rKTs


H502

(e-text produced by ACIP)

see text in transliteration
448b
།།རྒྱ་གར་སྐད་དུ། སིདྡྷ་ཨེ་ཀ་བཱི་ར་མཧཱ་ཏནྟྲ་ར་ཛ་ནཱ་མ། བོད་སྐད་དུ། དཔའ་བོ་གཅིག་པུ་གྲུབ་པ་ཞེས་བྱ་བ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔལ་བོ་གཅིག་གྲུབ་དཔའ་བོའི་གཙོ། །རབ་མཆོག་སྨྲ་བ་རྣམས་ཀྱི་མཆོག་།འགྲོ་བའི་བླ་མ་འཇམ་རྡོ་རྗེས། །འཇིག་རྟེན་དོན་དུ་རྒྱུད་རབ་གསུངས། །ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །སྔགས་པས་དེ་ཉིད་བསྒོམས་ནས་ནི། །དེ་གྲུབ་ན་ནི་དེ་འགྲུབ་འགྱུར། །སྔགས་པ་ལུས་ནི་རྣམ་དག་དང ། །གང་ཚེ་དངོས་གྲུབ་ཕྲ་མོ་འགྲུབ། །སྣོད་དུ་གྱུར་པའི་ལུས་ལ་ནི། །དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེ། །རིམ་པ་འདི་ཡིས་འདི་ལ་ནི། །ས་ལ་སོགས་པ་འཐོབ་པ་སྐྱེ། །སྔགས་པས་ཡིད་བཞིན་
449a
༄#། །ནོར་བུ་ལྟར། །རྟག་ཏུ་སེམས་ཅན་དོན་བྱེད་དོ། །དེ་ལྟར་མཁྱེན་ནས་ཐུགས་བརྩེས་ནོན། །རྡོ་རྗེས་འཆང་སོགས་ཀྱིས་ཞུས་ཚེ། །གྲུབ་པའི་གསང་སྔགས་བསྡུས་པ་ནི། །འགྲོ་བའི་དོན་དུ་གསུངས་པ་ཡིན། །ོཾ་ཀཱ་ལུ་མེ་ལུ་ཀཱ་ལུ་མེ་སྟམྦྷ་ཡ་ཤི་ལཱ་བཪྵཾ་ཏུ་ཥཱ་རཉྩ་ལུཙྪ་ཨི་ལུཙྪ་ཨི་སཝཱཧཱ། གསང་སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་སེར་བ་གཅོད་པར་བྱེད་དོ། །དྲན་པ་ཉིད་དང ། ཐལ་བ་ལ་མངོན་པར་བཟླས་ན་སེར་བ་འབབ་པའམ། ཁ་བ་འབབ་པ་གཅོད་པར་འགྱུར་ཞིང་གང་དུ་འདོད་པ་དེར་འགྲོའོ། །དེ་བཞིན་དུ་གློག་དང ། རླུང་དང ། རྡོ་རྗེ་དང ། ཐོག་འབབ་པ་ལ་སོགས་པ་མེད་པར་བྱེད་དོ། །ོཾ་ག་རུ་ཌ་ཧཾ་ས་ཧེ། ཙ་ལ་ཙ་ལ་སཝཱཧཱ། སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཉིད་ན་སེར་བ་འབབ་པ་ཟློག་པར་བྱེད་དོ། །རྡོ་རྒྱུས་ཀྱིས་རྔ་པ་ཊ་ཧ་ལ་བྲིས་ཤིང་རྔ་ལྕགས་ལ་མངོན་པར་བཟླས་པའི་རྔ་པ་ཊ་ཧའི་སྒྲས་སེར་བ་ཟློག་པར་བྱེད་དོ། །དེ་བཞིན་དུ་དུང་ལ་སོགས་པའི་སྒྲས་ཀྱང་བྱའོ། །ོཾ་ཧེ་ཧེ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། དྷཱ་ར་ཡ་དྷཱ་ར་ཡ། ནི་རུནྡྷ་ནི་རུནྡྷ། དེ་བ་ད་ཏ་ཨུརྞྞ་མ་ཎི་སཝཱཧཱ། གསང་སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཚོགས་འབུམ་ཕྲག་གཅིག་ཡོངས་སུ་བཟླས་ན་འགྲུབ་པར་འགྱུར་རོ། །གློག་དང ། རླུང་དང ། རྡོ་རྗེ་དང ། ཐོག་འབང་
449b
པའམ།་ཁ་བ་ལ་སོགས་པ་དྲན་པ་ཙམ་ཉིད་ཀྱིས་ཟློག་པར་བྱེད་དོ། །ཆར་ཆེས་པ་ལ་ཐལ་པ་དང ། ཡུངས་ཀར་ལ་མངོན་པར་བཟླས་ན་ཆར་ཆེས་པ་གཅོད་པ་དང ། བྱི་བ་དང ། སྦྲང་མ་ལ་སོགས་པའི་མཆུ་འཆིང་བར་བྱེད་དོ། །སྐྱེད་མོས་ཚལ་ལམ། ཞིང་ལ་བྱ་དང ། འབུ་སྲིན་དང ། བྱི་བ་རྣམས་ཀྱིས་ཉེ་བར་འཚེ་བ་ཟློག་པར་བྱེད་དོ། །དུར་ཁྲོད་ཀྱི་རས་ལ་མིང་དང་བཅས་པའི་སྔགས་བྲིས་ལ་སྤྲ་ཚིལ་གྱིས་གཏུམས་ཏེ་དུར་ཁྲོད་ཀྱི་བུམ་པར་བཅུག་ནས་ཁ་བཅད་དེ་དེ་ཉིད་དུ་སྦས་པས་མངལ་རེངས་པར་བྱེད་དོ། །ཕྱུང་ནས་འོ་མ་དང ། ཆུས་བཀྲུས་ཏེ་ཆུར་བོར་བས་ཞི་བར་འགྱུར་རོ། །ཡུང་བའམ། བ་བླས་གྲོ་གའམ། གོས་སམ། ལོ་མ་ལ་མངོན་པར་བྲིས་ཏེ་སྤྲ་ཚིལ་གྱི་ནང་དུ་གཏུམས་པའི་སྔགས་འདི་གྲོག་མཁར་གྱིས་ལས་འཇིགས་བྱེད་ཀྱི་གཟུགས་སུ་བྱས་པ་དེའི་སྙིང་གར་བཅུག་སྟེ་ཐལ་བས་བཀང་ནས་སྦས་ན་རྒོལ་པ་དང ། ཕྱིར་རྒོལ་པའི་ཁ་རེངས་པར་བྱེད་དོ། །རྩོད་སྦྱོང་བྱེད་པ་ན་གཟུགས་དེ་ཉིད་ཀྱི་ལྕེ་ལ་ལན་བདུན་མངོན་པར་སྔགས་པའི་ཚེར་མ་བདུན་གྱིས་བཙུགས་ན་ཁ་འཆིང་བ་བྱེད་པར་འགྱུར་རོ། །རྡོ་རྒྱུས་ཀྱིས་ཁམས་ཕོར་ལ་བྲིས་ཏེ་ཐལ་བས་བཀང་ལ་ཁ་སྦྱར་དུ་བྱས་ཏེ་སྦས་ན་ནི་མི་སྙན་པར་སྨྲ་བའི་ཁ་རེངས་པར་བྱེད་དོ། །རྫ་མཁན་གྱི་ལག་
450a
༄#། །པ་ཕྱིས་ནས་འཇིམ་པ་ལས་ལུག་གི་གཟུགས་བྱས་པའི་སྙིང་གར་སྤྲ་ཚིལ་གྱིས་གཏུམས་པའི་སྔགས་བཅུག་ན་ཁྲོས་པའི་ཁ་རེངས་པར་བྱེད་དོ། །སྐེའམ་དཔུང་པ་ལ་བཏགས་ན་གཡུལ་ངོགས་ཀྱི་མཚོན་ཆའི་དཔལ་ཞི་བར་བྱེད་དོ། །གྲོག་མཁར་གྱི་འཇིམ་པ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་རྐང་པའི་མཐིལ་དུ་སྔགས་ཀྱི་རྒྱལ་པོ་བཅུག་སྟེ་བཞི་མདོར་སྦས་ན་འགྲོ་བ་དང ། འོང་བ་ཐམས་ཅད་རེངས་པར་བྱེད་ཅིང་བརྟགས་པ་བྱེད་པ་ཐམས་ཅད་རེངས་པར་བྱེད་དོ། །གྲོ་གའམ། གོས་ལ་སྔགས་ཀྱི་རྒྱལ་པོ་འདི་བྲིས་ལ་སྤྲ་ཚིལ་གྱིས་གཏུམས་ཏེ་དེ་ཉིད་ཀྱི་ཁོང་པར་བཅུག་ལ་བུམ་པ་སར་པ་ཆུས་བཀང་བའི་ནང་དུ་བཅུག་ན་ཡོངས་སུ་བརྟག་པ་རེངས་པར་བྱེད་དོ། །བླ་གོས་ཀྱི་མཐའ་མ་ལ་སྔགས་རྗེས་སུ་དྲན་ཞིང་མདུད་པ་བཅིངས་པས་ལམ་དུ་རྐུན་པོ་ལ་སོགས་པ་རེངས་པར་བྱེད་ཅིང་ནགས་ཀྱི་བ་མེན་ལ་སོགས་པ་རཝ་ཅན་རྣམས་དང ། མཆེ་བ་ཅན་རྣམས་རེངས་པར་བྱེད་དོ། །གྱོ་མོལ་ལན་བདུན་བཟླས་ཏེ་ཆུར་བཅུག་ན་ཆུ་གནས་པ་རྣམས་ཁ་བཅིངས་པར་བྱེད་དོ། །དུར་ཁྲོད་ཀྱི་རས་ལ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་གཙོ་བོའི་མིང་སྨོས་པའི་སྔགས་སྣ་ཚོགས་རྡོ་རྗེའི་དབུས་སུ་བྲིས་པ་སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་ཡི་གེ་ལཾ་བརྒྱད་བྲིས་ཤིང་ཕྱི་རོལ་
450b
