། །ོཾ་བཛྲ་ཀྲོ་དྷ་ཨགྣེ་ཆེ་གེ་མོ་མཱ་ར་ཡ་ཕཊ། སྟོང་ངམ། བརྒྱ་འམ། ཉི་ཤུ་རྩ་གཅིག་གོ། །ཡང་ན་བསོད་ནམས་རིམ་པ་ཡིས། །བརྒྱ་དང་སྟོང་དང་ཁྲི་རུ་བྱ། །དེ་ལྟར་བྱས་ན་ལས་ཀུན་འགྲུབ། །ཐ་མར་དགང་ལུགས་བསྟོད་བྱའོ། །དེ་ཡི་ཐུགས་ཀར་གོས་སྔོན་བསྐྱེད། །ཡེ་ཤེས་སེམས་དཔའ་སྤྱན་དྲངས་བསྟིམ། །རྒྱས་བཏབ་མཆོད་པ་གོང་བཞིན་དབུལ། །དེ་ནས་སྲེག་
266b
སྔགས་གོང་བཞིན་དབུལ། །ོཾ་བཛྲ་ཀྲོ་དྷ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་རཱ་ཛྙཱ་པ་ཡ་ཏི་ཆེ་གེ་མོ་མཱ་ར་ཡ་ཧཱུཾ་ཕཊ། གོང་ན་མན་ངག་ཤེས་པར་བྱ། །དགང་ལུགས་ཕུལ་ལ་བསྟོད་པར་བྱ། །ལྕང་ལོ་ཅན་གྱི་ཕོ་བྲང་ནས། །གསང་བའི་བདག་པོ་གོས་སྔོན་ཅན། །སངས་རྒྱས་ཀུན་གྱི་སྤྲུལ་པའོ། །དབང་བསྐུར་མཆོག་ལ་ཕྱག་འཚལ་བསྟོད། །གདུག་ཅིང་གཏུམ་ལ་བརྗིད་པའི་སྐུ། །སྣ་ཚོགས་ལས་རྣམས་མཛད་པ་པོ། །ཐོགས་མེད་ཡིད་བཞིན་ནོར་བུའི་ཚུལ། །རྡོ་རྗེ་སྐུ་ལ་ཕྱག་འཚལ་བསྟོད། །དངོས་པོ་ཐམས་ཅད་རྣམ་དག་ཀྱང ། །སྨོན་ལམ་སྟོབས་ཀྱིས་འབྱུང་བའི་གསུང ། །ཚིག་དང་བྲལ་བས་སྣ་ཚོགས་སྒྲ། །རྡོ་རྗེ་ནོར་བུ་ཁྱོད་ལ་བསྟོད། །དཔལ་ལྡན་རྡོ་རྗེ་གོས་སྔོན་ཅན། །འཁོར་ལོ་འབར་བ་ཕྱག་ན་བསྣམས། །ལྷ་རྣམས་ཐབས་ཀྱིས་འདུལ་བར་མཛད། །ལྔ་ཡི་རྒྱལ་པོ་ཁྱོད་ལ་བསྟོད། །དཔལ་ལྡན་ཆེན་པོ་གོས་སྔོན་ཅན། །བྱ་ཁྱུང་འབར་བ་ཕྱག་ན་བསྣམས། །ཀླུ་རྣམས་ཐབས་ཀྱིས་འདུལ་བར་མཛད། །ཀླུ་འདུལ་གོས་སྔོན་ཁྱོད་ལ་བསྟོད། །དཔལ་ལྡན་ཆེན་པོ་གོས་སྔོན་ཅན། །དབྱུག་ཏོ་འབར་བ་ཕྱག་ན་བསྣམས། །གནོད་སྦྱིན་ཐམས་ཅད་འདུལ་མཛད་ལ། །གནོད་སྦྱིན་གཙོ་ལ་ཕྱག་འཚལ་བསྟོད། །དྲག་པོར་འགྱུར་བ་འདུལ་བའི་ཕྱིར། །སྡིགས་མཛུབ་རྩེ་ལ་འོད་བྱུང་བས། །གདུག་པ་ཐམས་ཅད་ཀུན་འདུལ་བ། །ཐོགས་མེད་རྡོ་རྗེ་ཁྱོད་ལ་བསྟོད། །འཕྲིན་ལས་བཅོལ་ཞིང་གཤེགས་སུ་གསོལ། །ཏིང་འཛིན་བསྡུས་
267a
༄#། །ཏེ་ལྟ་བ་གསོ། །རྫས་རྣམས་ཐམས་ཅད་བསྡུས་ནས་ནི། །མེ་ཡི་ལྷ་ལ་དབུལ་ཞིང་བསྟོད། །ཡི་གེ་བརྒྱ་པས་ལྷག་ཆད་བསྐང ། །ཏིང་འཛིན་བསྡུས་ཏེ་སྤྱོད་ལམ་བྱ། ། ལག་ན་རྡོ་རྗེ་གོས་སྔོན་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། སྦྱིན་སྲེག་གི་ཆོ་གའི་ལེའུ་སྟེ་དགུ་པའོ།། །།ལག་ན་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །གང་དག་ཀླུ་ཡིས་ཟིན་པ་ལ། །ཐབས་དེ་གང་ལགས་གསུང་དུ་གསོལ། །ཀུན་མཁྱེན་གཙོ་བོས་བཀའ་སྩལ་པ། །ང་ཡི་སྦྱོར་བ་འདི་ཉིད་ལ། །བརྟེན་ནས་ཀླུ་རྣམས་གདུལ་བར་བྱ། །ནུབ་ཕྱོགས་དྲང་པོའི་ས་དག་ལ། །ཟབས་སུ་མི་གང་བརྐོས་བྱས་ལ། །དེ་སྟེང་སྔར་ནི་བུ་མོ་གང ། །སྟོན་མོ་བཅུ་གཉིས་བྱས་པ་ཡི། །རིགས་ལྡན་ཁ་དོག་སྔོན་པོའམ། །རིགས་བཞི་ཡང་དག་ལྡན་པ་ཡིས། །འོ་མས་ཁྲུས་བྱ་ཐིག་ལེ་བྱུག་།གོས་དག་དམར་པོ་བསྐོན་བྱས་ལ། །ཆོ་ག་རབ་འབྲིང་ཐ་མ་ཡི། །དབང་བསྐུར་ཁ་ལ་མེ་འབར་བའི། །བུ་མོ་ལ་ནི་ཡོངས་སུ་བསྔགས། །རྒྱན་ཆ་ལྔ་ཡིས་བརྒྱན་བཏགས་ལ། །རྐང་པ་བརྒྱུད་མར་ལོང་བཏགས་ལ། །ལག་པ་བརྒྱུད་མར་དབང་བསྒྱུར་དུ། །ཡང་དག་གནས་པས་ཕྱག་རྒྱ་བཅས། །ཀླུ་ཡི་མིང་མཚན་གང་ཡིན་པའི།། དངོས་པོ་གང་ལ་རབ་སྦྱར་ནས། །གཙོ་བོ་ཀུན་འབྱུང་མཆོག་ཉིད་ལས། །འཁོར་རྣམས་བརྒྱད་ཀྱིས་ངེས་པར་བསྐོར། །ནུབ་ཏུ་དངོས་པོ་རྟེན་བྱེད་པ། །གྲུ་བཞི་པ་དག་རབ་ཏུ་གདགས། །དེ་
267b
ཉིད་ས་རུ་བདག་ཐོབ་སྟེ། །དེ་སྟེང་ཅི་ནུས་སྦྱོར་བ་སྒྲུབ། །དེ་ཐོབ་རབ་ཏུ་བྲལ་བ་ལས། །དེ་ཡི་ཕྱོགས་སུ་མི་བལྟ་ཞིང ། །དྲག་པོ་ཆེན་པོའི་སྔགས་བཟླས་བྱ། །དེ་ཉིད་བདག་གིས་མཐོང་བ་ལས། །ལེགས་སོ་སྙམ་པའི་ཚིགས་བཅད་བརྗོད། །དེ་ནས་ས་ཕྱོགས་རབ་དབེན་པར། །བདག་གིས་སྦྱོར་བ་ལེགས་བརྩམ་བྱ། །རྒྱར་ནི་ཁྲུ་དོ་ངེས་པ་ལས། །འཕང་དུ་ཆ་གང་རྣམ་པར་བྱ། །རམས་དང་མཐིང་ཤུན་དྲི་ཆུ་སོགས། །ཡོངས་སུ་སྦྱར་བ་བྱས་པ་དང ། །བ་ཡི་རྣམ་ལྔ་ལ་སོགས་པས། །ཡོངས་སུ་བྱུག་པར་བྱས་པ་ལས། །སྣ་ཚོགས་པདྨ་བཅུ་དྲུག་པ། །སྙིང་པོ་ཟེར་འདབ་རྒྱས་པ་བྱ། །དེ་སྟེང་ཚད་ཆུང་ཆུ་སྐྱེས་ཉིད། །ཕྱོགས་རྣམས་ལ་ནི་རྣམ་པར་དགོད། །དེ་སྟེང་གནས་པ་གང་ཡིན་པ། །ལྷ་ཚོགས་གཟུགས་སུ་རྣམ་པར་དགོད། །ཕྱི་རོལ་འབར་བའི་ཕྲེང་བ་ཡིས། །ཡང་དག་པར་ནི་བསྐོར་བར་བྱ། །སྔོན་དུ་སོར་བརྐྱང་གང་བསྐོར་ནི། །མདོག་དམར་ཀུན་ནས་ཟླུམ་པོར་བྱ། །དེ་སྟེང་ཀླུ་རིགས་དྲུག་པོ་དག་།ཉ་དང་སྦལ་པ་ལྕོང་མོ་དང ། །སྤྲུལ་དང་རྩངས་པ་ཆུ་སྲིན་དང ། །མི་དང་རུས་སྦལ་བ་ལང་དང ། །བྱི་ལ་ནོར་བུ་རྒྱ་འབུད་རྣམས། །གཙོ་བོ་འཆི་ཡིས་བཟུང་བྱས་ནས། །ཤུལ་དུ་དྲག་པར་དྲངས་བྱས་ལ། །མ་ཏུ་ལུངྒའི་བྱེ་མ་ཡིས།། བཞི་བཀང་རིགས་མཐུན་དངོས་པོ་ནི། །རབ་ཏུ་གསལ་བར་བྱ་བ་ཡིན། །མཚན་མོ་དྲག་པོའི་གཏོར་མ་ལ། །སྣང་བ་བཞི་པར་ངེས་པར་བྱ། །བཟླས་པའི་སྔགས་ནི་རབ་འབར་བས། །དྲག་
268a
༄#། །པོའི་ཕྲེང་བ་བཟུང་བྱས་ལ། །གུར་དག་སྔོན་པོས་ཕུབ་བྱས་ལ། །ཇི་སྲིད་དེ་ཉིད་མ་རྫོགས་པར། །བདག་གིས་བལྟ་བར་མི་བྱ་ཞིན། །དྲག་པོ་ཉིད་ལ་མངོན་པར་བཟླས། །དེ་ཡYི་ཕྱིར་རིམ་དག་ལ་ནི། ཤིང་ཆེན་སྣ་ཚོགས་འབྱོར་བ་དང ། །སྔགས་བཟླས་སྲད་བུ་སྔོན་པོ་ཡིས། །དྲ་བར་འབྲེལ་བར་ཡོངས་སུ་བྲི། །ཕྱི་རིམ་གདུག་པའི་ཚེར་མ་ཡིས།། ཡོངས་སུ་འཁོར་བར་བསྐོར་བར་བྱ། །མཆོད་པ་རྣམ་པ་ལྔ་དག་གིས། །དུས་གཉིས་དག་ཏུ་ངེས་པར་མཆོད། །སྙིང་པོ་ཡོངས་སུ་རྫོགས་པ་དང ། །མཁའ་ལྡིང་དྲག་པོའི་སྔགས་བཟླས་བྱ། །སྟེང་དུ་གདུག་པའི་ཚེར་མ་ཡིས། །ཡང་དག་པར་ནི་གདབ་པར་བྱ། །མཐའ་རུ་ལྷ་ཚོགས་ཐམས་ཅད་ཀྱི། །སྙིང་པོ་ཀུན་ལ་བརྒྱ་རྩ་བརྒྱད། །ཐིམ་པར་ཡོངས་སུ་བཟླས་པར་བྱ། །དེ་འོག་གྲངས་སུ་ངེས་པ་ཉིད། །རབ་འབྲིང་ཐ་མར་ཡང་དག་ལྡན། །བདག་ཉིད་གཙོ་བོའི་ཆ་ལུགས་སུ། །སྔགས་དང་ཕྱག་རྒྱ་ཡང་དག་བསྒོ། །བཟླས་པའི་གྲངས་སུ་རྫོགས་བྱས་ལ། །ནད་པ་དེར་ནི་བཀུག་བྱས་ལ། །བྱང་ཕྱོགས་དག་ཏུ་གནས་པར་བྱ། །དངུལ་གྱི་རྫིང་བུ་ཉིད་དུ་ཡང ། །བྲང་གི་ས་བོན་དཀར་པོ་ཡིས། །ཡོངས་སུ་གང་བར་བྱ་བ་ཡིན། །རྫོགས་པའི་སྒྲ་ལྡན་བཅུ་དྲུག་པས། །ལྕགས་ཀྱི་སྐམ་པ་སྐམ་བི་ཙའི། །ཤིང་དག་སོར་ནི་བཅུ་གཉིས་པས། །ཡོངས་སུ་གཅད་པར་བྱ་བ་ལས། །སྔགས་ཀྱིས་མངོན་པར་བཟླས་བྱ་སྟེ། །དེ་
268b