དབང་ཆེན་གྱི་དཀྱིལ་འཁོར་དང་ལྡན་པ་བྲིས་ཏེ། ཕྱོགས་རྡོ་རྗེས་བརྒྱན་པའི་སྤྲ་ཚིལ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་པའི་སྔགས་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་ས་མཚམས་སུ་བཅུག་ན་དཔུང་གི་ཚོགས་རེངས་པར་བྱེད་དོ། །སྔགས་ཨོཾ་གཉིས་ཀྱི་ཁ་སྦྱོར་དུ་བཅུག་ལ་ཡི་གེ་ཐ་ཟུང་གིས་ཡོངས་སུ་བསྐོར་བའི་ཕྱི་རོལ་དུ་ཡི་གེ་ལཾ་བརྒྱད་ཀྱིས་བསྐོར་བ་དབང་ཆེན་གྱི་དཀྱིལ་འཁོར་གྱིས་ནོན་པ། སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པར་བྱས་པ། གྲོག་མཁར་གྱི་འཇིམ་པ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་ནས་དུར་ཁྲོད་ཀྱི་བུམ་པའི་ནང་དུ་བཅུག་སྟེ་དུར་ཁྲོད་དུ་སྦས་པའམ། ཕུབ་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རེངས་པར་བྱེད་དོ། །གྲོང་ཁྱེར་ཚིག་པའི་མེ་ལ་མངོན་དུ་ཕྱོགས་ཤིང་སྔགས་འདིས་མངོན་པར་སྔགས་བའི་ཆུ་སྙིམ་པ་བདུན་རབ་ཏུ་གཏོར་ན་ཁྱིམ་གང་བསྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་དོ། །ཐལ་བས་མགུལ་བ་བཅིངས་པས་སྐྱུགས་པ་ཟློག་པར་བྱེད་དོ། །མཐེའུ་ཆུང་གི་རྩེ་དམ་དུ་བཙིར་ལ་སྔགས་བརྗོད་པས་སྐྱིགས་བུ་མེད་པར་བྱེད་དོ། །ཐལ་བ་མངོན་པར་སྔགས་པས་མིག་རེངས་པ་སོས་པར་བྱེད་དོ། །འབྲུམ་བུ་ལ་སོགས་པ་རྣམ་པར་འཚེ་བ་ལ་བྱང་བུ་ལ་བྲིས་ཏེ་ཁྱིམ་གང་གི་སྒོར་བཏགས་
451a
༄#། །པའི་ཁྱིམ་དེར་འབྲུམ་བུ་ལ་སོགས་པའི་རྣམ་པར་འཚེ་བ་ཟློག་པར་བྱེད་དོ། །ཉ་དང ། ཤ་དང ། ཆང་དང ། འབྲས་ཆན་ལ་སོགས་པ་སྦྱིན་པར་འགྱུར་བ་ལས་གྲོང་གི་ཕྱི་རོལ་གྱི་ཆར་གཏོར་མ་ཆེན་པོ་གཏང་བར་བྱ་བའམ། ཡམ་ཤིང་ལྔ་དང ། འབྲུ་ལྔའི་བྱེ་བྲག་མར་ལ་བཏགས་པས་གྲོང་གི་དབུས་སུ་ཞི་བའི་ཐབ་ཁུང་དུ་བྱས་ལ་སྦྱིན་སྲེག་བྱས་ན་བདུད་དང ། རྣམ་པར་འཚེ་བ་ཐམས་ཅད་རེངས་པར་བྱེད་དོ། །གང་འགའ་ཞིག་ལ་གྲོང་ལ་སོགས་པ་འབྱིན་པར་འགྱུར་བ་ལ་བཟླས་པ་ཙམ་གྱིས་ཟློག་པར་བྱེད་དོ། །རྟག་ཏུ་བཟླས་ན་ལྷ་དང ། ལྷ་མ་ཡིན་དང ། ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མི་མཐོང་བར་འགྱུར་རོ། །དཔལ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ། བདུད་བཞི་ལས་རྒྱལ་བར་བྱ་བའི་ཕྱིར་སྔགས་ཀྱི་རྒྱལ་པོ་འདི་མཛོད་སྤུ་ལས་རྣམ་པར་ཕྱུང་བའི་མཛོད་སྤུའི་ནོར་བུ་ཞེས་བྱ་བར་རབ་ཏུ་གྲགས་པ་ཡིན་ནོ། །གསེག་མ་ལ་མངོན་པར་སྔགས་ཏེ་གཏོར་བས་སྦྲུལ་དག་འབྱེར་བར་བྱེད་དོ། །ཁྱིམ་གྱི་རྩིག་ངོས་ལ་རྡོ་རྒྱུས་ལ་མངོན་པར་སྔགས་པས་བྲིས་ན་སྦྲུལ་གྱི་ཟིལ་གྱིས་ནོན་པར་མི་འགྱུར་རོ། །ཡང་སྔགས་རྡོ་ལེབ་ལ་གཟོང་བུས་བརྐོས་ཏེ་བྲིས་པ་སྦས་ན་རི་དྭགས་དང །
451b
སྦྲུལ་གདུག་པ་རྣམས་ཁྱིམ་མམ། གྲོང་ངམ། གྲོང་ཁྱེར་དུ་ཇི་སྲིད་འདོད་ཀྱི་བར་དུ་མཆེ་བ་འཆིང་བར་བྱེད་དོ། །ཕྱུང་བས་གྲོལ་བར་འགྱུར་རོ། །སྔགས་འདི་མ་བསྒྲུབས་སུ་ཟིན་ན་ཡང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གསེག་མ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་གཏོར་ན་མཆེ་བ་ཅན་ཐམས་ཅད་ཀྱི་མཆེ་བ་འཆིང་བར་བྱེད་དོ། །དེ་དབང་ཆེན་གྱི་དཀྱིལ་འཁོར་གྱིས་ཁྱབ་པའི་སྣ་ཚོགས་རྡོ་རྗེའི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་བཅས་པའི་སྔགས་ཐམས་ཅད་བྲི་བར་བྱའོ། །དུར་ཁྲོད་ཀྱི་རོ་བསྲེགས་པའི་ཤིང་གི་ཕུར་བུ་ལ་ལན་བདུན་མངོན་པར་སྔགས་པའི་སྒོའི་སྟེང་དུ་སྦས་ན་སྐྱེད་ཀྱིས་འཚོ་བ་ཐམས་ཅད་ཀྱི་སྐྱེད་མེད་པར་བྱེད་དོ། །ཕྱུང་བས་གྲོལ་བར་འགྱུར་རོ། །ོཾ་ནི་ཧི་ནི་ཙྪ་ལེ་ཨ་བྷ་ཡ་བྷ་ཡཾ་ཀ་རི། ཨེ་ལུ་བེ་ལུ་ཙུ་ལེ་ལུ། ཤི་ལཱ་ཡ་ཌ་ཨི་ཛ་ཧ་ཡེ། པཊྚ་ཨི་ཛཊྚ། ཨེ་པེ་ལུ་ཨཱ་ག་ས་པ་ཐེ་ཀེ་ར་ཏེ། ཨི་ཨ་ཏུམྦྷ་རི་ཁི་ནྣི་ཁི་ལླ་མོ་ཧི་ནི་ཐི་བྷི་ཛ་ཀཱ་རཾ་ཛ་ཧི་ཐཱ་ཀཱ་རོ་ཎི་ཧི་ཋཿ ་ཋཿ ་སཝཱཧཱ། སྔགས་ཀྱི་རྒྱལ་པོ་འདིས་སྡར་སྨོས་པའི་ལས་རྣམས་མ་བསྒྲུབས་སུ་ཟིན་ཀྱང་བྱེད་པར་འགྱུར་རོ། །དེ་ལས་གཞན་པ་མངོན་པར་འདོད་པའི་ལས་ཐམས་ཅད་བྱེད་པ་ཐེ་ཚོམ་མེད་དོ། །ལན་ཚ་དང ། སྐེ་ཚེའི་སྦྱིན་སྲེག་གམ། ཕུབ་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རྣམས་འབྱེར་བར་བྱེད་དོ། །
452a
༄#། །ོཾ་ཨམྴ་སིམྴ་ཀ་སྱཱ་སུ་ཛོ་མེ་ཕེ་ཌ་ཨེ་དུ་སྱཱ་སུ་སཝཱཧཱ། ཞེས་འབྱུང་ངོ ། །ོཾ་ཨཾ་བཱ་ཤིམྦྷ་ཀཔྤ་སུ་ཛོ་མེ་ཕི་དུཔྤཱ་སུ། སྔགས་ཀྱི་རྒྱལ་པོ་འདི་མ་བསྒྲུབ་སུ་ཟིན་ཀྱང་རྟག་ཏུ་བཟླས་ན་འཇིགས་པ་ཐམས་ཅད་ཟློག་པར་བྱེད་དོ། །རྡོ་རྗེ་ཆུའི་ཐིག་ལེས་དགྲ་བོ་ཐམས་ཅད་རྨོངས་པར་བྱེད་ཅིང་ཁྲོ་བ་རབ་ཏུ་དང་བར་བྱེད་དོ། །བཅིངས་པ་ལ་བཟླས་ན་བཅིངས་པ་གྲོལ་བར་བྱེད་དོ། །ཕོངས་པར་གྱུར་པས་བཟླས་ན་རྙེད་པ་འགྲུབ་པར་འགྱུར་རོ། །ེ་ཥོ་ན་ཐི་ཏོ། ཧུ་ལུ་ཧུ་ཛྭཱ་ལཱ་ཛི་ཏྭེ། ཨོཾ་ཥོཏྠི་ཏོ་ཧུ་ལུ་ཧུ་ལུ། ཛཱ་ལཱ་ཛི་ཧཝ་ཏྭེ་ཧུ་ལུ་རུ་ཏྲཻ་བ་པྲ་ཏི་རཱཙྪ་ཏུ་ཧུ་ལུ་སཝཱཧཱ། ཧུ་ལུ་ཧུ་ལུ་ཡ་ཏྲཻ་བོཏྠི་ཏོ་ཧུ་ལུ་ཏ་ཏྲཻ་བ་པྲ་ཏི་གཙྪནྟུ་ཧུ་ལུ་ཧུ་ལུ་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་འཐབ་པ་དང ། འཐབ་མོ་དང ། རྣམ་པར་རྩོད་པ་ཐམས་ཅད་ལ་བཟླས་པ་བྱས་ན་ཞི་བར་འགྱུར་རོ། །ཕུབ་མའི་སྦྱིན་སྲེག་གིས་ཀྱང་ཐམས་ཅད་དུ་ཞི་བར་འགྱུར་རོ། །ཇི་ལྟར་རྙེད་པའི་མེ་ཏོག་ལ་སྔགས་བཟླས་ཏེ་ཆུ་ལ་བསྐུར་ན་ཐམས་ཅད་དུ་ཞི་བར་འགྱུར་ཞིང་རྣམ་པར་རྒྱལ་བ་ཐོབ་པར་ཐེ་ཚོམ་མེད་དོ། །གྲོང་ཁྱེར་ཚིག་པའི་མེ་ལ་མངོན་པར་ཕྱོགས་ཏེ་འདུག་ལ་མངོན་པར་སྔགས་པའི་ཆུ་སྙིམ་པ་བདུན་གཏོར་ན་ཁྱིམ་གང་བསྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་ཅིང་མེས་ཚིག་པའི་མེའི་ཁ་ལས་ཐར་བར་བྱེད་
452b
དོ། །རྐང་གཉིས་དང ། རྐང་བཞིའི་མཆེ་བ་ལ་ཕུབ་མའི་སྦྱིན་སྲེག་གིས་ཞི་བར་བྱེད་དོ། །ོཾ་པདྨེ་པདྨ་ཨ་ཀྵེ་པདྨ་སུ་བྷ་གེ་ཕུཿ ། སྔགས་ཀྱི་རྒྱལ་པོ་འདི་ཐལ་བ་ལ་བཟླས་ཏེ་བསྐུས་པས་མིག་བརྒྱ་བཏབ་པ་རེངས་པ་སོས་པར་འགྱུར་རོ། །བྱབས་པས་མིག་རེངས་པ་སོས་པར་བྱེད་དོ། །ལན་བདུན་མངོན་པར་སྔགས་པའི་མིག་གིས་ཁྲོས་པ་མཐོང་མ་ཐག་ཏུ་རབ་ཏུ་དང་བར་བྱེད་དོ། །ལན་བདུན་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ན། སྐྱེ་བོ་ཐམས་ཅད་དགའ་བར་བྱེད་དོ། །རྩིག་པ་ལ་མིང་སྨོས་པའི་སྔགས་རྡོ་རྒྱུས་ཀྱིས་བྲིས་ན་མིག་གི་ནད་ཐམས་ཅད་འཇོམས་པར་བྱེད་དོ། །དབེན་པར་འདུག་སྟེ་སེམས་རྩེ་གཅིག་པས་སྐྱེས་བུའི་མིག་གཉིས་ལ་མངོན་པར་བསྔགས་པ་བྱས་ན་གང་གི་ཚེ་གཡོན་པ་འགུལ་བར་གྱུར་བདེའི་ཚེ་བསམ་པའི་དགོས་པ་འགྲུབ་པར་སྟོན་པ་ཡིན་ནོ། །གཡས་པ་འགུལ་བར་བྱེད་ན་མི་དགེ་བའི་དགོས་པ་སྟོན་པར་བྱེད་དོ། །ོཾ་མོ་ཙ་ནི་མོ་ཙ་ཡ། མོཀྵ་ཎི་མོཀྵ་ཡ། ཛཱི་བཾ་བར་དེ་སཝཱཧཱ། འདི་མངོན་པར་སྔགས་པའི་ཏིལ་མར་གྱིས་བུད་མེད་ཀྱི་སྐྱེ་བའི་སྒོ་ལ་བསྐུས་ན་སྦྲུམ་མ་བདེ་བར་བཙའ་བར་བྱེད་དོ། །བཅིངས་པ་ལ་ཕྱོགས་པར་བྱེད་པས་ལན་བདུན་མངོན་པར་སྔགས་པའི་ཆུ་སྙིམ་པ་བདུན་མངོན་པར་གཏོར་བ་དུས་གསུམ་དུ་བྱས་པས་བཅིངས་པ་རྣམས་