ཉིད་དག་ཏུ་སྦྱང་བར་བྱ། །རྨ་བྱའི་མདོངས་ལ་རབ་བསྔགས་ནས། །པདྨའི་སྐུད་པས་ཤིང་དང་ནི། །མདོངས་སུ་ཡང་དག་བསྡམ་པར་བྱ། །སེང་ལྡེང་ཕུར་པ་སོར་བཅུ་གཉིས། །ཁྲོ་བོའི་སྔགས་ཀྱིས་མངོན་པར་བསྔགས། །དེ་ནས་སྔགས་ཀྱིས་རབ་བསྔགས་ཏེ། །ནད་པ་ཉིད་ལ་བྱ་བ་བྱ་སྟེ། །རིགས་དྲུག་པོ་ལ་ངེས་པར་གདབ། །དེ་ནས་དེ་ཉིད་སྙིང་ག་ལ། །ཐིག་ལེ་དྲུག་ཏུ་ངེས་པར་བྲི། །དེ་སྟེང་རིགས་དྲུག་བསམས་བྱས་ལ། །གཡོན་ན་གནས་པའི་ང་རྒྱལ་མཆོག་།སྔགས་ཀྱིས་མངོན་པར་བསྐུལ་བྱས་པས། །དྲག་པོའི་ཤུགས་ཀྱིས་རབ་སོང་སྟེ། །རྔམ་པའི་ཞལ་དུ་ངེས་པར་བསྟབས། །དེ་ལྟར་བསམ་པ་རབ་བརྟན་པས། །ཡོངས་སུ་བསྒོམ་པར་བྱ་བ་ཡིན། །དེ་ཡིས་དེ་ལ་གནོད་བྱེད་པ། །སྐད་ཅིག་ཙམ་ལས་མི་གནས་ཤིང ། །མྱུར་བར་སྐྲག་པར་ཕྱོགས་བཅུར་འབྲོས། །ོཾ་བཛྲ་ཀྲོདྷ་ཨ་མྲྀ་ཏ་ཀུཎྜ་ལི་ནི་དཱ་ཏ་ཡཾ་པྲ་ཏཱིཾ་ཧཱུཾ་ཕཊ། ཨོཾ་བནྡྷ་བནྡྷ་ནཱ་གཱ་ནཱཾ་ཕཊ། ཨོཾ་ག་རུ་ཌ་ག་རུ་ཌ་བྷཀྵ་ནཱཾ་གཱ་ནཱཾ་ཧཱུཾ་ཕཊ། ཨོཾ་ནཱི་ལཾ་བ་ས་ན་སརྦྦ་ཨ་ལཾ་ཀྲྀ་ཏྭཱ་མེ་བཛྲ་པཱ་ཎི་བྷ་བ་ཏི་ཧཱུཾ་ཕཊ། ཨོཾ་བི་ཀྵ་མ་ག་ལེན་སརྦ་བྱ་དྷི་ཕེ་ཏ་ཡ་ཧཱུཾ་ཕཊ། ཨོཾ་བ་ཀཱི་ཙ་བི་ཤ་ན་ཡ་ཧཱུཾ་ཕཊ། ཨོཾ་སརྦྦ་ནཱ་གཱ་ནཱཾ་ཨ་ཀཪྵ་ཡཱ་བི་ཤཱ་ཡཱ་བི་ཏོ་ཤ་ཡ་ཧཱུཾ་ཕཊ། ཨོཾ་མཧཱ་རཽ་ཏྲ་ག་རུ་ཌ་གཙྪ་གཙྪ་གྲྀཧྣ་གྲྀཧྣ་སརྦྦ་ནཱ་གཱ་ནཱཾ་ཕཊ། གོང་གི་ཕུར་བ་གང་ཡིན་པས། །སྔགས་འདི་བརྗོད་པས་གཏུབ་པར་བྱ། །ོཾ་བཛྲ་ཀཱི་ལ་ཡ། །སརྦྦ་ནཱ་ག་བིདྷྭ་ན་ས་ན་ཧཱུཾ་ཕཊ། བཞིན་ནི་རབ་ཏུ་འབར་བ་དང་།།
269a
༄#། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། །འབྲུག་སྒྲ་ལྡན་པས་ཡོངས་སུ་གཏུབ། །དེ་ནས་དྲག་པོའི་སྔགས་ཀྱིས་སུ། །མཚན་མ་ངེས་པར་གདབ་པར་བྱ། །དེ་ཉིད་ཡང་དག་གང་བྱུང་བ། །དེ་ལ་ཤེས་རབ་ཅན་གྱིས་དཔྱད། །རྟགས་སུ་ལྡན་པ་གང་ཡིན་པ། །སྐུ་རྣམས་གཡོས་པ་ཉིད་དང་ནི། །གང་གིས་གཟུགས་རྣམས་གཡོས་གྱུར་པ། །རྟགས་སུ་ངེས་པར་གྱུར་པ་ཡིན། །དེ་ཉིད་འདར་བ་གང་ཡིན་པ། །དེ་ཡང་རྟགས་སུ་ངེས་པ་ཡིན། །དང་པོ་རབ་ཏུ་འབྱོར་བ་ལ། །ནང་གི་བགེགས་ཉིད་བསལ་བ་ཡིས། །ཕྱི་ནས་ཕྱི་ཡི་ནད་བསལ་བ། །སྨན་ལ་སོགས་པའི་སྦྱོར་བ་ཡིས། །མཁས་པས་ཕྱི་ཡི་ནད་བསལ་ཏེ། །བརྒྱ་ཀ་ལ་སོགས་ལྔ་རྣམས་དང ། །མར་ནག་ཉིད་ལ་ངེས་བཏབ་ལ། །ཞག་གྲངས་བདུན་དུ་མནན་པ་ཡིས། །ལྦུ་ཆུང་ལེགས་པར་ཁྱབ་པར་སྣང ། །སུག་པ་ལ་སོགས་སྤང་སྦྱར་བས། །གོང་དུ་སྔགས་ཀྱི་བསྙེན་པར་གནས། །འོད་ཟེར་དཀར་པོ་ཡོངས་རྟོགས་པའི། །ཉི་མ་ཉིད་ལ་ཁྲུས་བྱས་ཏེ། །དྲི་མ་དག་པར་བསམས་པ་ལགས། ། དྲུག་སྦྱར་ངེས་པར་བསྐུལ་བར་བྱ། །དེ་འོག་མཆོག་གི་སྨན་ཉིད་གང ། །གྲགས་ལྡན་ཆེན་པོ་སྲང་གཅིག་ཉིད། །ལེགས་པར་བསྐོལ་པས་ཁ་ཉིད་དུ། །ཞག་དག་ངེས་པར་ཆོགས་པར་འགྱུར། །དེ་ཉིད་ལུས་ལ་བསྐུ་བྱ་ཞིང ། །ཚིགས་མ་ཞོ་གསུམ་བཟའ་བར་བྱ། །སྙིང་པོ་གསུམ་ལ་ཤར་བཙོས་ཏེ། །ཁུ་བ་ངེས་པར་བཏུང་བར་བྱ། །གནམ་སྒྲོ་ནག་པོ་ཟུར་གསུམ་པ། །
269b
རྩེ་མང་དོན་ཏུ་རྣོ་བ་ལ། །རི་མོ་སྣ་ཚོགས་འདུག་འགྱུར་པ། །བརྒྱ་དག་ཤིན་ཏུ་འདུས་འགྱུར་ཏེ། །བཅུ་དྲུག་ཆ་རུ་ངེས་པར་བསྐོལ། །དེ་ཡི་ལུས་ལ་བསྐུས་བྱས་ཏེ། །ཁ་རུ་ངེས་པར་བཏུང་བར་བྱ། །དེ་ཡིས་ཀུན་ཀྱང་སྐྱུར་འགྱུར་ཏེ། །ནད་ནི་ངེས་པར་ཕྱུང་བར་འགྱུར། །དྲི་ཞིམ་སྣ་ཚོགས་སྦྱར་བ་ཡིས། །ཆང་དུ་ཞག་བཅུ་ངེས་པར་སྤང ། །དེ་ནས་སྔོན་པོར་གྱུར་པ་དང ། །ལན་ཚཝ་ཕུལ་གང་དེས་བཏབ་སྟེ། །དེ་བཏབ་ཞག་བཞི་སྤང་བྱས་ནས། །བཅུ་བཞི་པ་ལ་ལོ་མར་ཉིད། །ཕུལ་དོ་དང་ནི་བསྲེས་བྱས་ལ། །སྦུ་བ་དྭངས་པར་ཡང་དག་བསྐོལ། །དེ་ཡིས་ལུས་ལ་བསྐུས་པ་ནི། །སུམ་གཉིས་ཁ་རུ་ངེས་པར་བླུད། །སྦྱོར་བ་དེ་ལ་རབ་རྟེན་ན། །གདོན་མི་ཟ་བར་འཚོ་བར་འགྱུར། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། ཀླུ་གདུག་མདངས་འཕྲོག་གི་གདོན་འདུལ་བའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་ལག་ན་རྡོ་རྗེ་ཡིས། །འཇིག་རྟེན་མགོན་ལ་འདི་སྐད་གསོལ། །གང་ཞིག་ཚངས་པས་ཟིན་པ་ལ། །ཐབས་དེ་གང་ལགས་བསྟན་དུ་གསོལ། །མགོན་པོ་མཆོག་གིས་བཀའ་སྩལ་པ། །ཚངས་པ་སྲིན་པོའི་གདོན་ཞེས་བྱ། །ཤིན་ཏུ་གདུལ་བར་དཀའ་བ་སྟེ། །དེ་ལ་དྲག་པོས་མ་བྱས་ན། །ཐ་མལ་པ་ཡིས་འགྲོ་བ་མིན། །བྲམ་ཟེ་སྔགས་པ་མི་བཟད་པས། །ཡང་ན་དྲག་པོའི་སྒྲ་ལྡན་པས། །སྟོན་མོ་བཅུ་བཞི་བྱས་པ་ལ། །ཞག་གསུམ་བར་དུ་དཀར་གསུམ་ཟས། །རྒྱུན་མི་འཆད་པར་སྦྱིན་པར་བྱ། །རིག་བྱེད་སྔགས་སུ་ལྡན་པ་
270a
༄#། །ཉིད། །དེ་ལ་བསླབ་པར་བྱ་བ་ཉིད། །ཚངས་པའི་སྐུད་པས་སྟོང་དཀྲིས་ལ། །གོས་དག་དཀར་པོས་ཡོངས་སུ་བརྒྱན། །སྤྱི་བོར་ཐོར་ཚུགས་བཅིངས་བྱས་ལ། ། ལག་གཡས་བཞི་པ་དེ་ཉིད་ལ། །བཀྲ་ཤིས་དངོས་པོས་ཡོངས་སུ་བསྡམ། །ཤར་ཕྱོགས་དག་ཏུ་སོང་བ་ལས། །ཤིང་ཆེན་རྩ་ནས་ཁྲུ་གང་ཉིད། །འོག་ཏུ་བསྐོས་པས་ས་བླང་བྱ། ། དེ་རྟེན་རས་ཡུག་དཀར་པོ་ཡིས། །ཐོབ་པས་ཕྱོགས་སུ་མི་བལྟ་ཞིང ། །ཤར་ཕྱོགས་ཁྲོ་བོའི་སྙིང་པོ་བཟླས། །དེ་ནས་དེ་ཉིད་མཐོང་བ་དང ། །ཧ་ལ་ཧ་ལའི་སྒྲ་ཡང་བརྗོད། །བ་ཡི་རྣམ་ལྔ་ཉིད་དང་ནི། །རམས་དང་མཐིང་ཤུན་དྲི་ཆུ་ལ། །སྦྱར་བས་ཁྲུ་གང་མཐོ་གང་གི་།དཀྱིལ་འཁོར་ཟུར་ལྔར་ལྡན་པར་བྱ། །དཀྱིལ་གྱི་ལྟེ་བ་ཉིད་ལ་ནི། །ལྷ་ཡི་ཚོགས་རྣམས་ངེས་པར་དགོད། ། ཟུར་ལྔ་པ་དང་འདབས་འབྱོར་དུ། །ཟུར་གསུམ་པ་དང་སོར་བརྒྱད་པས། །ཡོངས་སུ་ཟབས་སུ་བྲུ་བར་བྱ། །འོག་ཏུ་སྨན་གྱི་ཕྱེ་མ་ཡིས། །ལེགས་པར་གདལ་བར་བྱ་བ་ཡིས། །དེ་དང་དེ་ཉིད་གཟུགས་བྱས་ལ། །སྤྲ་ཚིལ་ལས་སྦྱར་སོར་བཅུའི་ཚད། །དྲག་པོ་རིད་པར་གྱུར་པ་ལ། །ལག་གཉིས་སྦར་བ་གདེངས་པར་བྱ། །སྐྱེར་པའི་ཕུར་པ་སོར་བཞི་པས། །མཐའ་མ་ཡོངས་སུ་བསྐོར་བར་བྱ། །སྟེང་ཡང་ཕུར་བ་ཉུངས་ཀར་ལ། །སྔགས་བཟླས་པ་ཡིས་ཡོངས་སུ་བསྣུན། །གཏོར་མ་སྟོབས་རྣམས་སྐྱེད་བྱེད་དང ། །མཆོད་པ་ལྔ་ཡིས་དུས་གཉིས་སུ། །ཡང་
270b
དག་པར་ནི་མཆོད་པར་བྱ། །རང་ཉིད་སྔ་མའི་ཚུལ་གནས་ལ། །ཡིད་ཆེས་ཕྲེང་བ་རབ་བཟུང་ནས། །དྲག་པོའི་རིགས་ལ་རྩ་བའི་སྔགས། །ཚད་དུ་ཕྱིན་པར་ཡོངས་སུ་བཟླས། །དེ་མཐའི་སྙིང་པོ་མ་ལུས་པ། །བརྒྱ་རྩ་བརྒྱད་དག་བཟླས་པར་བྱ། །དེ་ཡི་མཐའ་རུ་བཟླས་བྱ་བ། །དེ་ཡི་སྲོག་སྙིང་ངེས་པར་བཟླས། །སྐྱེར་བའི་ཚེར་མ་རབ་སྤངས་ལ། །དཀྱིལ་འཁོར་མཐའ་རུ་གནས་པར་བྱ། །དེ་ནས་འགུགས་པའི་སྔགས་བཟླས་བྱ། །ཚད་དུ་ངེས་པར་ཐིམ་བྱས་ལ། །དེ་ཉིད་འོངས་པར་མ་གྱུར་ན། །གུ་གུལ་ནག་པོའི་དུད་པ་ཡིས། །དེ་བཀུག་སྔགས་ཀྱིས་མངོན་པར་བཟླས། །ལྕགས་ཀྱུའི་ཕྱག་རྒྱ་བཅས་པ་ལས། །ཡོངས་སུ་དགུག་པར་བྱ་བ་ཡིན། །དེ་ནས་སྔགས་པས་ནད་པ་ཉིད། །མདུན་དུ་མངོན་པར་བཀུག་བྱས་ལ། །སྔགས་ཆུས་ངེས་པར་གཏོར་བར་བྱ། །དེ་ནས་བསྒྲུབ་བྱ་འོངས་པ་ན། །གཟུགས་དེ་འགྱུར་བར་གྱུར་པའམ། །ཡང་ན་འགྱེལ་བར་གྱུར་པ་ཡིན། །དེ་ནས་བདག་གིས་བདེན་པ་དང ། །ཞི་བའི་ཚིག་གིས་གདབ་པར་བྱ། །གལ་ཏེ་སོང་བར་གྱུར་པ་ན། །བདག་གི་སྙིང་ལས་ཆུང་ངུ་ཡིན། །འོན་ཏེ་འགྲོ་བར་མི་འགྱུར་ན། །བདག་གིས་སྦྱོར་བ་འདི་བརྩམ་བྱ། །སྐུད་པ་རྣམ་ལྔར་ལྡན་པ་ལ། །ཁྲོ་བོའི་སྔགས་ཀྱིས་རབ་བསྔགས་ཏེ། །ཞགས་མིག་དམ་པོས་ནད་པ་བཅིང ། །ལྕགས་ཀྱུས་སྙིང་ནས་དྲངས་བྱས་ལ། །གཡོན་དུ་རྡོ་རྗེ་བཟུང་བྱས་ནས། །གཡས་པས་ཡིད་ཆེས་བཟུང་བྱས་ཏེ། །ལུས་ངག་ཡིད་གསུམ་རབ་དྲག་པས་
271a
༄#། །སྔགས་སོགས་ཡོངས་སུ་བཟླས་པར་བྱ། །ཕྱག་རྒྱ་ལྔ་ཡིས་བསྡམས་བྱས་པ། །དེ་ཉིད་ལ་ནི་ཡོངས་སུ་དབབ། །དེ་ནས་སྐྱེར་པའི་བམ་པོ་ལ། །གུ་གུལ་ཆུ་ཡིས་བཏབ་བྱས་ཏེ། །ཕུང་པར་བྱ་ཕྱིར་དེ་ཉིད་སྲེག་།དུག་དང་ཕུར་བུ་སྐྱེ་ཚེ་དང ། །མདོག་བཟང་ཉུངས་ཀར་ཝ་ཏིའི་ཆུས། །ཡོངས་སུ་སྔགས་བཟླས་བསྲེག་པར་བྱ། །གསུང་དེ་བདག་ཉིད་འབར་པ་ཡིས། །འཁོར་ལོ་ལ་ནི་ཡང་དག་མཆོད། །དེ་ནས་ལྕགས་གུར་ནག་པོ་ཡིས། །བསད་པའི་དོན་དུ་ཁ་གདབ་བྱ། །ོཾ་བྷུར་བྷུ་ཏ་སཱ་བུ་ས་སཝཱ་ཧཱ། ས་མ་ན་ཨཱ་ཀཱ་སེ་མེ་ཀཱ་རྟཾ། བྷུ་ཡུ་དྷུ་ཏ་བྲ་ཧྨ་ནི་ཀ་ཡ་ཡཾ་ས་ར་བ་ར་བྷུ་ཏ་སཝཱ་ཧཱ། ཨོཾ་ཏི་ལི་ཏི་ལ་བཛྲ་ཤ་ར་ཤ་བ་ར་ཧཱུཾ་ཕཊ། ཨོཾ་བྲ་ཧྨ་ར་ཀྵ་གྷ་ཡ་ཧྲྀ་ད་ཡ་ཀ་ར་ཙེཚ་ད་ཡ་ཕཊ། ཨོཾ་ཨ་ཀྲྵ་ཡ་ཨ་ཀྲྵ་ཡ་ག་ཏེ་ཡ་ཧཱུཾ། ཨོཾ་ཨ་མྲྀ་ཏ་སིདྡྷི། ཧ་ར་ཧ་ར། བི་ཤོ་དྷ་ཡ་བཾ་ཧཱུཾ། ཨོཾ་བནྡྷ་ནཱཾ། དུ་ཥ་ག་ཡ་ཧཱུཾ། ཨོཾ་བཛྲ་ཀྵ་བྷ་ཡ་ཧཱུཾ། ཨོཾ་ཏཱ་ར་ཀོཥ་བྷ་ཡ་ཧཱུཾ། ཨོཾ་ཨ་ཏྲ་ཀྵོ་བྷ་ཡ་ཧཱུཾ། ཨོཾ་བྲཧྨ་ཨཀྵ་གྲ་ཧཱ་ཡ། ད་ཧཱ་ཡ་མཱ་ར་ཡ་ཙཚ་དི་ཡ་ཨ་བི་ཙཱ་ར། ཡ་བོ་ཥ་ཊ་ཏེ་ཕཊ་ཕཊ། དེས་བསྲེགས་བདག་གི་ལུས་ངག་ནི། །ཚིག་པས་དེ་ལ་འགྱོད་པའི་ངག་།བདག་གིས་ངེས་པར་བརྗོད་པར་བྱ། །དེ་ཡིས་དེ་ཉིད་ལུས་ལ་སོགས། །གདོན་དང་བྲལ་བ་ཞི་བར་འགྱུར། །དེ་ནས་ཐལ་བས་ནད་པ་ལ། །ལུས་ལ་བསྐུ་ནས་སླུང་བ་ཡི། །འཁོར་ལོ་འདི་ལྟར་གདགས་པར་བྱ། །སྐུད་པ་སྔོན་པོ་གང་ཡིན་པ། །བུ་མོ་ཕྱུག་ཅིང་རིགས་བཟང་པ། །མཛེས་
271b
པ་བཅོ་བརྒྱད་ལོན་པ་ལ། །དེ་ཡི་གོང་འོག་གཉིས་པ་ལ། །འཁལ་དུ་བཅུག་པས་འཇུར་བ་མེད། །རྡུལ་གྱི་བར་ནས་བཏོན་བྱས་ནས། །ལྷས་མ་ལེགས་པར་བླངས་པ་ཡིས། །བདེ་བའི་ལུས་ལ་ངེས་པར་གདགས། །དེས་ནི་སྐྱེ་བ་ཐམས་ཅད་དང ། །སྲུང་བ་ལེགས་པར་གནས་པ་ཡིན། །ཁམས་གསུམ་རྣམ་རྒྱལ་འབར་བ་ཡི། །བུམ་པ་བཟང་པོ་ཡོངས་སུ་བཅའ། །སྔགས་ཀྱིས་ཡོངས་སུ་བརྒྱན་པར་བྱ། །ཕུར་བ་རྡོ་རྗེ་ཞགས་པ་དང ། །ཐོབས་\?\་དབང་བསྐུར་རིམ་པར་བྱ། །དེ་ནས་མཆོད་པ་ལྔ་དག་གིས། །མཆོད་པ་ལུས་ལ་རྒྱས་པར་མཆོད། །ཡང་དག་གྲུབ་པ་གང་ཡིན་པ། །ཕྱག་རྒྱ་བཅས་པས་སྔགས་པ་ཡིན། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང ། །བླ་མ་རྡོ་རྗེ་འཛིན་པ་ལ། །གུས་པ་ཡིས་ནི་སངས་རྒྱས་བདེ། །མཆོད་པ་རབ་ཏུ་རྒྱས་པ་ལ། །སྔོན་དུ་བསྙེན་པས་ཡོངས་སུ་སྒྲུབ། །ཁམས་གསུམ་རྣམ་རྒྱལ་ཁྲོ་བོ་ལ། །སྒྲུབ་པའི་ཐབས་ནི་ཡང་དག་བཤད། །གོང་གི་ཆ་བྱད་དེ་ཉིད་ལ། །དུར་ཁྲོད་དག་ཏུ་སོང་བྱས་ལ། །མི་ཡི་ཐལ་བ་གང་ཡིན་པས། །བདག་གིས་ལུས་ལ་ཁྱབ་པར་བྱུག་།གཡོན་དུ་ཐོད་པ་ཐོགས་བྱས་ལ། །གཡས་སུ་རྡོ་རྗེ་ཐོགས་བྱས་ཏེ། །ཡིད་ཆེས་དཀར་པོའི་ཕྲེང་བ་ལ། །དྲག་པོའི་བཟླས་པ་མང་དུ་བྱ། །དེ་ཡི་ལོངས་སྤྱོད་བཟང་ཟ་ཞིང ། །སྟག་གི། པགས་པས་སྨད་དཀྲིས་བྱ། །དོན་དང་ལྡན་པའི་སྙིང་པོ་བསམ། །ཁྲག་གིས་ངོ་ཡང་བསྐུ་བྱས་ལ། །ནག་བོར་གཏོགས་པའི་འཕོ་བ་བརྒྱད། །སོགས་པའི་མིང་ལ་ཞུགས་བྱས་ལ། །སྐར་མ་དག་
272a
༄#། །ལ་ངེས་པར་བསྒོམ། །ཆང་འདུ་བ་ལ་གནས་བཅས་ལ། །ཤེས་རབ་ཟུང་དུ་ལྡན་པ་ཡིས། །སྐར་མ་ཉིད་ལ་མཉམ་སྦྱར་ལ། །བརྒྱུད་པ་ཡིས་ནི་སྔགས་བཟླས་བྱ།། ཞག་གྲངས་བརྒྱ་རྩ་བརྒྱད་པ་ཡིས། །ཡང་དག་པ་རུ་བསྒྲུབ་པར་བྱ། །དེ་ནས་ཞག་གྲངས་ཐིམ་པར་བྱ། །མཐའ་རུ་མཚན་མོ་ཐག་ཐག་པར། །སྔགས་དག་ངེས་པར་བཟླས་པར་བྱ། ། དེ་ནས་སྐེ་ཚེ་ཉུངས་ཀར་དང ། །ཁྲག་དང་སྤྲང་རྩི་སྦྱར་བ་ཡིས། །སྦྱིན་སྲེག་སྟོང་དུ་ཐིམ་བྱས་ལ། །ཀཱ་ར་བཱི་རའི་ལྕུག་མ་ལ། །ཙནྡན་དཀར་པོའི་ཆུས་བསྐུས་ཏེ། །མེ་ཏོག་ཕྲེང་བ་བཏགས་པ་ཡིས། །ལག་པ་གཡས་སུ་ཐོགས་བྱས་ཏེ། །ཡིད་ཆེས་སྤུ་ལ་ཐག་པ་ཡིས། །ཡང་དག་པ་རུ་བཀལ་ནས་ནི། །བདག་གི་སྤྱི་བོར་བཅིངས་བྱས་ཏེ། །དེ་ནས་གྲོང་ཁྱེར་རྒྱུས་པ་ན།། ཀུན་གྱིས་ཕྱག་བྱེད་མཆོད་པར་བྱེད། །འཇིག་རྟེན་ཀུན་གྱིས་ཕྱག་བྱེད་ཅིང ། །སྙིང་དུ་སྡུག་པར་ངེས་པ་ཡིན། །མཁའ་འགྲོ་མ་སོགས་ཕྲ་མེན་མས། །བདག་ལ་ལུང་ཡང་ངེས་པར་སྟོན། །སྡུག་བསྔལ་རྟག་ཏུ་མི་འབྱུང་ཞིང ། །ལྷ་མིན་ལ་སོགས་གདུག་པ་ཡིས། །དེ་ཡི་ཕུང་པོར་མཐོང་བ་ཡིན། །བདག་ལ་སྡིག་པ་མང་པོ་འཇུག་།དེ་ལ་འཇིགས་པ་བསྐྱེད་མི་བྱ། །བདག་ལ་གདུག་པ་སྣ་ཚོགས་པ། །གནོད་པ་སྣ་ཚོགས་བྱེད་པ་ན། །དེ་ལ་འཇིགས་པ་མི་སྐྱེད་ཅིང ། །སེམས་དགའ་བ་ཡིས་ཡོངས་སུ་མཆོད། །ོཾ་ཀ་པཱ་ལ་དྷ་ར་སིདྡྷ་
272b
ཡ།་ཨ་བྷ་ཀྵ་སརྦ་མཿ ས་ནཱཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཨོཾ་ཌཱ་ཀི་ནྱ་པ་ཤི་ཀ་རཱ་ཡ་སཝཱ་ཧཱ། ཨོཾ་སརྦ་ལོ་ཀཱ་བ་ཤེ་ཀ་རཱ་ཡེ་ཧཱུཾ། ཨོཾ་སརྦ་དུ་ཥིཏ་ཙེཚ་ཧཱུཾ་ས་ན་ཡ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་ས་བ་ཡ་ཧཱུཾ་ཕཊ། ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། ཚངས་པ་སྲིན་པོའི་གདོན་འདུལ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།ལག་ན་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །གང་ཞིག་གཤིན་རྗེས་ཟིན་པ་ལ། །ཐབས་དེ་དང་གིས་བགྱི་བ་ལགས། །རིག་པའི་རྒྱལ་པོས་བཀའ་སྩལ་པ། །གཤིན་རྗེ་བྲང་དམར་ཞེས་པའི་གདོན། །ཁ་དོག་སྔོན་པོ་ཉིད་ལ་ནི། །མཆོ་བ་བཞི་དང་རབ་ལྡན་པའི། །གཡས་ན་ཐོད་དབྱུག་འཛིན་པ་ལ། །གཡོན་ན་མི་ཡི་མགོ་བོ་འཛིན། །དྲག་པོ་འཇིགས་སུ་རུང་བ་ཡིས། །གདོན་གྱིས་གང་ཟག་ཟིན་གྱུར་ན། །ཐབས་འདི་ཡང་དག་སྦྱོར་བར་བྱ། །རང་གི་སྦྱོར་བར་བཟུང་བྱས་ན། །དྲག་པོའི་སྒྲ་ལྡན་ཉི་ཤུ་པ། །ཤིན་ཏུ་དཔའ་ཞིང་དད་པར་ལྡན། །སྟོབས་ལྡན་གཏུམ་པའི་བདག་ཉིད་ཅན། ། ཞག་དྲུག་བར་དུ་བསྙེན་བྱ་བ། །ཤ་ལྔ་ལ་སོགས་ཆང་བྱིན་ཏེ། །དེ་ལའང་སྔགས་ཀྱིས་བཏབ་བྱས་ནས། །ཤ་གོས་ཁྲ་བོས་ཡོངས་སུ་བསྐོན། །མེ་ཏོག་མཛེས་པས་བརྒྱན་བྱས་ལ། །སྔགས་འདི་ཉིད་ནི་འབུམ་དུ་བཟླས། །དེ་ནས་དེ་ཡི་གཡས་ཉིད་དུ། །ཞགས་པ་ངེས་པར་བཀུར་བྱས་ལ། །གྷ་ས་གྷ་སའི་སྙིང་པོ་བརྗོད། །གཡོན་དུ་དངོས་པོ་ལྡུགས་བྱེད་པ། །ཡིད་ཆེན་ལ་ནི་རབ་