453a
༄#། །གྲོལ་བར་བྱེད་དོ། །གུར་གུམ་མམ། གི་ཝང་གིས་གྲོ་ག་ལ་མངོན་པར་བྲིས་ཏེ་བཅིངས་པའི་མགོ་བོ་ལ་བཏགས་ན་བཅིངས་པ་ལས་མངོན་པར་གྲོལ་བར་བྱེད་དོ། །རྟག་ཏུ་བཟླས་ན་བཅིངས་པ་གྲོལ་བར་བྱེད་དོ། །ོཾ་ཧ་རི་མརྐ་ཊ་ནཱ་མ། ས་ཧཱ་ས་ཧ་སྲ་བཱ་ཧུཿ ། ད་དེ་བ་ད་ཏེ་ཏཾ། བྣདྷ་ནཱཾ་མོཀྵཱ་ཡ་སཝཱཧཱ། རྡོ་རྒྱུས་ལ་མངོན་པར་སྔགས་པས་སའི་སྟེང་དུ་ཡང་དང་ཡང་དུ་བྲིས་ཏེ་ལུགས་ལས་བཟློག་པས་ཕྱིས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །ལོ་མ་ལ་མིང་དང ། སྔགས་སུ་བཅས་ཏེ་མངོན་པར་བྲིས་ཏེ་མགོ་བོ་ལ་བཏགས་ན་བཅིངས་པ་ཐམས་ཅད་གྲོལ་བར་འགྱུར་རོ། །ོཾ་ཏཱ་རི་ཎི་ཏཱ་ར་ཡ། མོ་ཙ་ནི་མོ་ཙ་ཡ། མོ་ཀྵ་ནི་མོ་ཀྵ་ཡ། ཛཱི་བཾ་བ་ར་དེ་སཝཱཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་ཞིང ། ལན་བདུན་མངོན་པར་སྔགས་པའི་ཏིལ་མར་གྱི་སྐྱེ་བའི་སྒོ་ལ་བསྐུས་ན་སྦྲུམ་མ་བདེ་བར་བཙའ་བར་འགྱུར་རོ། །ལན་བདུན་མངོན་པར་སྔགས་པའི་ཆུ་འཐུངས་ན་མངལ་འཁྱིམ་པ་བདེ་བར་བཙའ་བར་བྱེད་དོ།། རྟག་ཏུ་བཟླས་ན་བདག་དང་གཞན་འཆིང་བ་ལས་ཐར་བར་བྱེད་དོ། །སྐེའམ། དཔུང་པ་ལ་བསྲུང་བ་བཏགས་པས་སྡིག་པ་ཐམས་ཅད་ལས་སྲུང་བར་བྱེད་དོ། །ོཾ་
453b
ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མོཀྵ་ཡ་ཛཱི་བཾ་སཝཱཧཱ། སྔགས་ཀྱི་རྒྱལ་པོ་འདིས་སྔར་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གུར་གུམ་གྱིས་གྲོ་ག་ལ་གང་གིས་མིང་སྨོས་པའི་སྔགས་མངོན་པར་བྲིས་ལ་སྤྲ་ཚིལ་དུ་གཏུམས་ཏེ་དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་གསར་པའི་ནང་དུ་བཅུག་སྟེ། མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་དུས་གསུམ་དུ་མཆོད་པ་བྱས་ན་འཐབ་པ་དང ། འཐབ་མོ་དང ། རྩོད་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །གུར་གུམ་གྱིས་གྲོ་ག་ལ་གང་གིས་མིང་སྨོས་པ། ཨོཾ་ཨེ་ར་ཎ་ཌ་སྱ་བ་ནེ་ཀཱ་ཀོ། རཾ་གཱ་ཏཱི་ར་མུ་སྠི་ཏཿ ་ཡི་བ་ཏུ་དཱུ་ཏ། ཡཱ་ནི་ཡཾ་བི་ཤ་ལྱཱ་བྷ་བ་ཏུ་གུརྦི་ཎཱི། ཨོཾ་ཨེ་རཎྜ་བ་ནེ་ཀཱ་གཿ ་གཏྒཱ་ཏཱི་ར་མུ་བྶྠི་ཏཿ ་པི་བ་ཏུ་དཱུ་ཏཿ ་སཱ་ནཱི་ཡ་མྦི་ཤལྱཱ་བྷ་བ་ཏུ་གུརྦྦི་སཝཱཧཱ། ལན་བདུན་མངོན་པར་སྔགས་པའི་ཆུ་ཁྱོར་བ་གསུམ་ཕོ་ཉར་འོངས་པས་འཐུངས་ན་སྦྲུམ་མ་བདེ་བར་བཙའ་བར་བྱེད་དོ། །ོཾ་ཨ་མ་ར་ཎི་ཛི་བནྟི་ཡེ་སཝཱཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མངོན་པར་སྔགས་པའི་ཆུ་འཐུངས་ན་སྦྲུམ་བུ་འོང་བར་མི་འགྱུར་རོ། །ལུས་ལས་སྐྱེས་པའི་དུག་མི་བཟད་པ་དང ། སྤྲེའུའི་དུག་མི་བཟད་པ་དང ། སྦྲུལ་གདུག་པ་ལ་སོགས་པའི་རྨ་ལ་ཡུང་བ་དང ། ་རུ་ར་དང ། རུ་རྟ་ལ་སོགས་པ་
454a
༄#། །ལ་ཡོངས་སུ་བཟླས་ཏེ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། །ནད་དང ། རྣམ་པར་འཚེ་བ་ཐམས་ཅད་ལ་སྔགས་མདུད་བཅིངས་པས་ཞི་བར་བྱེད་དོ། །རྟག་ཏུ་བཟླས་ན་ཚེ་ཟད་པ་ལོ་བརྒྱ་ཐུབ་པར་འགྱུར་རོ། །མར་དང ། ཏིལ་མར་གྱི་སྦྱིན་སྲེག་གིས་ཐམས་ཅད་ཞི་བར་བྱེད་དོ། །མངོན་པར་སྔགས་པའི་སྨན་གྱི་བཏུང་བས་ནད་ཐམས་ཅད་ལས་ཐར་བར་བྱེད་དོ། །ལན་བརྒྱར་བཀྲུས་པའི་མར་ལ་མངོན་པར་སྔགས་པས་ན་བའི་ཡན་ལག་ལ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། །འགོ་བའི་ནད་ལ་ཏིལ་མར་ལ་སྔགས་ཏེ་བསྐུས་པས་རང་བཞིན་དུ་གནས་པར་འགྱུར་རོ། །གདུག་པའི་རྨ་ལ་ཆུ་ལ་སྔགས་ནས་གཏོར་བས་སོས་པར་འགྱུར་རོ། །སྤྲི་ཧའི་ནད་ལ་བེ་དང་ལ་སོགས་པའི་མཚོན་གྱིས་གཏུབས་ན་སྤྲི་ཧ་བཅད་པར་འགྱུར་རོ། །ནིར་ཀུནྡྷི་དང ། ནི་མ་བའི་རྩ་བ་རྨ་བྱའི་མཇུག་སྒྲོ་དང་བཅས་པ་གཅིག་ཏུ་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་དུད་པས་བདུགས་ན་རིམས་ཉིན་གཅིག་པ་དང ། རིམས་ཉིན་གཉིས་པ་དང ། ཉིན་གསུམ་པ་དང ། ཉིན་བཞི་པ་ལ་སོགས་པ་སེལ་བར་བྱེད་ཅིང ། འབྱུང་པོ་དང ། ཤ་ཟ་དང ། ཚངས་པ་དང ། སྲིན་པོ་ལ་སོགས་པ་སེལ་བར་འགྱུར་རོ། །བུད་མེད་བུ་ཤི་བས་
454b
བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་བུམ་པས་ཁྲུས་བྱས་ན་བུ་གསོན་པོ་དང་ལྡན་པར་འགྱུར་རོ། །གྲོ་ག་ལ་བྲིས་པའི་སྔགས་རྐེད་པའམ། དཔུང་པ་ལ་བཏགས་ན་མངལ་སྲུང་པར་བྱེད་དོ། །སྔགས་རྗེས་སུ་དྲན་པས་གཡུལ་ངོགས་སུ་འཇུག་ན་རྒྱལ་བ་རྙེད་པར་འགྱུར་ཞིང་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ། །ོཾ་པཱ་ད་ཙཱ་ལ་ནེ་སཝཱཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཆོགས་ལེགས་པར་བསྒྲུབས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ཕོལ་མིག་གི་འཇིགས་པ་ལ་མངོན་པར་སྔགས་པའི་ཆུ་འཐུངས་ན་ཕོལ་མིག་མེད་པར་འགྱུར་རོ། །གྲོ་གའམ། ཤོག་བུ་ལ་བྲིས་ཏེ་སྒོ་ལ་བཏགས་པས་ཕོལ་མིག་མེད་པར་འགྱུར་རོ། །འདི་ནི་འཚེ་བ་ཐམས་ཅད་ལ་མར་ལ་བཏགས་པའི་ཏིལ་གྱི་སྦྱིན་སྲེག་གིས་སྲུང་བ་ཆེན་པོ་ཡིན་ནོ། །ཁཝའི་སྒྲོ་ལག་པས་བཟུང་སྟེ་བཟླས་པ་ཁྲི་བྱས་པ་གང་གིས་ཁང་པའི་སྟེང་ངོས་སུ་སྦས་པས་དེ་འབྱེར་བར་བྱེད་དོ། །ོཾ་པི་ཤཱ་ཙི་པརྞྞཱ་ཤ་ཝ་རི་སརྦོ་པ་དྲ་པ་ནཱ་ཤ་ནི་སཝཱཧཱ། རིག་པ་ཆེན་མོ་འདི་མ་བསྒྲུབས་སུ་ཟིན་ཀྱང་རྐང་གཉིས་དང ། རྐང་བཞི་པ་ཐམས་ཅད་ཀྱི་རྣམ་པར་འཚེ་བ་སེལ་བར་བྱེད་ཅིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །སྦྱིན་སྲེག་གམ། བཟླས་པའམ། ཁྲུས་སམ། སྔགས་མདུད་དམ། མངོན་པར་སྔགས་པའི་ཆུ་