273a
༄#། །ཏུ་གཅེས། །ནག་པོར་གཏོགས་པའི་གསུམ་པ་ལ། །སྐར་མ་ཉིད་ལ་རབ་བསྐུལ་ཏེ། །མཉམ་པའི་ས་ནི་བླང་བར་བྱ། །དེ་ཐོབ་སྔགས་པ་བློ་ལྡན་པས། །དཀྱིལ་འཁོར་ངེས་པར་བརྩིག་བྱ་སྟེ། །ཁྲུ་དོ་ལ་ཟུར་དྲུག་པ། །འཕང་དུ་སོར་བཞི་རྣམ་པར་སྤྱད། །དེ་ལ་རམས་དང་མ་ཐིང་ཤུན་དང ། །བ་ཡི་རྣམ་ལྔས་བྱུག་པར་བྱ། །འཁོར་ལོ་བཅུ་དྲུག་ཡང་དག་བྲི། །མཐའ་མར་འབར་བའི་ཕྲེང་བ་ཡིས། །སྣ་ཚོགས་པར་ནི་བསྐོར་བར་བྱ། །དེ་ལ་ལྷ་སོགས་རབ་བཀོད་ལ། །བླ་རེས་སྔོན་པོས་ཡོངས་སུ་དབུག་།དེ་ལ་འདབས་འབྱོར་འཁོར་ལོ་ཉིད། །ཟླུམ་པོ་ངེས་པར་བརྐོ་བྱས་ལ། །ཁྲུ་གང་ཡོངས་སུ་བརྐོ་བར་བྱ། །འོག་ཏུ་དུག་གི་ཕྱེ་མ་ཡིས། །ཡང་དག་པར་ནི་གདིང་བར་བྱ། །གྲི་ལ་སོགས་པའི་མཚོན་གྱིས་ནི། །ཁ་རིམ་ངེས་པར་བསྐོར་བར་བྱ། །བླ་ཕྱོགས་དང་གྱིས་ཕུབ་བྱས་ལ། །ནག་པོ་ཆེན་པོའི་སྙིང་པོ་ནི། །འབུམ་དུ་ཚང་བར་བཟླས་པར་བྱ། །བདག་ཉིད་སྔ་མའི་ཚུལ་གནས་ལ། །འཁོར་གཉིས་རུས་པའི་ཕྲེང་བ་ཡིས། །དྲག་པོའི་རིགས་ལ་བཟུང་བྱས་ཏེ། །རྩ་བའི་སྔགས་སོགས་ཐིམ་པར་བཟླས། །མཆོད་པ་རྣམ་པ་ལྔ་དག་དང ། །ཤ་ཆེན་ལ་སོགས་གཏོར་མ་ཉིད། །གཉིས་སུ་ངེས་པར་དབུལ་བཏབ་བྱ། །དེ་ཉིད་འགུགས་པའི་སྙིང་པོ་ཡིས། །ཡང་དག་པ་རུ་དགུག་པར་བྱ། །རལ་གྲི་འབར་བ་གང་ཡིན་པས། །ཤར་ཕྱོགས་དག་ཏུ་ངེས་པར་གནས། །དེ་
273b
ལ་ནག་པོ་ཆེན་པོ་ཡིས། །སྔགས་ཀྱིས་ཡོངས་སུ་བཟླས་པར་བྱ། །དེ་ཡི་སྲོག་སྙིང་གང་ཡིན་པ། །མཐའ་རུ་སྦྱར་བས་ཡང་དག་བཟླས། །དེ་ནས་དེ་ཡི་གཟུགས་བྱ་བ། །བག་ཟན་ཉིད་ལ་སོར་བཅུ་དྲུག་།འཇིགས་པའི་གཟུགས་བྱས་རམས་ཀྱིས་བསྐུ། །དེ་ཡི་ནང་དུ་དེ་ཉིད་ཀྱི། །མིང་དག་ངེས་པར་བྲི་བྱས་ལ། །ནང་དུ་ངེས་པར་གཞུག་པར་བྱ། །ལྕེགས་ལས་བྱས་པའི་ཚེར་མ་ལ། །རྩེ་མོ་དུག་གིས་བསྐུ་བྱས་ཏེ། །དེ་ཡི་ཕྱོགས་སུ་དུག་དག་ནི། །ཡོངས་སུ་གཟུགས་པར་བྱ་བ་ནི། །དེ་ལ་སྔགས་ཀྱིས་བསྔགས་བྱས་ལ། །དེ་སྟེང་དར་གྱིས་ངེས་པར་གདིང ། །དེ་ལྟར་ཞག་གྲངས་སུམ་ཅུ་པར། །ཡོངས་སུ་བསྙེན་པར་བྱས་པ་ལས། །ནད་པའི་གོས་ལ་སོགས་པ་དང ། །ཁ་འཕྲོ་ལ་སོགས་བདག་གི་རྣམས། །སྣོད་དུ་ཐམས་ཅད་བསོགས་བྱས་ཏེ། །སྔགས་ཆེན་གྱིས་ནི་ཡང་དག་བསྔགས། །དེ་ནས་བསྙེན་པ་རྫོགས་པ་དང ། །ནད་པ་དངོས་པོ་བཀུག་བྱས་ལ། །ཐལ་མོ་ཡོངས་སུ་སྦྱར་བྱས་ཏེ། །སེམས་བསྐྱེད་པ་དང་སྐྱབས་འགྲོ་བྱ། །རྡོ་རྗེ་འབར་བའི་ལྕགས་ཀྱུ་ཡིས། །དེ་ཡི་སྙིང་ནས་དྭངས་བྱས་ལ། །ོཾ་བཛྲ་ཕཊ་ཀྱི་སྒྲ་ཡང་བསྒྲགས། །ཞེ་སྡང་རྡོ་རྗེའི་ཏིང་འཛིན་གྱིས། །ཁྲོ་བོའི་གཟུགས་དང་དྲག་པོའི་སྒྲས། །གཡས་པར་ཕྲེང་བ་ཐོགས་བྱས་ལ། །གཡོན་པར་རལ་གྲི་རབ་འབར་གཟུང ། །ནག་པོ་ཆེན་པོ་རབ་རྦད་ལ། །དེ་ཡི་ཕུང་པོ་འཇོམས་པར་བསམ། །དེ་ནས་སྔགས་པ་བློ་ལྡན་པས། །གཟུགས་བརྙན་མཚོན་གྱིས་
274a
༄#། །གཟེར་བར་བྱ། །དེ་ནས་ཕྱི་རུ་ངེས་སྟོན་པས། །དང་པོར་རལ་གྲི་གང་ཡིན་པས། །སྐེ་ནི་ཡོངས་སུ་གཏུབ་པར་བྱ། །དེ་ལྟར་སྔགས་བཟླས་གཏུབས་པ་ཡིས། །ནད་པ་སྐད་ངན་འདོན་པར་བྱེད། །ཡོངས་སུ་གྲུབ་པའི་རྟགས་སུ་ནི། །ལྷ་རྣམས་ཕྱོགས་ཆར་གཡོ་བ་དང ། །དེ་ཡི་གཟུགས་བརྙན་གཡོ་བ་ཉིད། །གྲུབ་པའི་རྟགས་སུ་བརྟན་པ་ནི། །དེ་ཡི་དུམ་བུ་གང་ཡིན་པ། །གཞན་གྱིས་སྦྱར་བར་གཏོར་མ་གཏང ། །དེ་ཡི་སྦྱོང་བ་གང་ཡིན་པས། །གཤིན་རྗེའི་གདོན་དང་ངེས་པར་བྲལ། །དེ་དང་བྲལ་བ་གང་ཡིན་པས། །སྲུང་བའི་འཁོར་ལོ་ངེས་པར་བརྩམ། །ཚོན་སྣ་ལྔ་ཡི་སྐུད་པ་ལ། །ཛཱ་ཏི་ཕ་ལའི་ནང་བཙོས་ཏེ། །རྡོ་རྗེ་འབར་བའི་སྔགས་བཏབ་སྟེ། །མདུད་པ་ཉི་ཤུ་གཅིག་བོར་ལ། །དེ་ཡི་སྐེར་ནི་གདགས་པར་བྱ། །དེས་ནི་སྲུང་བ་མཆོག་ཡིན་ཏེ། །ཕྱི་ནས་བགེགས་མི་འཇུག་པ་ཡིན། །ོཾ་ཕ་ར་ཕ་ར་ཡ་ཏ་ཧཾ་སཝཱ་ཧཱ། ཨོཾ་ཀཾ་ཀ་ཤ་རི་བྷ་བ་ཕ་ཕཊ། ཨོཾ་གྷ་ས་གྷ་ས་བ་རཱུ་པ་ཧ་ཡ་ཧ་ཡ་སཾ་ཙ་ཧཱུཾ། ཨོཾ་མ་ཧཱ་ཀཱ་ལ་ཡ་མ་གྷ་ཧ་མཱ་ར་ཡ་ཧཱུཾ་ཕཊ། ཨོཾ་ཨཱ་ཀཪྵ་ཡ་ཨཱ་ཀྲྵ་ཡ་སརྦ་མ་ཡ་ན་ཧཱུཾ། ཨོཾ་ཡ་མ་དུ་དུ་ཧེ་ད་ཨ་ན་ཨ་སརྦ་ཡ་མེ་ན་ཧ། ཨོཾ་ཤ་ཏ་ཏི་ཀྵ་རུ་པེ་ན་ཡ་མ་ཙིཚྣྡ་ཙིཚནྡ་ནཱཾ་ཧཱུཾ་ཕཊ། ཡཾ་ཨོཾ་ཙཎྜ་ཁངྒེ་ད་ཡ་མ་ཙིཚ་ན་ཀ་རཱ་ཡ་ཕཊ། ཨོཾ་ཛྭ་ལ་ཛྭ་ལ་ན་རོ་གི་རྐྵ་རྐྵ་སཝཱ་ཧཱ། དེ་ལྟར་འབྱུང་བོ་ངེས་བས་ལན། །རྣལ་འབྱོར་པ་ལ་གནོད་བྱེད་པའི། །དངོས་པོ་གང་དག་གསད་བྱའི་ཕྱིར། །ནག་པོ་ཆེན་
274b
པོ་འདི་བསྒྲུབ་བྱ། །སྙིང་རྗེ་ཆེན་པོས་སྦྱོར་བ་བརྩམ། །ཤིན་ཏུ་བརྟགས་ལ་མངོན་པར་སྒྲུབ། །ཕྲ་མོ་ཙམ་ལ་བྱ་བ་མིན། །བསྟན་པ་དངོས་སུ་འཇིག་ལ་སོགས། །སྙིང་རྗེ་ཆེན་པོས་སྦྱོར་བ་བརྩམ། །དང་པོར་གཙུག་ལག་ཁང་ཆེན་ནམ། །མཆོད་རྟེན་ཁང་སྟོང་ཆེན་པོའམ། །རབ་ཏུ་བསྔགས་པ་དུར་ཁྲོད་མཆོག་།བདག་གིས་ནག་པོ་ཆེན་པོ་ཡི། །གཟུགས་བརྙན་ལེགས་པར་བྲིས་པ་ཡིས། ། མཆོད་པ་སྣ་ཚོགས་འབྱོར་བ་དང ། །རབ་གསལ་ལྔ་ཡི་དུད་པ་དང ། །མི་འཆི་ལྔ་ཡི་དུད་བ་དང ། །ཞག་བདུན་བར་དུ་བདུག་པར་བྱ། །དང་པོར་གཞི་མའི་དངོས་པོ་གང ། །ཡིད་ཆེས་པགས་པ་དེས་པ་ལས། །དེ་ལས་བྱུང་བ་གང་ཡིན་པ། །ཡང་དག་པ་རུ་བྲི་བར་བྱ། །དེ་ནས་གནས་གང་ཡིན་པ་རུ། །སྐར་མ་དག་ལ་ཡོངས་སུ་མཆོད། །རབ་གསལ་ལྔ་དང་མི་འཆི་ལྔ། །གཞན་ཡང་རབ་གསལ་སྣ་ཚོགས་པས། །ཡང་དག་པ་རུ་མཆོད་པར་བྱ། །དཔའ་བོ་སྣ་ཚོགས་འབྱོར་པ་དང ། །མཆོད་པ་སྣ་ཚོགས་ཅི་འབྱོར་པས། །ཟླ་གསུམ་བར་དུ་མཆོད་བྱ་ཞིང ། །རང་ཉིད་ཆ་ལུགས་བསྐྱུར་བ་ཡིས། །ལུས་ལ་ཁྲག་གིས་རྣམ་པར་བསྐུ། །བརླག་བྱེད་དངོས་པོ་གང་ཡིན་པ། །འབར་བའི་དཀྱིལ་འཁོར་ཕྱོགས་ཀུན་ཏུ། །སྟོད་ཀྱི་ཚིག་གཉིས་བཀུག་པ་ཡིས། །ཡོངས་སུ་འབྲུ་བར་བྱ་བ་ཡིན། །དེ་ཡི་ནང་དུ་དངོས་པོ་གང ། །ཡང་དག་པར་ནི་བླུགས་བྱས་ལ། །མགོ་ཆེ་བ་དང་དྲེར་ཤ། །དེ་གསུམ་ཡོངས་སུ་བསྲེགས་པ་ཡིས། །གང་ལ་དམིགས་པར་བྱ་བ་ཡིས། །
275a
༄#། །དངོས་པོ་གང་དག་དེར་བསམ་བྱ། །སྔགས་དང་ཕྱག་རྒྱ་སྦྱོར་ཤེས་པས། །གསལ་བར་བསྒོམས་པས་དབུལ་བར་བྱ། །གཏོར་མ་ཉིད་ལ་སྣ་ཚོགས་པའི།། དངོས་པོ་ཡང་དག་བླུགས་བྱས་ལ། །མཚན་མོ་ཕྱེད་ནས་ཡོངས་སུ་གཏང ། །དེ་ཡི་ཐུགས་ཀ་ཉིད་ནས་ནི། །ཐུགས་ཡིད་བསྡུས་པ་ཡང་དག་བསམ། །འདི་ཡི་སྟོད་ཀྱི་ཆེ་གང་ལ། །མི་འགྱུར་གནས་པ་ཡང་དག་བསམ། །དེ་གཉིས་དཀར་དང་ནག་པ་སྟེ། །འདི་ལ་འབྲེལ་པར་གྱུར་པ་ཡིན། །དངོས་པོ་ནག་པོར་དེ་ཉིད་ལ། །དངོས་པོ་དཀར་པོ་གང་ཡིན་པ། །སྟོབས་པ་སྐྱེད་གསལ་བར་གནས་པར་བྱ། །དེ་ལྟར་སྐད་ཅིག་དུ་མ་ཡིས། །ཡོངས་སུ་གནས་པར་བྱས་པ་ལས། །བདག་ལ་ང་རྒྱལ་དྲག་པོ་བསྐྱེད། །དེ་སྐྱེས་པ་ཡིས་གྲུབ་པར་བསམ། །རྟགས་སུ་བྱ་བ་གང་ཡིན་པས། །དེ་ཉིད་དངོས་པོ་གཡོས་གྱུར་དང ། །དྲག་པོ་སྒྲ་ཡང་ཐོས་པ་དང ། །སེམས་ཅན་མ་རུངས་འཇིགས་པའི་གཟུགས། །མངོན་སུམ་དག་ཏུ་འོངས་གྱུར་ན། །ངེས་པ་ཉིད་དུ་འགྲུབ་པ་ཡིན། །དེ་འགྲུབ་བསྒྲུབ་བྱ་གང་ཡིན་པ། །དེ་ཉིད་རྣམ་གསུམ་བསྲེགས་པ་ཡིན། །ཆག་གང་བ་ཡི་དབྱིབས་བྱས་ལ། །དེ་ཡི་དཀྱིལ་འཁོར་དུ་སྲོག་སྙིང་གཞུག་།དེ་ནས་ནག་པོ་ཆེན་པོ་ལ། །མཉེས་པ་ཡི་ཚིག་བརྗོད་དེ། །ནག་པོ་ཆེན་པོ་ཉིད་ལ་བཏབ། །དེ་ཡི་སྔགས་དག་བཟླས་པ་ཡི། །རབ་གསལ་ལྔ་དང་མི་འཆི་ལྔ། །དཔའ་བོ་ལ་སོགས་ཐམས་ཅད་ཀྱིས། །ཡོངས་སུ་སྦྱར་
275b
བ་དེ་ཉིད་གསུམ། །དངོས་པོ་གང་ཉིད་ལ་སོགས་པ། མཚོན་གྱིས་ཡོངས་སུ་གཏུབ་པར་བྱ། །དེ་ནས་མེ་ཉིད་རབ་སྦྱར་བས། །སྔགས་དང་ཕྱག་རྒྱར་རབ་ལྡན་པས། །ལུས་ངག་ཡིད་ནི་དྲག་པོ་ཡིས། །ལས་ཀྱི་སྦྱོར་བ་ངེས་པར་སྤྱད། །ོཾ་མ་ཧཱ་ཀ་ལ་མཱ་ར་ཡ་མཱ་ར་ཡ་སརྦ་ཤ་ཏྲའུཾ་ནཱཾ། ཕཊ་ཕཊ་ཕཊ། ཨོཾ་མ་ཧཱ་ཀཱ་ལ་སརྦ་ཤ་ཏྲའུཾ་ཙིཚཌྞ་ཡ་ཕཊ། ད་ས་དཾ་རེ་ཕ་ར་ཧ་ཧ་ཧ་བྷ་སཝཱ་ཧཱ། །དེ་ནས་སྔགས་པ་ཡོངས་རྟོགས་པས་།སངས་རྒྱས་བྱང་ཆུབ་སེམས་དཔའ་དང ། །ཉན་ཐོས་རང་སངས་རྒྱས་རྣམས་ལ། །གང་ཞིག་གནོད་པར་བྱེད་པ་ཡིས། །གང་ཟག་རྣལ་འབྱོར་སྒྲུབ་པ་ཡི། །གོང་མའི་སེམས་ཀྱིས་ཡང་དག་སྦྱར། །དེ་ནི་བླ་མའི་མན་ངག་གིས། །ཡང་དག་པར་ནི་དབྱེ་བར་བྱ། །བླ་མ་ཉིད་ལ་ཅི་ནུས་པས། །ཡོངས་སུ་མཆོད་པས་མན་ངག་དབྲལ།། །།འདིས་ནི་ངེས་པར་འགྲུབ་པས་ན། །ཡིད་ཆེས་པར་ནི་ཡོངས་སུ་བསྒྲུབ། །ལག་ན་རྡོ་རྗེ་གོས་སྔོན་བོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། གཤིན་རྗེ་བྲང་དམར་གྱི་གདོན་འདུལ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །། ལག་ན་རྡོ་རྗེ་གོས་སྔོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །གང་ཞིག་གནོད་སྦྱིན་གདོན་གྱིས་ཟིན། །དེ་ལ་ཐབས་ཉིད་གསུམ་དུ་གསོལ། །གསང་བའི་མགོན་གྱིས་བཀའ་སྩལ་པ། །གནོད་སྤྱིན་གདོང་སེར་ཞེས་པའི་གདོན། །ཤིན་ཏུ་དྲག་པར་གྱུར་པ་ལ། །ཐབས་འདི་ཡང་དག་བརྩམས་པར་བྱ། །དྲག་པོའི་སྒྲ་དང་རབ་ལྡན་པའི། །ཁ་དོག་སེར་བ་སུམ་ཅུའི་གཟུགས།
276a
༄#། །སྟོབས་དང་ལྡན་ཞིང་རབ་ཏུ་གུས། །ཟས་སུ་སྦྲང་རྩི་ཟར་བཅུག་ལ། །ཞག་བདུན་བར་དུ་ངེས་པར་བསྙེན། །གོས་དག་ལྗང་གུ་བསྐོན་བྱས་ཏེ། །སྔགས་འདི་དག་གིས་ཡོངས་སུ་བསྔགས། །བདག་གིས་རབ་ཏུ་དང་བས་ནི། །སངས་རྒྱས་རྣམས་ལ་མཆོད་པས་མཆོད། །དེ་ནས་སུམ་ཅུ་པ་དག་ལ། །དངོས་པོ་རྟེན་པར་བྱེད་པ་ཡི། །རས་སོགས་གོས་དྲས་བཙེམས་བྱས་ལ། །བྱང་ཕྱོགས་དག་གི་ཁང་སྟོང་དུ། །ཕྱིན་པས་ས་ཉིད་བླང་བར་བྱ། །ལུས་ངན་སྲས་པོས་རབ་བསྔགས་པ། །སྙིང་པོ་ཉིད་ཀྱང་གདོན་བྱ་ཞིང ། །དེ་ཐོབ་བྱང་ཕྱོགས་ཁྲོ་བོ་ཡི། །སྔགས་བཟླས་པ་ཡིས་ཕྱིར་མི་བལྟ། །དེ་ནས་སྔགས་པ་བློ་ལྡན་པས། །དཀྱིལ་འཁོར་ཁྲུ་ནི་ཕྱེད་དང་དོ། །ཟུར་བཞི་པ་རུ་བྱས་པ་ལ། །རམས་དང་མཐིང་ཤུན་ཡུང་བ་དང ། །བ་ཡི་རྣམ་ལྔ་དྲི་ལྡན་པས། །འཕང་དུ་སོར་གཉིས་རྣམ་པར་ངེས། །ནང་ནས་རབ་ཏུ་ཟླུམ་བྱས་ལ། །ཙནྡན་དཀར་པོའི་ཐིག་ལེ་ནི། །བཅུ་བདུན་ཡོངས་སུ་བྲི་བར་བྱ། །དེ་སྟེང་འཁོར་ལོའི་ལྷ་ཚོགས་གནས། །བླ་རེ་ལྗང་གུ་ཕུབ་བྱས་ལ། །དེ་ནས་འདབས་འབྱོར་དེ་ཉིད་ཀྱི། །དཀྱིལ་འཁོར་གྲུ་བཞི་པ་ཉིད་ལ། །རྒྱར་ནི་སོར་མོ་བཅུ་གཉིས་ལ། །ཟབས་སུ་ཆག་གང་ངེས་པར་བྲུ། །ཁྱུ་བྱུག་དུག་ཏུ་བསྲེས་པ་ཡིས། །དེ་ཡི་གཅལ་དུ་རྣམ་པར་དགྲམ། །མཆོད་པ་ལྔ་དང་གཏོར་མ་དང ། །ལས་ལ་སྦྱོར་སོགས་དཀར་པོ་ཉིད། །ཡོངས་སུ་བཏང་བར་
276b
བྱ་བ་ཡིན། །སྒྲ་སྐད་ཆེན་པོའི་རུས་པ་ལ། །ཕྲེང་བ་བྱས་པས་དྲག་པོའི་རིགས། །དེ་ཉིད་ལ་ནི་བཟུང་བ་བྱས། །རྩ་བའི་སྔགས་སོགས་འབར་བ་བཟླས། །དེ་དག་སྟེང་དུ་ཐིམ་འགྱུར་བས། ། ལུས་ངན་སྲས་པོའི་སྔགས་བཟླས་པས། །དེ་ཡང་གོང་མའི་ཚད་ཉིད་དུ། །ཕྱིན་པས་ཡོངས་སུ་བཟླས་པར་བྱ། །ཡིད་ཆེན་ཕུར་བུ་སོར་བཅུ་པ། །བཅུ་དྲུག་དག་གིས་དེ་ཉིད་ཀྱི། །ཁ་རུ་ཡོངས་སུ་བསྐོར་བར་བྱ། །བདག་ཉིད་སྔ་མའི་ཆ་ལུགས་ལ། །འབར་བ་བསྐྱོད་པས་ཕུར་བུ་བསྔགས། །ཉུངས་ཀར་ཏིལ་གྱི་རིགས་གཉིས་ལ། །བྱང་ཕྱོགས་ཁྲོ་བོའི་སྙིང་པོ་ཉིད། །བརྒྱ་རྩ་བརྒྱད་པས་ཡོངས་སུ་བསྔགས། །སྐུད་པ་སྔོན་པོ་ཉིད་ལ་ཡང ། །འབར་བ་ཆེན་པོའི་སྔགས་བཟླས་ནས། །དེ་ཡི་གཟུགས་ཉིད་ཡུང་བ་ཡིས། །གྲོ་ག་དག་ལ་བྲིས་བྱས་ལ། །སྐུད་པ་དེ་ཡིས་རབ་བཅིངས་ལ། །ནང་དུ་ངེས་པར་གཞུག་པར་བྱ། །སྟེང་དུ་མེ་ལོང་ཉིད་ལ་ཡང ། །གུར་གུམ་ཁུ་བས་བྱུགས་བྱས་ལ། །ངོ་བསྟན་ཁ་ནི་དགབ་པར་བྱ། །ཞག་བདུན་བར་དུ་བསྙེན་པ་ཡིས། །དེ་ཉིད་འགུགས་པའི་སྔགས་ཀྱང་བཟླས། །དེ་ནས་སྔགས་པས་སྦྱོར་བ་འདི། །ཡོངས་སུ་མཉམས་ཡང་དག་བཟླས། །དེ་རྫོགས་ནད་པ་བཀུག་བྱས་ལ། །གུ་གུལ་ནག་པོའི་དུད་པ་ཡིས། །སྣ་ཉིད་དག་ཏུ་བདུག་པར་བྱ། །དེ་ནས་དེ་ཉིད་འཕྲོས་པ་ན། །མི་བཟད་རབ་ཏུ་འབར་བ་ཡིས། །སྡེར་མོ་ཡིས་ནི་དྲག་ཏུ་གཟུང ། །ཧཱུཾ་གི་ང་རྒྱལ་སྒྲ་དང་ལྡན། །ཞགས་པ་སྔོན་པོ་གང་ཡིན་པས། །དེ་ཡི་སྐེ་ནས་
277a
༄#། །བཟུང་བྱས་ལ། །མེ་ལོང་ཉིད་ལ་ངོ་བསྟན་བྱ། །གཡས་པ་རྡོ་རྗེ་ལྡན་པ་ཡི། །ཕྲེང་བས་སྔགས་ནི་ཡང་དག་བཟླས། །དེ་ནས་རབ་ཏུ་ལྡན་པ་ཡིས། །སྲོག་གི་སྙིང་པོ་ཡོངས་སུ་བཟླས། །བསམ་པ་ཡོངས་སུ་རྫོགས་པ་ཡིས། །དེ་ཉིད་ལ་ནི་ཡང་དག་དབབ། །དེ་ནས་རྣམ་པ་རབ་ལྡན་པས། །སྔགས་ཆུ་ཡིས་ནི་ཁྲུས་བྱས་ལ། །ལུས་ངག་ཡིད་གསུམ་དྲག་པོ་ཡིས། །དངོས་པོ་ཡོངས་སུ་བཅིངས་བྱས་ལ། །ཁྲུ་གང་བརྐོས་པའི་ནང་དུ་གཞུག་།ཕུར་བུས་སྟེང་དུ་གཟིར་བྱས་ལ། །ཕཊ་ཀྱི་སྔགས་ཀྱིས་ཡང་དག་མནན། །དེས་ནི་གདོན་མི་ཟ་བར་ནི། །གནོད་སྦྱིན་གདོན་དང་ངེས་པར་བྲལ། །དེ་ནས་སྲུང་བའི་འཁོར་ལོ་ཉིད། །ཡོངས་སུ་སྲུང་བ་བྱས་པ་ཡིས། །ཕྱི་ནས་གདོན་མི་འཇུག་པ་ཡིན། །ོཾ་མ་ཧཱ་བཻ་ཤྲ་བ་ཎཱ་ཡ་ཀཾ་ཀཱ་ལ་ཡཀྵ་བནྡྷ་ནཱཾ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། པ་ཙ་ཝ་ཕུཿ ཤ་ཡ་ཧ། ཧ་ན་ཧ་ན་ཡཀྵ་པ་ར་ཡ། ཨོཾ་ཨཱ་ཀཪྵ་ཡ་ཨཱ་ཀྲྵ་ཡ། སརྦ་ཡྐྵ་ན་ཧཱུཾ་རཾ། ཤ་ཨོཾ་ཡྐྵ་ཧྲྀ་ད་མ་ཛ་མ་ཛ་སོ་པ་ལ་ཧཾ། ཨོཾ་སརྦ་ར་ར་བི་ཤོ་དྷ་ཡ་ཧཱུཾ་ཕཊ། ཨོཾ་ཧ་ཧ་ཧ་ཕཊ་ཕཊ་ཕཊ་ཧཱུཾ། སངས་རྒྱས་བྱང་ཆུབ་སེམས་དཔའ་དང ། །ལུས་ལ་སོགས་པའི་ཕན་གནོད་གཉིས། །ཡོངས་སུ་སྦྱངས་པར་ཡང་དག་བཤད། །དེ་ཉིད་ལུས་ངན་སྲས་པོ་ལ། །གང་བསྟབས་དེ་ཉིད་ངེས་པར་འཇིག་།དེ་ཡི་སྦྱོར་བ་བྱ་བ་ནི། །ལུས་ངན་སྲས་པོའི་སྒྲུབ་པ་བཤད། །