455a
༄#། །འཐུངས་པའམ། བྱབས་ན་ནད་ཐམས་ཅད་སེལ་བར་བྱེད་དོ། །གྲོ་ག་ལ་གུར་གུམ་གྱིས་བྲིས་པའི་སྔགས་སྐེའམ། དཔུང་པ་ལ་བཏགས་ན་རྩོད་སྦྱོང་ལས་རྒྱལ་བ་ཐོབ་ཅིང་རིམས་ཉིན་བཞི་པ་ལ་སོགས་པ་མི་བཟད་པ་ལས་ཐར་བར་འགྱུར་རོ། །སྲིན་པོ་ལ་སོགས་པའི་འཇིགས་པ་སེལ་བར་བྱེད་ཅིང་འཐབ་པ་དང ། འཁྲུག་པ་དང ། རྩོད་པ་དག་ལས་རྒྱལ་པ་སྒྲུབ་བར་བྱེད་དོ། །སྟག་དང ། ཆུ་སྲིན་དང ། ལྟོ་འཕྱེ་ཆེན་པོ་དང ། རྐུན་པོ་ལ་སོགས་པས་མི་མཐོང་ཞིང་རྟག་ཏུ་བཟླས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ོཾ་ཨཱརྱ་ཏྲྀ་ཏཱི་ཡཱ། ཨ་མུ་ཀ་སྱ་ཙཀྵུ་སྟམྦྷ་ཡ་ཏི་ཋཿ ་ཋཿ ་སཝཱཧཱཿ ། ཚེས་གང་ལ་མིག་ན་བར་གྱུར་པ་དེ་ལ་རྩིག་པའམ། སྤང་ལེབ་ལ་རྡོ་རྒྱུས་ཀྱིས་ཚེས་བྲིས་ལ་ཡི་གེ་ཨེ་ཁ་སྦྱར་གསུམ་དུ་བྱའོ། །ོཾ་ཙཎྜ་མཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་གཅིག་བཟླས་པས་སྡིག་པ་ཐམས་ཅད་ངེས་པར་སྲེག་པར་བྱེད་དོ། །འབྱུང་པོ་ལ་སོགས་པའི་གདོན་གྱིས་ཟིན་པ་ལ་ཡུངས་ཀར་གྱིས་བརྡེགས་པས་གདོན་ཐམས་ཅད་འབྱེར་བར་བྱེད་དོ། །ཁམ་ཕོར་ལ་རྡོ་རྒྱུས་ཀྱིས་བྲིས་ཏེ་སྒོ་ལ་བཏགས་པས་གསར་དུ་བཙས་པའི་བྱིས་པ་སྲུང་བར་བྱེད་དོ། །སྤྲ་ཚིལ་གྱིས་གཟུགས་སོར་བཞི་པ་བྱས་པ་དེའི་ཚད་དུ་བྱས་པའི་སྙིང་གར་བསྒྲུབ་
455b
བྱར་\?\་མིང་དང་བཅས་པའི་སྔགས་མངོན་བར་བྲིས་ཏེ་བཅུག་ལ་དེའི་ཁ་ལ་ཚེར་མ་བཙུགས་ན་ཕྱིར་རྒོལ་བའི་ཁ་ཕུར་བུས་བཏབ་པར་འགྱུར་རོ། །རྐང་པ་ལ་བཙུགས་ན་འགྲོ་བ་དང ། འོང་བ་རེངས་པར་བྱེད་དོ། །སྙིང་ག་ལ་བཙུགས་ན་ཁྲོས་པ་འཇོམས་པར་བྱེད་དོ། །མིའི་རྗེ་དར་གྱི་རུས་པའི་ཕུར་བུའམ། ལྕགས་ཀྱི་ཕུར་བུས་གང་བ་པར་བྱའོ། །མིང་ནས་བཟུང་ཞིང་ཡན་ལག་གང་དང ། གང་ལ་ཕུར་བུ་བཏབ་པ་དེ་དང ། དེ་འཇིག་པར་འགྱུར་རོ། །དགྲ་བོའི་སྒོར་ཁར་སྦས་ན་འབྱེར་བར་བྱེད་དོ། །དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་སྔགས་པས་སྒོའི་ཡ་ཐེམ་ལ་གཏོར་ན་འབྱེར་རོ། །རལ་གྲི་ལ་མངོན་པར་སྔགས་ཏེ་གཡུལ་དུ་འཇུག་ན་རྒྱལ་བ་སྒྲུབ་པར་བྱེད་དོ། །བྱ་བ་གང་ལ་འཇུག་པ་ན་གཏོར་མ་ཉེ་བར་བཏབས་ན་དེ་དང ། དེ་འགྲུབ་པར་འགྱུར་རོ། །སྔགས་པ་དགེ་པའམ། མི་དགེ་བའི་ལས་གང་འདོད་པས་བཟླས་པ་ཙམ་གྱིས་བྱེད་དོ། །ོཾ་ཀ་སྱེ་སྤནད་སྤནད་ཏྭ། སླུ་ནྱ་བེ་ཤྨ་ནི་མ་མ་ཏྭ་ཐཱ་སྤནད་ཡ་སྠ། སྤནད་སི་བཛྲ་ཎི་སཝཱཧཱ། ཨོཾ་ཀཱ་ཤི་སྤནད་ཀ་ཤེ་སྤནད་ཏྭེ་ནྱེ་ཤཱུ་ནྱ་བེ་ཤྨ་ནི་ཨསྨ་ཀརྞྞ་ཏ་ཐཱ་སྤནད་ཡ་ཐཱ་སི་བཛྲ་ཎ་སཝཱཧཱ། མིག་འགུལ་ན་བྱབས་པས་ཞི་བར་འགྱུར་རོ། །ོཾ་ཛམྦྷེ་མོ་ཧི་ཧྲྀ་ད་ཡ་མཱ་བརྟཱ་ནི་ཧཱུཾ་ཕཊ་སཝཱཧཱ། སྔགས་ཀྱི་རྒྱལ་པོ་འདི་ཐོ་རངས་བྱ་རོག་གི་སྒྲ་མ་གྲག་པའི་དུས་སུ་ལན་བདུན་མངོན་པར་སྔགས་པའི་ཆུས་
456a
༄#། །གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །རྒྱལ་ལ་བ་མར་དང ། པདྨ་དཀར་པོའི་སྡོང་བུས་དུ་བ་བླངས་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པ་བྱས་པ་དེས་མིག་ལ་བསྐུས་ན་བུད་མེད་ཐམས་ཅད་ཡིད་འཕྲོག་པར་བྱེད་དོ། །རྒྱལ་ལ་ཁ་ཐུར་དུ་ལྟས་པའི་མེ་ཏོག་གི་རྩ་བ་དང ། ཤི་རི་ཁཎྜ་དག་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པ་དེ་ཐིག་ལེར་བྱས་ན་རྗེ་བོ་ཁྲོས་པ་དེ་རབ་ཏུ་སང་བར་བྱེད་དོ། །ཀུ་ཅོ་དང ། འཐབ་པ་དང ། རྩོད་པ་དག་ལས་རྒྱལ་བར་འགྱུར་རོ། །ཆོ་ག་བཞིན་དུ་རྟག་ཏུ་བཟླས་པས་གྲོང་ཁྱེར་བསྐྱོད་པ་སྐྱེད་པར་བྱེད་དོ། །ོཾ་སྟམྦྷ་ནི། སྟམྦྷ་ཡ། ཛམྦྷ་ནི། ཛམྦྷ་ཡ། མོ་ཧ་ནི། མོ་ཧ་ཡ། རཀྵ་ན་ཎི། རཀྵ་ཡ་མཱཾ། བ་ར་དི་སིདྡྷ་ལོ་ཙ་ནེ་སཝཱཧཱ། སངས་རྒྱས་སྤྱན་གྱི་སྙིང་པོ་འདིས་འཇིགས་པ་ཐམས་ཅད་སེལ་བར་བྱེད་དོ། །དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་དང་པོ་རྫོགས་སོ།། །།རབ་སད་ལེགས་པར་སངས་རྒྱས་པའི། །སློབ་མ་ཡོན་ཏན་གཞི་ཡིན་པ། །བླ་མ་ལ་གུས་མཁས་པ་ལ། །རྒྱུད་ཀྱི་རྒྱལ་པོ་བཤད་པར་བྱའོ། །ོཾ་ན་མོ་བི་ལ་ཙནྡྲཱ་ཡ། དེ་བ་སུ་ཏྲཱ་ཡ། སཏྱེ་ན་དྷྲི་ཡ་ཏི་ལོ་ཀཿ ་ས་ཏྱེ་ན་ཡ་རི་གྲྀ་ཧྱ་ཏེ་ས་ཏྱེ་ན་དྷརྨཿ ། སྠི་ཏོ་ལོ་ཀཿ །
456b
སཏྱ་བྲམྷ་ཏཱན་ནཾ། ས་ཏྱཾ་བུདྡྷཤྩ་དྷརྨ་ཤྩ་སཾ་གྷཤྩ་གུ་ན་སཱ་ག་རཿ ་ཨ་ནེ་ན་སཏྱེ་བཱ་ཀྱེ་ན་ཀྵི་པྲ་མཱ་བི་ཤ་དརྦ་ཎེ། ཏ་དྱ་ཐཱ། ཨོཾ་ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མེ་རུ་མནད་ར་པྲ་ཏི་ཀཱ་ས་ཨཱ་བི་ཤ་།ཀཻ་ལཱ་ས་ཀཱུ་ཊ་པཱ་ཏྲཱ་ཡ་ན་མཿ ་ཡན་མ་ཡཱ་ཙིནྟི་ཏཾ་ཀ་རྱཾ་ཏ་ཏ་སརྦ་བྲུ་ཧི་ཏ་ཏྭ་ཏ། ཨཱཏྨཱརྠཾ་བཱ་པ་རཱ་རྠཾ་བཱ་ཤུ་བྷམྤཱ་ཡ། དི་བཱ་ཤུ་བྷམ། ནང་བར་གཙང་མའི་ས་ཕྱོགས་སུ་དཀྱིལ་འཁོར་བྱས་ཤིང་བུམ་པ་བཞག་ལ། ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་མེ་ལོང་ལ་མངོན་པར་སྔགས་ཏེ། ཁྱེའུ་འམ། བུ་མོ་ལེགས་པར་ཁྲུས་བྱས་ཏེ། གོས་ལེགས་པར་བཀྲུས་པ་བསྐོན་ཅིང ། ཙནྡན་དཀར་པོའི་ལྡེ་གུས་ཡན་ལག་བྱུགས་ལ། མེ་ཏོག་དྲི་ཞིམ་པའི་ཕྲེང་བས་མགུལ་དུ་བཏགས་པ། གྲོང་པའི་ཆོས་ཀྱིས་རབ་ཏུ་མ་གོས་པ་ལ་བསྟན་ན་ཇི་ལྟར་བསམས་པའི་དགོས་པ་ཕྱིན་ཅི་མ་ལོག་པ་སྟོན་པར་འགྱུར་རོ། །དགོངས་སྔས་དྲུང་དུ་དཀྱིལ་འཁོར་ཉེ་བར་བྱུགས་ལ་བཅོམ་ལྡན་འདས་དང ། ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་ཆེན་པོ་བྱས་ལ། བརྒྱ་རྩ་བརྒྱད་བཟླས་ནས་ཅང་མི་སྨྲ་བར་ཉལ་ན་དགེ་བ་དང ། མི་དགེ་བ་ཇི་ལྟར་བསམས་པ་བཞིན་དུ་སྟོན་པར་འགྱུར་རོ། །རྟག་ཏུ་བཟླས་ན་འཇིག་རྟེན་གསུམ་གྱི་སྤྱོད་པ་སྟོན་པར་འགྱུར་རོ། །ོཾ་ཤྲ་པ་ཎ་པི་ཤཱ་ཙི་ནི་མུཎྜེ་སཝཱ་ཧཱ། བ་རུ་རའི་ཤིང་ངམ། ནྱ་གྲོ་དྷའི་ཤིང་