277b
དང་པོར་དེ་ཡི་གཟུགས་བྱ་བ། །རམས་དང་ཡུང་བ་རབ་སྦྱར་བས། །བ་དན་ནེའུ་ལེའུ་རྐྱལ་པ་དང ། །སྐུ་གདུང་གཡས་ཕྱོགས་བཞག་བྱས་ལ། །གོང་མ་ལྟ་བུའི་གཟུགས་སུ་བྲི། །གཡས་གཡོན་གཉིས་སུ་དེ་ཉིད་ཀྱི། །ཡི་གེ་གཉིས་པོ་བྲི་བྱས་ལ། །དེ་མཐར་དྲག་པོའི་སྙིང་པོ་བྲི། །གསུམ་སྦྱར་དངོས་པོ་འབིགས་བྱེད་པའི། །ཚིགས་གསུམ་དུ་ནི་ངེས་པ་ལས། །དར་དག་དམར་པོ་ཁ་ཚོན་གང ། །མེ་ཏོག་ཕྲེང་བས་ཡོངས་སུ་བརྒྱན། །རིན་ཆེན་སྣ་ལྔའི་ཕྱེ་མ་དང ། །དྲི་ཡི་ཕྱེ་མ་སྣ་ཚོགས་པ། །ཕུར་མ་བྱས་པས་གདགས་པར་བྱ། །སྲོག་སྙིང་འོ་མས་བྲིས་བྱས་ལ། །དེ་ཡི་མིང་རུས་ཁྲག་གིས་བྲི། །འབྲུ་དག་དཀར་པོའི་སྟེང་བཙུགས་པས། །དེ་ཉིད་ལ་ནི་ཆགས་པར་འགྱུར། །དཀྱིལ་འཁོར་ཁྲུ་གང་གྲུ་བཞི་པ། །འཕང་དུ་སོར་གཉིས་ངེས་པ་ལས། །གོང་དུ་བསྟན་པའི་སྦྱོར་བ་ཡིས། །ཡོངས་སུ་བྱུགས་པར་བྱས་པ་ལས། །མཆོད་པ་ལྔ་ཡིས་རབ་མཆོད་ལ། །བདག་ཉིད་སྡོམ་པར་ཡང་དག་གནས། །ཟས་སུ་དཀར་གསུམ་བཟའ་བྱས་ཤིང ། །ཆང་ལ་སོགས་པ་བཏུང་མི་བྱ། །གཏོར་མ་ཆ་གཅིག་བསྙེན་པར་གནས། །ཆ་གཉིས་ཉིན་མཚན་དུས་གཉིས་སུ། །བསམ་པའི་སྦྱོར་བས་ཡོངས་སུ་གཏང ། །དང་པོའི་གཏོར་མ་དེ་ཉིད་ལ། །ཉུངས་ཀར་ཉིད་ཀྱང་བླུགས་བྱས་ལ། །བཟླས་པའི་གྲངས་སུ་ཐིམ་པར་བྱ། །དེ་ཡི་མིང་རུས་གང་ཡིན་པས། །སྙིང་པོ་དག་ལ་རེ་རེ་ཞིང ། །ཡང་དག་པ་རུ་མཉེས་
278a
༄#། །པར་བྱ། །རང་གི་མ་ཉེས་གང་ཡིན་པའི། །ཚིག་བཏོན་པ་ཡིས་དྲག་པོར་འབོད། །ཤིན་ཏུ་གདུག་སེམས་རབ་འབར་བར། །དང་པོ་སྙིང་རྗེ་ཆེན་པོ་བསྐྱེད། །འདི་ལ་རྟགས་ཀྱི་སྦྱོར་བ་དང ། །བརླག་པར་བགྱི་བའི་སྐུལ་མ་གདབ། །རིང་དུ་འཚོ་ན་སྙིང་རྗེ་སྤང ། །མྱུར་དུ་ཁྱོད་ཀྱིས་བསྒྲལ་དུ་གསོལ། །དེ་དག་ལ་སོགས་ཚིག་དག་གིས། །དེ་ལ་ཚིག་ཀྱང་དྲག་པོར་བརྗོད། །དེ་ནས་གནས་གང་ཡིན་པར་ནི། །དང་པོའི་གཏོར་མ་བརྡབ་པར་བྱ། །དང་པོ་དང་ནི་བར་དག་དང ། །ཐ་མར་ཕྱོགས་སྐྱོང་སྲུང་མ་ལ། །འོ་དོད་འབོད་པས་གཏོར་མ་གཏང ། །སྔགས་རྣམས་བླ་མའི་ལུང་ནས་ནི། །ཡོངས་སུ་ཤེས་པར་བྱ་བ་ནི། །ོཾ་བཻ་ཤྲ་བ་ཎཱ་ཡ་ཧཱུཾ། ཨ་མུ་ཏཾ་ཁ་ཏ་བ་ཏ་ས་ས་ག་རུ། དེ་ལས་ཡོངས་སུ་བྱུང་བས་ནི། །ཡང་དག་པ་རུ་ཤེས་པར་བྱ། །མཚན་མོ་མགྱོགས་པ་ཞེས་བྱ་བའི། །སྲོག་ཆགས་གང་དག་ཤི་བ་ཡི། །རུས་པ་ལ་ནི་སྔགས་བཟླས་ལ། །དེ་ཡི་ཁང་རྩར་གཞུག་པར་བྱ། །དེ་ཡིས་ལྟས་ངན་སྣ་ཚོགས་པ། །ཡང་དག་པ་རུ་འབྱུང་བ་ཡིན། །གྲུབ་པའི་རྟགས་སུ་བརྟན་པ་ནི། །སྐྱེས་པ་མདའ་གཞུ་པ་དག་ནི། །ཡང་ཡང་རྨིས་པར་གྱུར་པ་ནི། །ངེས་པར་འགྲུབ་པར་ཡང་དག་བཤད། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། གནོད་སྦྱིན་གདོང་སེར་གྱི་གདོན་འདུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །།ལག་ན་རྡོ་རྗེ་གོས་སྔོན་
278b
གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །གང་ཞིག་སྒྲུབ་པར་བྱེད་པ་ལ། །བྲིས་སྐུ་ལ་སོགས་གླེགས་བམ་ཉིད། །ཚད་དེ་གང་གིས་བགྱི་བ་ལགས། །རིག་པའི་རྒྱལ་པོས་བཀའ་སྩལ་པ། ། གང་ཞིག་སྒྲུབ་པར་བྱེད་པ་ཡིས། །བྲིས་སྐུ་གླེགས་བམ་སྦྱོར་བ་འདིས། །ཡང་དག་པར་ནི་བསྒྲུབ་པར་བྱ། །དུར་ཁྲོད་ལ་སོགས་གང་ཡིན་པར། །རི་མོ་མཁན་ཉིད་རིམ་པ་བཞིན། །དབང་བསྐུར་བ་ནི་ཡང་དག་བྱ། །ཐ་ག་པ་ཡང་བསྙེན་བྱས་ལ། །དྲི་ཞིམ་པ་ཡིས་ཡོངས་སུ་བྱུག་།སྟེང་འོག་གཉིས་ལ་མཐའ་གཉིས་གསུམ། །མཉམ་པར་བཞག་པས་ཡང་དག་བརྟག་།དམར་པོ་ལྔ་ཡིས་རབ་བྱུགས་ལ། །ས་བོན་ཡང་དག་ལྡན་པ་དང ། །དྲི་ཞིམ་རྣམ་པ་སྣ་ཚོགས་པ། །ཡོངས་སུ་བྱུག་པར་བྱ་བ་ཡིན། །ཚོན་རྩི་རྣམ་པ་སྣ་ཚོགས་པས། །ཡིད་ཆེས་སྔགས་ཀྱི་ཚོན་རྩི་རྣམས། ། མཉམ་པར་སྦྱར་བར་བྲི་བར་བྱ། །སྣོད་དག་ཐོད་པ་ཉིད་ལ་ནི། །པིར་ནི་མི་ཡི་སྐྲ་ཡིས་བྱ། །དུར་ཁྲོད་ཉིད་དམ་ཁང་སྟོང་དམ། །གནས་བདེན་པར་ནི་ཡོངས་སུ་བྲི། །ལས་མཁན་སྔོན་པོའི་གོས་བགོས་ཏེ། །ཁྲག་གིས་གདོང་དག་བྱུགས་བྱས་ལ། །སྔགས་པ་འདི་ཡིས་ནི་རྟག་ཏུ་བཟླས། །ོཾ་ཙཎྜ་མ་ཧཱ་རོ་ཥ་ཎ་ཀ་ར་ཡཾ། སརྦ་སཏྭཱ་ར་ཐ་ཧཱུཾ་ཧཱུཾ། གཏོར་མ་དྲག་པོ་གང་ཡིན་པ། །བྲི་བའི་དུས་སུ་གཞག་པར་བྱ། །ཟིན་ནས་དེ་ཉིད་གཏང་བར་བྱ། །དང་པོར་ཚོན་རྩི་ཐམས་ཅད་ལ། །རིན་ཆེན་སྣ་ལྔར་བྱིན་གྱིས་བརླབ། །རྡོ་རྗེ་རྩེ་གཅིག་ཕྱག་རྒྱ་ཡིས། །ཡང་དག་པ་རུ་བྲི་བྱ་སྟེ། །བསྐྱེད་
279a
༄#། །བྱེད་དང་ནི་ཡོན་བདག་གི་།བསམ་པས་ཡོངས་སུ་བྲི་བར་བྱ། །དཀྱིལ་དུ་པདྨ་བཅུ་དྲུག་ལ། །སྙིང་པོ་ཟེ་འབྲུ་ཡང་དག་ལྡན། །དཀྱིལ་དུ་གཙོ་བོ་འབར་བ་ཉིད། ། གོང་མའི་གཟུགས་ཀྱིས་བྲི་བར་བྱ། །འཁོར་ལ་སོགས་པ་ཐམས་ཅད་ཀྱང ། །སྔ་མ་ལྟ་བུར་ཡང་དག་བྲི། །ཕྱི་རོལ་ཤིང་ལ་སོགས་པ་དང ། །དུར་ཁྲོད་བརྒྱད་ཀྱིས་རྣམ་པར་བརྒྱན།། འཇིགས་པར་བྱེད་པའི་རོ་ལངས་དང ། །ལྕེ་སྦྱང་དྲག་པོའི་སྒྲ་ཡང་སྒྲོག་།དེ་ལྟར་རིམ་པ་ཇི་བཞིན་པས། །གོང་མ་ལྟ་བུར་ཡང་དག་བྲི། །དབང་བསྐུར་གནས་སྐབས་གང་ཡིན་པས། །མཚན་མའི་དཀྱིལ་འཁོར་ཡོངས་སུ་བྲི། །དེ་ཡི་བར་དུ་མི་གཞན་ལ། །བྲིས་སྐུ་བསྟན་པར་མི་བྱ་འོ། །བརྒྱང་ཤིང་རུས་པ་ཉིད་ལ་ནི། །བྱས་པ་ཐང་ཀ་ཡོངས་སུ་བརྒྱངས།། གུར་དག་སྔོན་པོ་ཕུབ་བྱས་ལ། །མཁའ་ལ་ཡོངས་སུ་བསྟན་མི་བྱ། །གལ་ཏེ་བསྟན་པར་བྱས་པ་ན། །དངོས་གྲུབ་འགྲུབ་པར་འགྱུར་བ་མེད། །དེ་བས་མཉམ་པར་བཞག་པ་ཡིས། །སྦྱོར་བ་ལེགས་པར་བརྩམ་པར་བྱ། །གླེགས་བམ་ངེས་པར་བྲི་བར་བྱ། །གྲོ་ག་དག་ལ་སོར་དག་ནི། །དཀྱུས་སུ་བཅུ་གཉིས་ཞེང་དུ་བཞི། །དེ་ཡི་ཚད་དུ་བྱ་བ་ལ། །ཁྲག་དང་བདུད་རྩི་ལྔ་རྣམས་ཀྱིས། །ཡོངས་སུ་བྱུགས་པར་བྱས་པ་ལ། །མེ་ལོང་ཨུར་གྱིས་མནན་བྱས་ཏེ། །མཐིང་ཤུ་ན་ཉིད་ཀྱིས་ལེགས་པར་བྲི། །འབྲི་མཁན་སྦྱོར་བ་རབ་ལྡན་པས། །
279b
སྨྱུ་གུ་ལྕགས་ལས་བྱས་པ་ཡི། །སྣོད་ནི་ཐོས་པར་ཡང་དག་ལྡན། །གཏོར་མ་ཡང་དག་བཤམས་བྱས་ལ། །ཧཱུཾ་གི་ངག་གིས་རྟག་ཏུ་བརྗོད། །གོས་དག་སྔོན་པོ་བགོས་བྱས་ནས། །རྒྱན་ཆ་ལྔ་ཡིས་རྣམ་པར་བརྒྱན། །མི་གཞན་ལ་ནི་མི་བསྟེན་ཅིང ། །གླེགས་ཤིང་རུས་པའམ་གླང་ཆེན་གྱི། །སོ་དག་ལ་ནི་ངེས་པར་བྱ། །ཐག་པ་བྲམ་ཟེ་མོ་ཡི་ནི། །སྐྲ་ཡིས་ཡོངས་སུ་བསྡམ་པར་བྱ། །ཡང་ན་ཡིད་ཆེས་པགས་པ་ལ། །མཉེན་པར་བྱ་བས་ཡོངས་སུ་བསྡམ། །དེར་ནི་ལག་གཡོན་སྟོད་ཀྱི་བར། །དེ་ཉིད་དག་གིས་ཡོངས་སུ་སྤ། །སངས་རྒྱས་ལྔ་ཡི་བདག་པོ་མཆོག ། ངེས་པར་རྡོ་རྗེ་རྣོན་པོ་ཉིད། །སྡང་བ་ཐམས་ཅད་འདུལ་བྱེད་ཅིང ། །དངོས་སུ་དཔའ་བོ་རབ་འབར་བ། །ཆེན་པོ་ཡི་ནི་ཆེན་པོ་ཉིད། །ཀུན་ལ་མཁའ་འགྲོ་ཆེན་པོ་སྟེ། །སྐུ་ཆེན་རབ་དྲག་འཇིགས་པའི་གཟུགས། །མཁའ་ལྟར་མཉམ་ལ་ཕྱག་འཚལ་བསྟོད། །ལས་ལ་འཇུག་པར་སྣང་བ་ཉིད། །ཀུན་བསྡུས་པས་ནི་དེ་བརྗོད་བྱ། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། བྲིས་སྐུ་དང་གླེགས་བམ་གྱི་ལེའུ་སྟེ་བཅུ་བཞི་པའོ།། །།ལག་ན་རྡོ་རྗེ་གོས་སོན་གྱིས། །བཅོམ་ལྡན་མགོན་ལ་འདི་སྐད་གསོལ། །གང་ཞིག་རྒྱུད་འདི་ལས་སྦྱོར་བས། །ཐབས་ཀྱི་ཡན་ལག་སྣ་ཚོགས་པ། །ཡང་དག་རྒྱས་པར་གསང་\?\་དུ་གསོལ། །བདེ་གཤེགས་མཆོག་གིས་བཀའ་སྩལ་པ། །དད་པའི་རང་བཞིན་ཅན་གྱི་མིས། །འདི་
280a
༄#། །ཉིད་ལ་ནི་མངོན་པར་སྒྲུབ། །ཀླུ་གདུག་འབར་བས་ཟིན་པ་ནི། །ནུབ་མོ་ན་བར་གྱུར་པ་དང ། །ཡན་ལག་དྲག་པར་ན་བ་དང ། །སྨིན་མ་ལ་སོགས་བྱི་བ་དང་།། ལུས་ལ་ཤ་རོ་ཁོལ་བར་གནས། །ཚིགས་སུ་ན་ཞིང་ཆགས་པར་ལྡན། །སྙིང་མི་དགའ་དང་དཀར་ལ་དགའ། །ཀླུ་ཡི་ནད་དུ་ཤེས་པར་བྱ། །བ་ལང་དམར་པོ་མཐོང་བ་དང ། །སྦལ་པ་ཉ་སོགས་མཚན་མ་རྨི། །བུ་མོ་གཞོན་ནུ་མཐོང་བ་དང ། །སྐྱེས་པ་སྐྲ་སེར་རྨི་བ་དག་།ཀླུ་ཡི་མཚན་མར་བསྟན་པ་ཡིན། །ཁྲུས་ལ་དགའ་ཞིང་སྐུད་པ་འཁལ། །ཆང་ལ་ཡོངས་སུ་དད་ཆེ་བ། །ཚངས་པའི་ནད་དུ་ཤེས་པར་བྱ། །སྨྲ་ལོག་མང་དང་ལག་སྒྱུར་དང ། །ཐོ་རངས་ན་བ་གང་ཡིན་པ། །ཟས་མི་ཟ་དང་སྙིང་འབར་བ། །ཚངས་པའི་གདོན་དུ་རིག་པར་བྱ། །སྐེད་པ་བརྐྱང་དང་ཉལ་ལ་དགའ། །སེན་མོ་བྱི་དོར་བྱེད་པ་དག་།ཚངས་པའི་ནད་དུ་ཤེས་པར་བྱ། །ནུབ་མོ་སྤུར་བ་རྨི་བ་དང ། །སྤྲེའུ་བྱི་ལ་མཐོང་གྱུར་ན། །ཚངས་བའི་མཚན་མར་བསྟན་པ་ཡིན། །མི་རྒན་རིད་པ་མཐོང་བ་དང ། །ཤར་ཕྱོགས་རི་ལ་འཛེག་པ་དག་།ཚངས་པའི་རྟགས་སུ་བསྟན་པ་ཡིན། །དབུགས་དག་ནང་དུ་འདྲེན་པ་དང་།། གླལ་ཞིང་སྦྱི་བོར་ལག་པ་འདུད། །སྐྱུག་པར་བྱེད་ཅིང་ཤ་ལ་དགའ། །གཤིན་རྗེ་ཡི་ནི་གདོན་དུ་བསྟན། །རྐང་པ་ས་ལ་རྡེབ་པ་དང ། །མཁལ་སོགས་གཡས་པའམ་གཡོན་པ་
280b
ན། །གཤན་རྗེའི་ནད་དུ་རིག་པར་བྱའོ། །ཚིག་པ་ཟ་དང་གཞན་ལ་རྒོལ། །མི་གཞན་ལ་ནི་མངོན་པར་སྡང ། །སྡུར་དག་རབ་ཏུ་མི་བདེ་དང ། །ཐག་པ་དག་ལས་མདུད་པ་འདོར། །གཤིན་རྗེའི་གདོན་དུ་ཤེས་པར་བྱ། །གླང་དང་ཤ་བ་རྨིས་པ་དང ། །གོས་དག་སྔོན་པོ་ལུས་ལ་གྱོན། །གཤིན་རྗེ་ཡི་ནི་མཚན་མ་ཡིན། །ཤིང་ལ་འཛེགས་པས་ཕྱིར་ལྷུང་དང ། །གྲུ་ནང་ཞུགས་པར་གང་རྨི་བ། །དེ་ནི་གཤིན་རྗེའི་མཚན་མ་ཡིན། །མིག་རྩ་རྒོད་ཅིང་པྦུ་པ་སྐྱུག་།འཁུར་བའི་བུད་ཅིང་བྲང་ལ་རྡུང ། །གནོད་སྦྱིན་གདོན་དུ་ཤེས་པར་བྱ། །ཡང་ཡང་ལྡང་ཞིང་རྔམ་པ་རྒོད། །ཁ་ནས་ལྕེ་ནི་རྐྱོང་བ་དང ། །ལུས་ལ་བཀུ་བྱུག་བྱེད་པ་དང ། །གནོད་སྦྱིན་གདོན་དུ་ཤེས་པར་བྱའོ། །ལྟོ་བ་ནི་ཞིང་ཟས་ལ་དགའ། །རྒྱབ་ཏུ་གཟེར་བ་གང་ཡིན་པ། །གནོད་སྦྱིན་ནད་དུ་ཤེས་པར་བྱ། །རྟ་སྔོན་དག་ལ་ཞོན་པ་དང ། །བོང་བུ་ལ་ཞོན་རྨི་བ་རྣམས། །གནོད་སྦྱིན་མཚན་མ་ཡིན་པར་བཤད། །བྱ་རོག་ལག་པར་ཐོགས་པ་དང ། །ཐག་པས་ལུས་འཁྱུད་ཉལ་བར་རྨིས། ། གནོད་སྦྱིན་མཚན་མར་རིག་པར་བྱའོ། །སྤོས་ཆུ་ལ་ནི་སྔགས་བཏབ་ནས། །བྱིན་ན་ལེན་པར་མི་བྱེད་པ། །ཚངས་པའི་གདོན་དུ་ཤེས་པར་བྱ། །ཉུངས་ཀར་ཉིད་ལ་རབ་བསྔགས་ནས། ། ལག་པར་བྱིན་པས་མིག་མི་བལྟ། །གཤིན་རྗེའི་གདོན་དུ་ཤེས་པར་བྱ། །ཤ་ལ་སྔགས་ཀྱིས་རབ་བསྔགས་ནས། །ཁ་རུ་བྱིན་པས་སྣ་འགག་པ། །དེ་ནི་ཀླུ་གདོན་ངེས་པར་གསལ། །སྐུ་
281a
༄#། །པ་སྔོན་པོ་ཉིད་ལ་ནི། །རབ་བསྔགས་མདུན་པ་བདུད་བོར་བ། །མགུལ་དུ་བཅིངས་པས་སྐད་ངན་འདོན། །གནོད་སྦྱིན་གདོན་ནི་ཡིན་པར་བཤད། །ཆོམ་པོ་དག་ནི་ཕྲད་པ་ན། །སྦྱོར་བ་འདི་ཡིས་ཡང་དག་སྦྱོར། །དུར་ཁྲོད་མི་གང་བསྲེགས་པ་ཡིས། །སྣ་ཚོགས་ཐལ་བ་བླངས་བྱས་ལ། །ཆང་དང་ངེས་པར་སྤྲུས་བྱས་ཏེ། །སྤྲུལ་གྱི་པགས་པས་གཏུམ་བྱས་ལ། །ཏིལ་གྱི་གང་བུ་གྲགས་པ་ལ། །འབུམ་དུ་ཡང་དག་བཟླས་བྱས་ཏེ། །བདག་ཉིད་གོས་ལ་ཡང་དག་གཏུམ། །དེ་ནས་དེ་དང་ཕྲད་པ་དང ། །དྲག་པོ་ལས་ཀྱི་སྦྱོར་པ་ཡིན།། དེ་ཉིད་ལ་ནི་ཕོག་པར་གཏོར། །དེ་ཡིས་དེ་ལ་གཏོར་བ་ཡིས། །དེ་ནི་རེངས་པར་རྨོངས་པར་འགྱུར། །ོཾ་མཱ་ནུ་ཥ་དུཥྚེ་སྟཾ་བྷ་ན་ཧཱུཾ། སྒྱུ་མ་དབང་དུ་སྡུད་བྱེད་ན། །སྦྱོར་བ་འདི་ཉིད་བརྩམ་པར་བྱ། །ངོས་འཇམ་རྡུལ་དང་ཟླ་བ་དང ། །བགེགས་ཀྱི་གཉེན་པོའི་ཁུ་བ་དང ། །སྒེག་ཆེན་ལས་ཀྱི་ཁུ་བས་སུ། །བྱེད་པ་གཉིས་ཀ་བར་སྦྲུས་ལ། །དེ་ལ་མཐུན་པ་ཉིད་ལ་ནི། ། ཡོངས་སུ་བསྐུལ་བས་སྦྱིན་པར་བྱ། །དེ་ནས་ངེས་པ་དུས་བཏབ་ལ། །ཁ་སྦྱོར་བ་ཡིས་ཡང་དག་བསྔགས། །ོཾ་ན་མོ་ཀཱ་མ་དེ་བ་ཡ་ཡ་ཀ་ཡ་ཀ་ཀ་ལ་སིཉྩ་བྷ་གྷ་བི་པར་ཏ་ན་སཝཱ་ཧཱ། ཨ་མུ་ཀཾ། འབུམ་དུ་དང་པོར་བསྙེན་པ་ཡིས། །སྦྱོར་བ་ངེས་པར་སྤྱད་པར་བྱ། །ནོར་དག་སྒྲུབ་པར་འདོད་པ་ན། །ནོར་འཛིན་ལྷ་མོ་ཡོངས་སུ་བྲི། །ཁ་དོག་སེར་པོ་ཉིད་ལ་ནི། །ཕྱག་
281b
བཞི་པར་ནི་བྲི་བར་བྱ། །ཞལ་གཅིག་ནུ་མ་འབུར་བ་ལ། །གཡས་ཀྱི་དང་པོ་ཏིང་འཛིན་པ། །གཉིས་པ་འབྲས་ཀྱི་སྙེ་མ་འཛིན། །གཡོན་གྱི་དང་པོ་ཉིད་ན་ནི། །རིན་ཆེན་འབར་བ་ཡང་དག་བསྣམས།། གཉིས་པ་ནེའུ་ལེའི་རྐྱལ་པ་བསྣམས། །དེ་ལྟ་བུ་ཡི་གཟུགས་བྱས་ལ། །སྣ་ཚོགས་དྲི་ཡིས་ཡང་དག་མཆོད། །མཆོད་པ་རྣམ་པ་ལྔ་དག་དང ། །ན་བཟའ་དར་ལ་སོགས་པ་ཡིས། །ཡང་དག་པ་རུ་མཆོད་པར་བྱ། །ཞག་གྲངས་བརྒྱ་རྩ་བརྒྱད་པ་རུ། །ཡོངས་སུ་བསྙེན་པས་བསྔགས་བཟླས་བྱ། །དེ་ནས་གྲུབ་པར་གྱུར་པའི་རྟགས། །དེ་ཉིད་གཡོ་བར་གྱུར་པ་ཡིན། །དེ་གྲུབ་རྟེན་ནི་རྙེད་པར་ནི། །དེ་ཡིས་ལུང་ནི་སྟོན་པར་འགྱུར། །དེ་ནས་དབྱིག་ནི་མི་ཟད་པའི། །བདག་པོར་མི་དེ་ངེས་པར་འགྱུར། །མ་རུངས་པ་དག་སྨྱོར་གཞུག་ན། །སྦྱོར་བ་འདི་དག་ངེས་པར་བརྩམ། ། དེ་ཡིས་ཀུན་གྲགས་ཉིད་དང་ནི། །ཁུ་ཆེན་ས་ལ་སོགས་པ་ལ། །སྔགས་འདི་ཡིས་ནི་འབུམ་དུ་བཟླས། །དེ་ནས་བསྙེན་པ་ཡོངས་རྫོགས་པས། །ཡིད་ཆེས་དུང་ལ་སྦུ་གུ་ཅན། །སོར་བདུན་དག་ལ་དུག་བླུགས་ཏེ། །སྐུད་པ་སྔོན་པོས་རབ་བཅིངས་ལ། །ནུབ་ཕྱོགས་དག་ཏུ་ངེས་པར་གདགས། །དེ་ནི་འབྱུང་བས་བསྐྱོད་པ་ནི། །མི་དེ་ངེས་པར་སྨྱོ་བར་འགྱུར། །ོཾ་མ་ཧཱ་ཀཱ་ལཱ་ཡ་སྟཾ་བྷ་ཨུ་ན་མ་ཏ་ཡ།་ཨ་མུ་ཀཾ་སཉྩ་ལ་སཝཱ་ཧཱ། མི་རྣམས་ངེས་པར་མི་གསལ་བས། །རྡོ་རྗེ་མོ་ནི་ཡོངས་སུ་སྒྲུབ། །ས་ལ་ཕྱོགས་བཞི་མཚམས་བརྒྱད་དུ། །རེ་མིག་བཅུ་གཉིས་བྲིས་བྱས་ལ། །མ་རིག་ལ་སོགས་