457a
༄#། །གི་རྩ་བར་འདུག་ལ། ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན་གྲུབ་པར་འགྱུར་ཏེ་འཇིག་རྟེན་གསུམ་གྱི་སྤྱོད་པ་ཡང་སྟོན་པར་འགྱུར་རོ།། ཡང་ན་ལེགས་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བ་ཟླས་པས་གྲུབ་པར་འགྱུར་རོ། །དགོངས་མོ་ཉལ་ཀར་རུ་རྟལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་རྐང་པ་གཉིས་ལ་བསྐུས་ནས་ཉལ་ན་དགེ་བ་དང ། མི་དགེ་བ་རྣམ་པར་སྟོན་པར་འགྱུར་རོ། །ོཾ་ན་མཿ ་སཕཱ་ནཾ། ས་མྱཀྶཾ་བུདྡྷ། ཀོ་ཊཱི་ནཱཾ། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ་ཙུ་ནྡེ་སཝཱ་ཧཱ། བཱི་རྱ་ས་ཏྱ་པཱ་དི་ནི་བ་ར་དེ་ཀ་ཐཱ་ཡ་སཝཱཧཱ། གོང་དུ་བཤད་པའི་ཚོགས་མེ་ལོང་ངམ། རལ་གྲིའམ། མར་མེའམ། ཆུ་སྣོད་ལ་སྟོན་པར་བྱེད་དོ། །ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ནས་མི་སྨྲ་བར་ཉལ་ན་རྨི་ལམ་དུ་དགེ་བ་དང ། མི་དགེ་བའི་དོན་ཐམས་ཅད་སྟོན་པར་འགྱུར་རོ། །ོཾ་མུ་ཙི་ལི་སཝཱཧཱ། མོ་ཉ་ནི་སཝཱཧཱ། ད་ན་ཏི་ལི་སཝཱཧཱ། སྔགས་འདི་ཁྲི་བཟླས་ན་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ཏེ་དགོས་པ་ཡིད་ལ་བྱེད་པའི་བཟླས་པས་མི་སྨྲ་བར་ཉལ་ན་
457b
བཅོམ་ལྡན་འདས་རང་གི་གཟུགས་སུ་མཐོང་བར་འགྱུར་ཞིང་དགེ་བ་དང ། མི་དགེ་བ་རྨི་ལམ་དུ་སྟོན་པར་འགྱུར་རོ། །ོཾ་པྲ་ཛྭཱ་ལ་ཧཱུཾ་ཕཊ། བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་སྙིང་པོ་འདི་འབུམ་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ། །གོང་དུ་བསྟན་པའི་ཆོ་གས་དགེ་བ་དང ། མི་དགེ་བ་རྨི་ལམ་དུ་སྟོན་པར་འགྱུར་རོ། །ོཾ་ན་མཿ ་ས་མནྟ་བུདྡྷ་ནཱཾཿ ་ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཀུ་མཱ་ར་རཱུ་པི་ཎཾ་དཪྵ་ཡ། ཨཱཏྨཱ་ནཱཾ། བི་བྷུ་ཥི་ཏེ་མེད་པར་བེ་བྷུ་ཏིཾ་ཥི་ཏ་ས་མུད་བྷཱ་བ་ཡ། སཝ་པ་ནཱི་ནི་བེ་ད་ཡ། ཡ་ཐཱ་བྷུ་ཏཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། རྗེ་བཙུན་འཇམ་དཔལ་གཞོན་ནུའི་བྲིས་སྐུའམ། ལུགས་སྐུའི་མདུན་ནམ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་ཅི་འབྱོར་པའི་མཆོད་པ་བྱས་ཏེ། བརྒྱ་ཕྲག་བདུན་བཟླས་པ་བྱས་ན་རྨི་ལམ་དུ་བདག་ཉིད་དམིགས་ཤིང་གཞན་དག་ཀྱང་མཐོང་བར་འགྱུར་རོ། །ོཾ་ཀརྞྞ་པི་ཤཱ་ཙི་ཀརྞྞ་མེ་ཀ་ཐཱ་ཡ་ཧཱུཾ་ཕཊ། ཤ་ཟའི་ཤིང་གི་དྲུང་གི་རྩ་བར་ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་གནས་ཤིང་དེ་ཉིད་དུ་མི་སྨྲ་བར་འདུག་སྟེ་ཤ་དང ། ཉ་ཤ་དང ། མ་ཤ་དང ། འཛམ་བུ་ཏི་ཀ་ལ་མངོན་པར་སྔགས་པའི་གཏོར་མ་ཉེ་བར་བསྟབས་ལ་དུས་གསུམ་དུ་སྔགས་བཟླས་ན་ཞག་དང་པོ་ལ་མཚན་མ་ཉེ་བར་སྟོན་པར་བྱེད་ཅིང་ཕྱིས་འོང་བ་འགྲུབ་པར་འགྱུར་ཏེ། དེ་ལ་སོགས་པའི་སྲིད་པ་གསུམ་
458a
༄#། །གྱི་སྤྱོད་པ་རྣམ་པར་སྟོན་པར་བྱེད་དོ། །ཞག་ཉི་ཤུ་རྩ་གཅིག་ལ་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུར་རོ། །ོཾ་ཙ་ཏུརྦྷུ་ཛ་ཙ་ཏུ་རྨུ་ཁ་ཥ་ཊ་མུ་ཁ། བི་ཀྲྀ་ཏཱ་ནན་ཀརྞྞ་པི་ཤཱ་ཙི་མ་ཨཱ་ཀཪྵ་ཡ་ཧཱུཾ་ཕཊ། དུར་ཁྲོད་དུ་གཤིན་རྗེ་མཐར་བྱེད་ཀྱི་བྲིས་སྐུའི་མདུན་དུ་བཟླས་པ་བྱས་ན་ཞག་བདུན་ན་ཤ་ཟ་རྣ་སྒྲོགས་འགྲུབ་པར་འགྱུར་རོ། །ོཾ་བུདྡྷ་ཙུ་རུ་མཱཾ་ཙུ་རུ་ཀེ་སཝཱཧཱ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ། རྗེ་བཙུན་སངས་རྒྱས་ཀྱི་སྤྱན་སྔར་བསྙེན་པ་ཆོ་ག་ཁྲི་བཟླས་ལ་དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་བྱས་ནས་ཉལ་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་ཏེ་བདག་གང་ནས་སྐྱེས་པར་གྱུར། གང་དུ་སྐྱེ་བར་འགྱུར་ཞེས་ཡིད་ལ་བསམས་ཤིང་ཉལ་ན་འདས་པ་དང ། མ་འོངས་པའི་སྐྱེ་བ་དམིགས་པར་ཐེ་ཚོམ་མེད་དོ། །གལ་ཏེ་ཟླ་བ་དྲུག་གི་ནང་རོལ་དུ་འཆི་བར་འགྱུར་ན་དེའི་ཚེ་རྨི་ལམ་དུ་བདག་གམ། གཞན་གྱི་མགོ་མི་མཐོང་བར་འགྱུར་རོ། །དེ་བཞིན་དུ་མངོན་པར་སྔགས་པའི་མེ་ལོང་ལ་བལྟས་པ་ན་ཁྱེའུ་འམ། བུ་མོ་གང་གི་མགོ་མ་མཐོང་ན་དེ་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་རོ། །རྡོ་ལིག་བུ་མིག་དང ། ཤིང་ཨ་ག་སྟི་དཀར་པོའི་རྩ་བ་རེང་བུར་བྱས་ཏེ་བརྒྱ་རྩ་བརྒྱད་མངོན་པར་སྔགས་ལ་བྱུགས་ན་གང་དག་ཟླ་བ་
458b
དྲུག་གི་ནང་དུ་འཆི་བར་འགྱུར་བའི་རྐང་གཉིས་དང ། རྐང་བཞི་དེ་དག་ཐམས་ཅད་ཀྱི་མགོ་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །ོཾ་སཝཔྣ་བི་ལོ་ཀི་ནི་སིདྡྷ་ལོ་ཙ་ནེ་སྭྤཏཾ། མེ་ཀ་ཐཱ་ཡ་སཝཱཧཱ། སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོགས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ོཾ་ཨ་དི་ཏི་དེ་བད་ཏ་ཏཾ། མོ་དེ་ཧི་ད་དཱ་པ་ཡ་སཝཱཧཱ། ཆུའི་ནང་དུ་ཞུགས་ཏེ་བུ་མོ་གང་གི་ཆེད་དུ་བཟླས་པ་བྱེད་པ་དེ་དེ་ཉིད་ལ་སྟེར་བར་བྱེད་དོ། །ཡི་གེ་འབུམ་བཟླས་པ་བྱས་ལ་པྲི་ཡང་ཀུའི་མེ་ཏོག་གམ། པ་ལ་ཤའི་མེ་ཏོག་གི་སྦྱིན་སྲེག་འབུམ་གྱིས་དཔལ་ཆེན་པོ་ཐོབ་པར་བྱེད་དོ། །མཚན་མོའོ་མ་ཅན་གྱི་ཡམ་ཤིང་གིས་སྦྱིན་སྲེག་བྱས་ན་གྲོང་གང་གི་ཆེད་དུ་སྦྱིན་སྲེག་བྱས་པ་དེ་རྙེད་པར་འགྱུར་རོ། །པདྨ་རྣམས་སམ། བིལ་པའི་འབྲས་བུ་རྣམས་ཀྱི་འབྲས་བུའི་སྦྱིན་སྲེག་འབུམ་གྱིས་རྒྱལ་རིགས་སུ་སྐྱེས་པ་རྒྱལ་སྲིད་རྙེད་པར་འགྱུར་ཞིང་གཞན་དག་གི་དཔལ་ཆེན་པོ་ཐོབ་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་རྣམས་ཀྱིས་སྦྱིན་སྲེག་འབུམ་ཕྲག་བདུན་གྱིས་འབྱོར་པ་མི་ཟད་པར་འགྱུར་རོ། །ོཾ་ཛ་ཡེ། བི་ཛ་ཡེ། ཨ་ཛི་ཏེ། ཨ་པ་རཱ་ཛི་ཏེ་སཝཱཧཱ། སྲིང་མོ་བཞིའི་སྙིང་པོའི་སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོ་གས་འབུམ་ཕྲག་བཞི་བཟླས་ན་གོང་དུ་བཤད་པའི་ལས་ཐམས་
459a
༄#། །བྱེད་པར་འགྱུར་རོ། །ོཾ་མེ་གྷོ་ལ་ཀཱ་ཡ་སཝཱཧཱ། པ་ལ་ཤའི་མེ་ཏོག་གམ། ཡམ་ཤིང་གིས་སྦྱིན་སྲེག་འབུམ་ཕྲག་གཅིག་བྱས་ན་གསེར་སྲང་འབུམ་རྙེད་པར་འགྱུར་ཞིང་བུ་མོ་དོན་དུ་གཉེར་བས་ཀྱང་གང་འདོད་པའི་བུ་མོ་རྙེད་པར་འགྱུར་རོ། །ོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ་མཧཱ་ལ་ཀྵྨི་ར་ཛྱེཾ་ཏེ་ཧི་བ་ར་དེ་སཝཱ་ཧཱ། གསང་སྔགས་འདི་ནི་དཔལ་ཆེན་མོའི་སྙིང་པོའོ། །རྟག་ཏུ་བཟླས་པ་བྱས་ན་ཕུན་སུམ་ཚོགས་པའི་མཆོག་སྟེར་བར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་དཔལ་ཆེན་པོར་འགྱུར་ཞིང་མངོན་པར་འདོད་པའི་བུ་མོ་འགྲུབ་པར་འགྱུར་རོ། །རས་བལ་གྱི་ས་བོན་གྱི་ཚད་ཙམ་གྱི་གུ་གུལ་གྱི་རིལ་བུ་མངར་གསུམ་ལས་བཏགས་པའི་སྦྱིན་སྲེག་འབུམ་མམ། པདྨའི་སྦྱིན་སྲེག་འབུམ་གྱིས་རྒྱལ་སྲིད་སྒྲུབ་པར་བྱེད་དོ། །ོཾ་ནན་ཏུ་ནར་ནི་བ་ར་དེད་ནི་བ་ར་དེ། གི་ནི་ཀི་ཎི་ཁི་ཎི། ཤྲི་ཡཾ་མེ་དང་བཽ་ཥ་ཊ་སཝཱཧཱ། དགའ་བྱེད་མའི་སྙིང་པོའི་སྔགས་འདི་ནི་གོང་དུ་བཤད་པའི་ལས་ཐམས་ཅད་འགྲུབ་པར་འགྱུར་རོ། །ོཾ་ཛཾ་བྷེ་མོ་ཧི་སཝཱཧཱ། རྗེ་བཙུན་མ་སྒྲོལ་མ་ལ་ཀ་ར་བཱི་རའི་མེ་ཏོག་གིས་མངོན་པར་མཆོད་དེ་སྔགས་ཀྱི་རྒྱལ་པོ་འདི་ཡི་གེ་འབུམ་བཟླས་ན་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ོཾ་བ་
459b
སུ་དྷཱ་རི་ཎི་སཝཱཧཱ། ཨོཾ་ཤྲཱི་བ་སུ་སཝཱཧཱ། ཨོཾ་བ་སུ་ཤྲཱི་ཡེ་སཝཱཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སཝཱཧཱ། ཨོཾ་ཤྲཱི་བ་སུ་མ་ཏི་ཤྲཱི་ཡེ་སཝཱ་ཧཱ། བདག་ཉིད་ཛམྦྷ་ལའི་གཟུགས་སུ་བསྒོམས་ལ་རྣག་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བ་སུ་དྷཱ་ར་གསེར་གྱི་མདོག་ཅན་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་ཕྱོགས་ལ་སོགས་པའི་ཕྱོགས་སུ་ལྷ་མོ་བཞིས་བསྐོར་བ། གཡས་ཀྱིས་མཆོག་སྤྱིན་པ། གཡོན་གྱིས་འབྲས་ཀྱི་སྙེ་མ་བསྣམས་པ་བསྒོམས་ན་ཡིད་ལ་རེ་བ་རྫོགས་པར་བྱེད་དོ། །བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་ཁྲུ་དོའི་ཚད་དུ་བྱས་ལ་དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོས་མཆོད་དེ་སྟོང་ཕྲག་བཞི་བཟླས་པ་བྱས་ན་ཟླ་བ་དྲུག་ན་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གིས་སྤྱིན་སྲེག་འབུམ་ཕྲག་བཞི་བྱས་ན་དཔལ་ཆེན་པོར་འགྱུར་ཞིང་ཡི་གེ་འབུམ་བཟླས་ན་དཔལ་ཆེན་པོ་འགྲུབ་པར་བྱེད་དོ། །གུ་གུལ་གྱི་རིལ་བུའི་སྦྱིན་སྲེག་འབུམ་བྱས་ན་ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་འགྱུར་རོ། །ོཾ་བ་སུ་དྷ་རི་ཎི་ཨ་མུ་ཀེ་ནྱཱ་མེ་དེ་ཧི། །ད་པ་ཡ་སཝཱཧཱ། སྔགས་འདི་ཆུའི་ནང་ཞུགས་ནས་ཁྲུས་བྱས་ཏེ་འབུམ་ཕྲག་བཞི་ངེས་པར་བཟླས་པ་བྱས་ན་མངོན་པར་འདོད་པའི་བུ་མོ་རྙེད་པར་འགྱུར་རོ། །མཚན་མོ་འོ་མ་ཅན་གྱི་ཡམ་ཤིང་
460a
༄#། །གིས་གྲོང་གི་མིང་ནས་སྨོས་ནས་སྦྱིན་སྲེག་འབུམ་བྱས་ན་གྲོང་རྙེད་པར་འགྱུར་རོ། །ོཾ་བ་སུ་དྷཱ་རི་ཎི་སཝཱཧཱ། ཨོཾ་ཙནྡྲ་ཀ་ནྟེ་སཝཱ་ཧཱ། ཨོཾ་དཏྟཱ་ཡེ་སཝཱཧཱ། ཨོཾ་བ་སུ་དཏྟཱ་ཡཻ་སཝཱཧཱ། ཨོཾ་ཨཱ་རྱཱ་ཡེ་སཝཱཧཱ། ཨོཾ་སུ་བྷ་དྲཱ་ཡཻ་སཝཱཧཱ། ཨོཾ་གུཔྟ་ཡེ་སཝཱཧཱ། ཨོཾ་དེ་བྱཻ་སཝཱཧཱ། ཨོཾ་སཝ་ར་ས་ཏྱཻ་སཝཱཧཱ། གསེར་གྱི་བྱང་བུའམ། དངུལ་གྱི་བྱང་བུའམ། ཟངས་མའི་བྱང་བུའི་མེ་ཏོག་ལ་འདབ་མ་བརྒྱད་པའི་དབུས་སུ་བ་སུ་དྷཱ་ར། ཤར་ལ་སོགས་པའི་འདབ་མ་ལ་ཙནྡྲ་ཀཱཾ་ཏྱ་ལ་སོགས་པ་གནོད་སྦྱིན་མོ་རྣམས་མངོན་པར་བྲིས་པའི་བྱང་བུ་གཉིས་ཁ་སྦྱར་དུ་བྱས་པའི་ནང་དུ་མར་དང ། སྦྲང་རྩི་དང ། ཀར་བཅུག་སྟེ་གོང་དུ་བཤད་པའི་ཆོགས་སྔར་སྨོས་པའི་ལས་རྣམས་བྱེད་པར་འགྱུར་རོ། །དབུས་སུ་ནི། ཨོཾ་ཛམྦྷ་ལ་ཛ་ལེནྡྲ་ཡེ་སཝཱཧཱ། ཕྱོགས་སུ་ནི། ཨོཾ་མ་ཎི་བྷ་དྲཱ་ཡ་སཝཱཧཱ། ཨོཾ་པཱུརྞྞ་བྷ་དྲཱ་ཡ་སཝཱཧཱ། ཨོཾ་དྷ་ན་བྷ་དྲ་ཡ་སཝཱཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡ་སཝཱཧཱ། མཚམས་སུ་ནི། ཨོཾ་ཀེ་ལི་མཱ་ལི་སཝཱཧཱ། ཨོཾ་པི་ཙི་ཀུཎྜ་ལི་ནི་སཝཱཧཱ། ཨོཾ་མུ་ཁེནྡྲཱ་ཡ་སཝཱཧཱ། ཨོཾ་ཙ་རནྡྲཱ་ཡ་སཝཱཧཱ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །བཅོམ་ལྡན་འདས་ནི་བསུ་དྷཱ་རི་དང་བཅས་བ་གསེར་གྱི་མདོག་ལྡན། ནེའུ་ལེ་དང ། འབྲས་བུ་ས་བོན་གྱིས་བཀང་བ་ཕྱག་ན་
460b
བསྣམས་པ། གསུས་པ་འཕྱང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོང་དུ་བཤད་པའི་གནོད་སྦྱིན་མོ་དང ། གནོད་སྦྱིན་གྱི་བདག་པོ་དང་བཅས་པ་ལ་དུས་གསུམ་དུ་མཆོད་པ་བྱས་ནས་བསྒོམས་ཤིང་བཟླས་པ་བྱས་ན། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྩོལ་བར་མཛད་དོ། །ཐོ་རངས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པ་དང ། བྱ་རོག་གི་སྒྲ་མི་གྲག་པར་ཆུའི་ནང་དུ་ཞུགས་ཏེ་བཟླས་པ་བྱེད་པ་གང་ཡིན་པ་དེའི་གཏེར་མི་ཟད་ཅིང་འཕེལ་བར་འགྱུར་རོ། །ཡང་ན་གསེར་ལས་བྱས་པའི་བྱང་བུ་ལ་པ་སུ་དྷཱ་ར་གནོད་སྦྱིན་མོ་དང་བཅས་པ་དང ། བྱང་བུ་གཉིས་པ་ལ་བཅོམ་ལྡན་འདས་ཛམྦྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་པར་བྲིས་ལ་ཁ་སྦྱར་དུ་བྱས་ཏེ་མཉེས་པར་བྱས་ན་དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེར་བར་མཛད་ན་གྲུབ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་གཉིས་པ་རྫོགས་སོ།། །།ོཾ་བཛྲ་ཏཱི་ཀྵྞ་དུཿ ་ཁ་ཙྪེ་ད་པྲ་ཛྙཱ་ཛྙཱ་ན་མཱུ་རྟྟ་ཡེ། ཛྙཱ་ན་ཀཱ་ཡ་བཱ་གཱི་ཤཝ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ ་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པུ་གྲུབ་པ། སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བ། ཕྱག་གཡོན་ན་ཨུཏྤ་ལ་སྔོན་པོ་བསྣམས་པ། གཡས་ཀྱིས་