282a
༄#། །རྟགས་ཀྱི་ནི། །དངོས་པོ་ཡང་དག་བྲི་བར་བྱ། །དེ་ནས་སྔགས་པས་རབ་བསྔགས་ལ། །བསམ་པ་རབ་ཏུ་རྫོགས་བྱས་ལ། །དེ་ཉིད་དངོས་པོ་གང་ཡིན་པས། །བསམ་པ་སྦྱར་བས་མེ་ཏོག་བོར། །གང་དུ་བབ་པ་དེར་གནས་ལ། །ཤེས་རབ་ཅན་གྱིས་རྣམ་པར་དཔྱད། །བཟང་ངན་ལྟས་རྣམས་ཡོངས་སུ་བཤད། །རིག་པ་ལེགས་པར་སྤངས་པ་ཡིས། །བ་ཡི་ལྕི་བས་རབ་བཏུམས་ལ། །དང་པོར་གཉིས་སུ་ཤེས་པར་བྱ། །རིང་དུ་བྱེ་བྲག་མེད་པ་ཡིས། །བཅོམ་ལྡན་འདས་སྔོན་དུ་བཞག་བྱས་ཏེ། །དང་པོར་མཆོད་པས་ཡང་དག་མཆོད། །དམོད་དག་ཡོངས་སུ་བཙུགས་པ་ཡིས། །ཤེས་རབ་བཅུ་གསུམ་བདག་ཉིད་ཅན། །དམར་པོ་གོས་ཀྱིས་བརྒྱན་བྱས་ཏེ། །ཁྲུས་དག་ལེགས་པར་བྱས་པ་དང ། །དྲི་ཡིས་ལེགས་པར་བྱུགས་བྱས་ལ། །དཔྲལ་བར་ཐིག་ལེ་དམར་པོ་གདབ། །མེ་ཏོག་དྲི་ཞིམ་དམར་པོ་ཉིད། །དེ་ཡི་ལག་ཏུ་སྦྱིན་པར་བྱ། །དེ་ཡིས་དེ་ལ་བླང་བར་བྱ། །དེ་ཡིས་དངོས་པོ་གསལ་བྱ་སྟེ། །བཟང་ངན་ལྟས་སུ་ངེས་པར་སྟོན། །སྤྱིར་ན་སྣ་ཚོགས་གདོན་ལ་ནི། །འབར་བ་ཆེན་པོའི་སྔགས་བཟླས་བྱ། །གུ་གུལ་ནག་པོའི་དུད་པ་དག་།དེ་ཡི་སྣ་རུ་བདུག་བྱས་ལ། །ཉུངས་ཀར་གུ་གུལ་མེ་ཏོག་དང ། །དེ་ཡི་སྙིང་པོས་བསྲེག་པར་བྱ། ། དེ་ཡིས་ནད་པ་གང་ཡིན་པ། །བགེགས་དང་ངེས་པར་བྲལ་བར་འགྱུར། །སྲིན་ལག་གཉིས་ལ་སྐུད་པ་ནི། །སྔོན་པོས་ཡང་དག་བསྔམ་པར་བྱ། །སྤྱི་བོའི་སྐྲ་ལས་སྲད་བུ་གང ། །བཅིངས་
282b
པས་སྔགས་ནི་ངེས་པར་བཟླས། །འཁྲུག་པའི་སྡེ་དག་རྒྱལ་འདོད་ན། །ཁམས་གསུམ་རྣམ་རྒྱལ་སྙིང་པོ་ཡིས། །འབུམ་དུ་བཟླས་པས་བསྙེན་\?\་བྱ། །དེ་ནས་ཨ་མྲའི་ལོ་མ་ལས། །ཡུང་བས་ཡོངས་སུ་བྲི་བྱས་ལ། །གི་ཝཾ་གིས་ནི་རབ་ཏུ་བསྐུ། །ཅོད་པན་སྤྱི་བོར་བཏུམས་བྱས་ལ། །རང་ཉིད་སྐུ་རུ་བསྒོམས་བྱས་ལ། །ལག་པ་གཡས་པས་ཉུངས་ཀར་དང ། །སྐེ་ཚེ་ཐལ་བར་སྦྱར་བྱས་ལ། ། སྔགས་བཟླས་སྡིགས་མཛུབ་ཕྱར་བ་ཡིས། །ཡོངས་སུ་བྲིས་པར་སྡེ་རྒྱལ་འགྱུར། །རྣལ་འབྱོར་པ་ཡིས་བདག་ཉིད་ལ། །འཆི་བ་བླུ་པ་ཡང་དག་བྱ། །བདག་གི་རྒྱུད་ལ་འཆི་ལྟས་ནི། །ཕྱི་ནང་བཅུ་གཉིས་ཡང་དག་ལྡན། །བདག་གི་བྲང་ལ་ཤ་མཚན་དག་།དམར་པོ་བྱུང་བར་གྱུར་པ་ན། །སུམ་ཅུ་གཉིས་ཞག་འཆི་འགྱུར་བས། །རིག་པའི་རྒྱལ་པོའི་སྔགས་ཀྱིས་སུ། །ཏིལ་ལ་སྲེག་བླུགས་སྟོང་དུ་ནི། །ཚང་བར་བྱས་པས་དེ་བཟློག་འགྱུར། །དེ་དང་ཆ་མཐུན་གང་ཡིན་པ། །རྐན་ལ་འབྲུམ་བུ་གསུམ་པ་དང ། །ལྕེ་ཡི་རྩེ་མོར་སྨེ་བ་དང ། །རྡོ་རྗེ་ལམ་ནས་ཁྲག་འཛག་དང ། །འཛག་གཉིས་དབུགས་དག་གསུམ་པ་དང ། །རི་ཡི་རྩེ་མོར་ཤུ་བ་བྱུང ། །ནང་གི་འཆི་ལྟས་ངེས་པ་སྟེ། །སྟག་དང་བྱི་བ་འབྲུག་དག་དང ། །རྩངས་པ་བྱ་གག་ནག་པོ་རུ། ། ཡོངས་སུ་སྦྱོར་བས་རིག་པ་བཟླས། །གི་ཝང་འུག་པ་རུས་སྦལ་དང ། །ཙམ་པ་ཀ་དང་ཨུཏྤལ་དང ། །སེང་ལྡེང་ཕུར་བུ་གང་ཡིན་དང ། །འུག་པའི་སྒྲོ་ལ་སྦྱོར་བ་དང ། །བྱ་རོག་མཁའ་ལ་
283a
༄#། །འཕུར་བ་ཡི། །དཀར་པོས་བདག་ལ་ཕོག་པ་ནི། །ཕྱི་ཡི་འཆི་ལྟས་ཡིན་པས་ན། །གོང་དུ་གྲགས་པའི་སར་སོང་ལ། །རིག་པ་ལ་སོགས་སྦྱོར་བ་ཡིས། །ཡོངས་སུ་བཟློག་པར་བྱ་བ་ཡིན། །མཁའ་ལ་སྣ་ལྔ་མཐོང་བ་དང ། །ཆུ་ལ་མིག་གཟུགས་མཐོང་གྱུར་ན། །ཤིན་ཏུ་སྡིག་པའི་ལྟས་སུ་བསྟན། །རྨི་ལམ་ལ་ནི་སྟག་ཞོན་ལ། །མཆོད་རྟེན་ཉིད་ལ་འཛེག་པ་དང ། །སེངྒེའི་ཁར་ནི་ཞུགས་རྨིས་པ། །ཡོངས་སུ་སྡིག་པའི་ལྟས་ཡིན་པས། །ལོགས་ཤིག་སོར་མོ་རྩེ་གསུམ་དང ། །བསེ་རུའི་ཕྱོགས་དང་ཀུན་དའི་འདབ། ། ཡོན་ཏན་རྒྱ་མཚོ་མཚན་བཟང་དང ། །སྐྱེ་མཆེད་འཕགས་ལམ་ཆུ་སྲིན་མོ། །ལོ་གསུམ་ཞག་བཞི་ཟླ་བ་ལྔར། །མི་དེ་ངེས་པར་འཆི་བས་ན། །རིག་པའི་རྒྱལ་མོ་བདུད་རྩི་འཁྱིལ།། རྟེན་འབྲེལ་ཡི་གེ་བརྒྱ་པ་ཡིས། །སྔགས་ཀྱིས་སྨན་ལ་སྲུང་བ་བྱ། །ཁམས་གསུམ་རྣམ་རྒྱལ་འཇིག་རྟེན་མགོན། །དེ་དག་གི་ནི་སྙིང་པོ་ཡིས། །སྟག་སོགས་གསོ་ལ་ངེས་པར་བཟླས། །རྨ་བྱ་ཆེན་མོའི་སྔགས་དག་གིས། །འུག་པའི་སྒྲོ་སོགས་ངེས་པར་བསྔགས། །ཕྱག་ན་རྡོ་རྗེ་འཇམ་དབྱངས་དང ། །སྟོབས་ཆེན་ཁྲོ་བོ་གང་དག་གིས། །སྔགས་ཀྱིས་སེང་ལྡེང་འུག་སྒྲོ་དང ། །ཀུ་ཤ་བྱི་ལ་ལ་སོགས་དང ། །གསོ་བ་ལ་བསྔགས་པས་ཡོངས་སུ་བཟློག་།གཏོར་མ་སྦྱིན་སྲེག་ལས་ཀྱིས་ནི། །ཡོངས་སུ་བཟློག་པར་བྱ་བ་ཡིན། །ཤིན་ཏུ་
283b
དཔའ་དང་དད་པར་ལྡན། །ཤེས་རབ་ཆེ་དང་ཐོས་པ་བསགས། །བླ་མ་ལ་གུས་གཏོང་བར་ཕོད། །ལྷུང་བ་མ་གོས་གཙང་མ་ལ། །རིམ་པ་བཞིན་དུ་དབང་བསྐུར་ནས། །ཚོགས་ཀྱི་འཁོར་ལོ་ལྔ་བྱས་ལ། །ཤེས་རབ་ལྡན་ལ་བསྟན་བྱ་བའི། །གསང་བ་དྲག་པོའི་རྒྱུད་རྒྱལ་འདི། །གཞན་ལ་བཤད་པར་ཡ་བ་མིན། །གསང་བ་དྲག་པོ་ཁྱོད་ཀྱིས་ནི། །ཕན་དང་གནོད་བྱ་གང་ཡིན་པ། ། རིམ་པ་བཞིན་དུ་ཤེས་པ་ཡིས། །ལེགས་པར་སྦ་དང་བཤད་པ་ནི། །གནས་སྐབས་དུ་མ་དང་ལྡན་ཞིང ། །ཀུན་ལ་ངེས་པར་ཞུགས་པ་ཡིས། །རྒྱུད་འདི་ལ་ནི་ངེས་པར་བརྟག་།རྒྱུ་འདི་གང་ན་གནས་པ་ན། །ས་ཕྱོགས་དེ་ཡི་གདུག་པ་རྣམས། །རིང་དུ་བསྲིངས་པས་གནས་མི་བྱེད། །གལ་ཏེ་གནས་པར་བྱེད་པ་ན། །དེ་རྣམས་ཀུན་གྱི་རྒྱུད་ཚིག་འགྱུར། །དྲག་པོ་རྒྱུད་ཀྱི་རྒྱལ་པོ་ལ། །གང་ཞིག་ཞུགས་པར་གྱུར་པ་ལ། །དུག་གསུམ་སྐུ་ལ་རབ་བརྒྱན་ནས། །བཙུན་མོའི་བྷ་ག་ལ་གནས་ཏེ། །ཉོན་མོངས་འཁོར་གྱིས་རབ་བསྐོར་ནས། །བདེ་བ་ཆེན་པོའི་རོལ་བས་གནས།། ལག་ན་རྡོ་རྗེས་དེ་ཉིད་དུ། །སྐད་ཅིག་ཙམ་གྱིས་བསྐོར་བ་ནི། །འབུམ་ཕྲག་གསུམ་དུ་རབ་བསྐོར་ནས། །བདེ་བར་གཤེགས་ལ་འདི་སྐད་གསོལ། །བདག་གི་རྒྱུད་ཀྱི་རྒྱལ་པོ་འདི། ། ངེས་པའི་དོན་དང་རབ་སྦྱར་ནས། །གསང་བ་ཉིད་དུ་སྦ་བར་བགྱི། །ལག་ན་རྡོ་རྗེ་གོས་སྔོན་པོ་ཅན་རྡོ་རྗེ་མེ་ལྕེའི་རྒྱུད་ལས། ལས་སྣ་ཚོགས་ཀྱི་ལེའུ་སྟེ་བཅོ་ལྔ་པའོ།། །།
284a
༄#། །ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གནོད་སྦྱིན་དྲག་པོ་ཆེན་པོ་རྡོ་རྗེ་མེ་ལྕེའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་རཏྣ་ཀཱིརྟི་དང ། བོད་ཀྱི་ལོ་ཙྪ་བ་དགེ་ཚུལ་ཁྱུད་གྲགས་ཀྱིས་བཀའ་དྲིན་མནོས་ནས་རྒྱ་དཔེ་བོད་དུ་སྤྱན་དྲངས་ཏེ་བསྒྱུར་བ་ལགས་སོ།།