461a
༄#། །མཆོག་སྦྱིན་པར་བདག་ཉིད་བསམས་ལ། ཨོཾ་ཨཱ་དྱ་ནུ་ཏ་པནྣ་པྲ་ཀྀ་ཏེ། པྲ་བྷཱ་སཝ་རཾ། སུ་བི་ཤུདྡྷ། དྷརྨ་དྷཱ་ཏུ། ཏྲི་སཔྟཱ་པཱ་ཏ་སཝ་ར་སཝ་ཏི་བཱ་ཎི་མུ་པ་ལ་བྷ་ཏེ། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་རོ། །ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་མངོན་སུམ་དུ་མཐོང་ཞིང་ཐོས་པ་འཛིན་པ་ཡང་ཐོབ་པར་འགྱུར་རོ། །ཤུ་དག་ཞོ་ཕྱེད་ཀྱི་ཚད་ཙམ་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་པ་ཐོ་རངས་འོ་མ་འམ། མར་རམ། ཏིལ་མར་དང་ལྷན་ཅིག་ཟླ་བ་གཅིག་ཏུ་འཐུངས་ན་གླེན་པ་དང ། དིག་པ་མེད་པར་འགྱུར་རོ། །ཁུ་བྱུག་མྱོས་པའི་སྐད་དང་འདྲ་བར་དབྱངས་སྙན་ཅིང་ཚིག་གསལ་བར་འགྱུར་རོ། །ཟླ་བ་དྲུག་གོམས་པར་བྱས་ན་མ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང་ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར་ཏེ་ཐོས་པ་འཛིན་པར་འགྱུར་རོ། །ོཾ་བཱ་ཀྱེ་དཾ་ན་མཿ ་རྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་དུ་ཏིང་ངེ་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་ལ་སྐེ་བ་ཙམ་གྱིས་ཆུ་ལ་རྒལ་ནས་ཛཱ་ཏིའི་མེ་ཏོག་ཕུན་པ་འབུམ་ཕྲག་གཅིག་བླངས་ནས་སྔགས་
461b
བརྗོད་ཅིང་ཕུན་པ་རེ་རེ་རྒྱུན་ཕྱོགས་སུ་འབབ་པར་འགྱུར་བ་ལས་ཕུན་པ་གཅིག་རྒྱུན་ལས་ལོག་པར་འོངས་པ་དེ་སོ་ལ་མ་རེག་པར་མིད་ན་ཐོས་པ་འཛིན་པ་ལ་སོགས་སྩོལ་བར་མཛད་དོ། །ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །སྨན་བྲཧྨའི་ཕྱེ་མ་ཞོ་བཞི་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐོ་རངས་དཀྱིལ་འཁོར་བྱས་ཏེ་ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཡང་ཡང་དག་པར་མཆོད་དེ། མར་རམ། རོ་སྐྱུར་དང་སྦྱར་ནས་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ་འཛིན་པར་འགྱུར་རོ། །ཚིག་གི་བདག་པོའི་དབྱངས་སྙན་པར་ཡང་སྐྱེ་བར་འགྱུར་རོ། །སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཕྱིས་ཟླ་བ་གཟས་ཟིན་པའམ། ཉི་མ་གཟས་ཟིན་པ་ན་ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ་ཟླ་བ་མི་སྣང་བར་ཇི་སྲིད་གྲོལ་བར་འགྱུར་བ་དེ་སྲིད་བཟླས་པ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་འཁོར་ལོ་དང ། རྡོ་རྗེ་རྩེ་གསུམ་པ་དང ། མདའ་དང ། ཐོ་བ་དང ། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང་རིག་པ་ལ་སོགས་པ་དང ། བཅུད་ཀྱིས་ལེན་ལ་སོགས་པ་འདུས་བྱས་པ་བསྒྲུབ་པར་
462a
༄#། །བྱའོ། །ཡང་ན་མི་ག་སྨན་ནམ། ཐིག་ལེའམ། རྐང་པ་བསྐུས་པའམ། དབང་དུ་བྱ་བའི་རྫས་བསྐུས་ཏེ་བསྒྲུབ་པར་བྱའོ། །འོ་ཐུག་གམ། ཞོ་དང ། ཟན་ནམ། མར་དང་བཅས་པ། ཁ་ར་དང་བཅས་པས་སྣོང་བཀང་སྟེ་ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལོ་ལྔ་བརྒྱར་འཚོ་བར་འགྱུར་རོ། །མཱ་ཤཱ་ཁར་བཅུག་ནས་བཟླས་པ་བྱས་ཏེ་མིད་ན་སྡེབ་སྦྱོར་དང ། ཐོས་པ་འཛིན་པ་དང ། སྨྲ་མཁས་པ་དང ། ཡིད་གཞུངས་པར་འགྱུར་རོ། ། པདྨའི་སྦྱིན་སྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ། །བིལ་བའི་སྦྱིན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ་པར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་གིས་ངག་གི་དངོས་གྲུབ་ཐོབ་པར་བྱེད་དོ། །མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས་གནོད་སྦྱིན་མོ་དང ། ཀླུ་མོ་ལ་སོགས་པ་འགུགས་པར་བྱེད་དོ། །དེ་བཞིན་དུ་ཡམ་ཤིང་རྣམ་པ་ལྔས་ཀྱང་བྱའོ། །རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་བསྒྲུབ་པར་བྱེད་པར་འགྱུར་རོ། །ོཾ་ཧྲཱིཿ ཧཱུཾ། སྔགས་ཀྱི་རྒྱལ་པོ་འདི་འབྲས་བུ་མཉམ་པོར་སྟེར་བར་བྱེད་དོ། །ོཾ་ཧྲཱིཿ མཧཱ་མཱ་
462b
ཡཱངྒེ་མ་ཧཱ་སཝ་ར་ས་ཏྱེ་ནམཿ ་རྗེ་བཙུན་འཕགས་མ་སྒྲོལ་མའི་སྙིང་པོ་འདིས་ལས་ཐམས་ཅད་བྱད་པར་འགྱུར་རོ། །ོཾ་པྲ་ཀྲྀ་ཏི་པ་རི་ཤུདྡྷཿ ། སརྦ་དྷརྨཿ ་པྲ་ཀྲྀཏྱཱ། བ་རི་ཤུདྡྷོཉ་ཧཾ།་ས་པཱ་ཧྱཱ་བྷྱཱ་ན་ད་ར་ན་མ་ཨི་ཏི། ཞེས་བྱ་བས་ཕྱི་དང་ནང་དུ་རྒྱུ་བ་དང ། མི་རྒྱུ་བ་དང་བཅས་པའི་སྣ་ཚོགས་དང ། བདག་ཉིད་རང་བཞིན་གྱིས་ཡོངས་སུ་དག་པར་བསམས་ལ་པདྨ་དཀར་པོ་ཁྲུ་བདུན་པའི་ཚད་དང ། དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཕྱག་གཉིས་པ་པདྨ་དང ། མཆོག་སྦྱིན་གྱིས་རྣམ་པར་མཛེས་པ། བཅོམ་ལྡན་འདས་མ་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཅན། གཅིག་ཏུ་གཞན་ལ་ཕན་འདོགས་པར་ཞུགས་པ། སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ། ཙནྡན་དཀར་པོའི་ལྡེ་གུས་བྱུགས་ཤིང་མེ་ཏོག་གིས་མཛེས་པར་བརྒྱན་པ། ན་བཟའ་དཀར་པོ་དང ། མུ་ཏིག་གི་ཕྲེང་བས་ཐུགས་ཀ་མཛེས་པར་བྱས་པ། སྐུ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་གྱིས་བརྒྱན་པའི་སྐུ་ལས་ཡོངས་སུ་སྤྲོས་པའི་འོད་ཟེར་སྟོང་གིས་མཐའ་ཡས་ཤིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ། ལོ་བཅུ་གཉིས་ཀྱི་ན་ཚོད་དུ་འཁྲུངས་པའི་སྐུ་ཅན། ངག་གི་དབང་ཕྱུག་ཆེན་
463a
༄#། །པོར་བདག་ཉིད་བསམ་པར་བྱའོ། །མདུན་དུ་ཤེས་རབ་མ་དང ། གཡས་སུ་ཡིད་གཞུངས་མ་དང ། རྒྱབ་ཏུ་བློ་ལྡན་མ་དང ། གཡོན་དུ་དྲན་པ་མ་གོང་དུ་སྨོས་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པའི་ལྷ་མོར་བསམས་པར་བྱའོ། །དེའི་འོག་ཏུ་ལྟེ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨོཾ་མདོག་དཀར་པོའི་རྣམ་པར་བསམས་ལ། དེ་ལས་བྱུང་བའི་ངག་གི་དབང་ཕྱུག་གི་རང་བཞིན་མ་ལུས་པའི་ཕྲེང་བ་རྒྱུན་མི་འཆད་པར་འབྱུང་བར་རྣམ་པར་བསམ་ཞིང་གཅིག་པུ་དེར་ཕྱོགས་པའི་ཡིད་ཅན་གྱི་སྔགས་པས་བདག་ཉིད་རང་གི་ལྟེ་བའི་དབུས་ན་གནས་པའི་མི་སྨྲ་བས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་དབྱངས་ཅན་གྱི་ངག་རབ་ཏུ་ཐོབ་པར་འགྱུར་ཞིང ། ཟླ་བ་གསུམ་གྱིས་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུར་རོ། །ཟླ་བ་དྲུག་གིས་དབྱངས་ཅན་དང་ངག་མཉམ་པར་འགྱུར་རོ། །ར་ཡི་འོ་མ་ཨ་རུ་ཚ་བ་གསུམ། །པ་ཐ་ཤུ་དག་སེ་གྲུ་སེན་དྷ་པ། །ལན་བདུན་མངོན་པར་སྔགས་པའི་མར་དག་ནི། །འཐུངས་ན་དབྱངས་ཅན་འགྲུབ་པར་འགྱུར་པ་ཡིན། །ར་ཡི་འོ་མ་བྲེ་བཞི་དང ། །སྨན་རྣམས་སྲང་གཅིག་ཙམ་གྱི་ཚད། །མར་བྲེ་གང་དང་མཁས་པ་ཡིས། །རིམ་གྱིས་མེ་ཆུ་ལ་བསྐོལ་
463b
བྱ། །ཟླ་གཅིག་ཙམ་ཞིག་ལོངས་སྤྱད་ན། །བླ་མེད་ཚིག་ནི་ཐོབ་འགྱུར་ཞིང ། །ཟླ་དྲུག་ཉེ་བར་ལོངས་སྤྱད་པས། །ངག་གི་དབང་ཕྱུག་མངོན་སུམ་འགྱུར། །ཤུ་དག་ཤིང་མངར་སེན་དྷ་པ། ། རུ་བཅའ་ལྒ་ལ་ལ་ཕུད། །རུ་རྟ་པི་པི་ཟི་རར་བཅས། །རྣམ་བཏགས་དག་ནི་དག་པར་བྱེད། །ལྷ་ལ་མེ་ཏོག་དྲི་བཟང་སོགས། །ནང་པར་ཡང་དག་མཆོད་ནས་ནི། །ལན་བདུན་སྔགས་བྱས་ཟོས་ན་ནི། །ཟླ་བ་དྲུག་གིས་ཐོས་འཛིན་བྱེད། །ཟླ་བ་གསུམ་གྱིས་ཚིག་བདག་འགྱུར། །ཟླ་བ་གཅིག་གིས་བློ་ལྡན་ཞིང ། །ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ། །དབྱངས་སྙན་པ་ནི་སྐྱེ་བར་འགྱུར། །གངས་ཅན་སྐྱེས་པའི་ཨ་རུ་འམ། གངས་ཅན་སྐྱེས་པའི་ཤུ་དག་ལ། །ཐོ་རངས་ལན་བདུན་མངོན་སྔགས་ནས། །ཟླ་གཅིག་ཟོས་ན་ཟླ་དེ་ལ། །ཚིག་གི་བདག་དང་ཡིད་གཞུངས་དང ། །དབྱངས་ཅན་ཤེས་རབ་ལྡན་པ་ཡང ། །སྐྱེ་བར་འགྱུར་ཞིང་ཟླ་དྲུག་གིས། །ཐོས་པ་འཛིན་པར་ཡང་འགྱུར་རོ། །ོཾ་བཱ་གྲཱ་དི་ནི། །བཱ་ཙརྨ་ནི་ཡཙྪ་པ་ར་སཝ་ཏཱི་མཧཱ་ཤཝེ་ཏེ་སཝཱཧཱ། པདྨ་ལས་སྐྱེས་པའི་དཀར་མོ་ཆེན་མོའི་སྙིང་པོ་འདི་ནི་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ོཾ་ཨརྐ་མཱ་ལི་ནི། ཀི་ཎི་ཀི་ཎི། ཁི་ཎི་ཁི་ནི་སཝཱཧཱ། བཅོམ་ལྡན་འདས་དཔའ་བོ་གཅིག་པུ་གྲུབ་པ་གསུང་གི་རང་བཞིན་མ་ལུས་པའི་
464a
༄#། །པོ་ཏི་བསྣམས་པ། ཕྱག་གཡས་པ་ཤེས་རབ་ཀྱི་རལ་གྲི་འཕྱར་བ། གཞོན་ནུའི་གཟུགས་ཅན་འཇམ་པའི་རྡོ་རྗེར་བདག་ཉིད་བསམས་ལ། མདུན་དུ་ཉི་མའི་ཕྲེང་བ་དབྱངས་ཅན་མོ་དང ། རྒྱབ་ཏུ་དཔལ་ཆེན་མོ་དང ། གཡས་སུ་སྐྲ་ཅན་མ་དང ། གཡོན་དུ་ཉེ་བའི་སྐྲ་ཅན་མ་རྣམ་པར་བསམ་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟར་དཀར་བ་རབ་ཏུ་བསྒོམ་པར་བྱའོ། །དེ་ལྟར་བསྒོམས་པ་ལ་གནས་ཤིང་ངེས་པར་གནས་པས་ཅི་འབྱོར་པའི་མཆོད་པ་བྱས་ཏེ་སྔོན་དུ་བསྟན་པའི་ཆོ་གས་སྔགས་འདི་གོང་དུ་སྨོས་པའི་རིམ་པས་འབུམ་ཕྲག་བཞི་བཟླས་ལ་དེ་ནས་དབྱངས་ཅན་གྱི་མར་རམ། བྲཧྨའི་མར་སྲང་གཅིག་ཙམ་ལ་ཡོངས་སུ་བཟླས་ཏེ་བདག་ཉིད་ལ་དབྱངས་ཅན་གྱི་ཕྱག་གིས་རབ་ཏུ་སྩོལ་བར་ཡོངས་སུ་རྟོག་ཅིང་ཏིང་འཛིན་ལ་གནས་པར་བྱ་ཞིང་བཏུང་བར་བྱའོ། །དེ་ལ་བྲཧྨའི་མར་འདི་ནི། །བྲཧྨའི་ཁུ་བ་འོ་མ་དང ། །མར་སྲད་སུམ་ཅུ་རྩ་གཉིས་དང ། །ཡུང་བ་དང་ནི་མ་ལ་ཏི། །དུར་བྱིད་ཨ་རུ་རར་བཅས་པ། །དེ་དག་ཆ་ནི་སྲང་རེ་དང ། །པི་པི་ལིང་དང་བྱི་དང་ཀ། སེན་དྷ་བི་དང་ཁ་རང་བཅས། །དེ་དག་སྲང་གི་བཞི་ཆར་ཤེས། །སྨན་རྣམས་དག་ནི་བཏགས་ནས་ཀྱང ། །དེ་ལ་འདི་དག་
464b
བླུགས་བྱས་ལ། །དེ་དག་ཐམས་ཅད་ཆ་མཉམ་པ། །མེ་ཆུང་ངུ་ལ་དེ་བསྐོལ་བྱ། །དེ་ནས་འཐུངས་པ་ཙམ་གྱིས་ནི། །བླ་མེད་ངག་ནི་དག་འགྱུར་དང ། །མཚན་བདུན་ཉེ་བར་ལོངས་སྤྱད་པས། །མིའམ་ཅི་དང་སྐད་མཚུངས་འགྱུར། །ཟླ་གསུམ་ཉ་བར་ལོངས་སྤྱོད་པས། །མི་ནི་ཤེས་རབ་གནས་སུ་འགྱུར། །ཟླ་གསུམ་རབ་ཏུ་སྦྱོར་བ་ཡིས། །ཐོས་པ་མཆོག་ནི་འཛིན་པར་འགྱུར། །ཟླ་བ་དྲུག་གིས་མངོན་སུམ་དུ། །མི་ནི་ངག་དབང་མཚུངས་པར་འགྱུར། །མཛེ་ནད་བཅོ་བརྒྱད་དག་དང་ནི། །ཟ་བྱེད་ཆེན་པོ་བདུན་འཇོམས་བྱེད། །ོཾ་ཨ་ནནྟ་ཛྙཱ་ན་ཤྲཱི་ཡེ། མཉྫུ་ཤྲི་ཡེ་ན་མཿ ། གོང་དུ་སྨོས་པའི་ལྷ་མོ་བཞིས་བསྐོར་བའི་ངག་གི་དབང་ཕྱུག་ཏུ་བདག་ཉིད་བསམས་ལ་སྔར་བཤད་པའི་རིམ་པས་སྔགས་བཟླས་པ་བྱས་ན་གོང་དུ་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ོཾ་ཨ་ར་པ་ཙ་ན་དྷཱིཿ ་སཝཱཧཱ། དབེན་པར་དཀྱིལ་འཁོར་བྱས་ཏེ་བཅོམ་ལྡན་འདས་ངག་གི་དབང་ཕྱུག་དང ། བླ་མ་རྗེ་བཙུན་ཡང་དག་པར་མཆོད་དེ། བདེ་བའི་སྟན་ལ་འདུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །ོཾ་སཝ་བྷཱ་བ་ཤུདྡྷཿ ་སརྦ་དྷརྨ་སཝ་བྷཱ་བ་ཤུད་དྷོཉཧཾ། ཞེས་བྱ་བའི་སྔགས་ལན་གསུམ་གྱི་བར་དུ་བརྗོད་དེ། བདག་དང ། འཇིག་རྟེན་རང་བཞིན་གྱིས་རྣམ་པར་དག་པར་བསམས་ལ་སྟོང་པ་ཉིད་མངོན་སུམ་དུ་བྱས་ནས། པདྨ་དཀར་
465a
༄#། །པོའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པ། སྐུ་མདོག་དཀར་པོ་རལ་གྲི་དང ། པོ་ཏི་བསྣམས་པར་བདག་ཉིད་ཡུད་ཙམ་གྱེས་ཡོངས་སུ་གྲུབ་པར་རྣམ་པར་བསམས་ལ། ངག་གི་དབང་ཕྱུག་བདག་ཉིད་ཀྱི་གཡས་སུ་སྐྲ་ཅན་དང ། གཡོན་དུ་ཉེ་བའི་སྐྲ་ཅན་མ་རིན་པོ་ཆེའི་པདྨ་བསྣམས་པ།་སྐུ་མདོག་དཀར་མོར་རྣམ་པར་བསམ་མོ། །མདུན་དུ་ཉི་མའི་འོད་སྐུ་མདོག་དཀར་མོ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ། ཨུཏྤ་ལ་བསྣམས་པ་དང ། རྒྱབ་ཏུ་ཟླ་འོད་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ཨུཏྤལ་བསྣམས་པ་རྣམ་པར་བསམ་པར་བྱའོ། །དེ་ནས་རང་གི་སྙིང་ལ་འབར་བའི་ཕྲེང་བའི་ཚོགས་ཡོངས་སུ་འཕྲོ་བའི་ཡི་གེ་ཨ་ཡོངས་སུ་བསམས་ལ། དེ་ཡོངས་སུ་གྱུར་བའི་འཁོར་ལོ་རྩིབས་བརྒྱད་པ། ངག་གི་རང་བཞིན་མ་ལུས་པས་རྣམ་པར་སྤྲས་པ། ཡོངས་སུ་གསལ་བར་བྱེད་པ། མྱུར་དུ་འཁོར་བར་བསམ་པར་བྱའོ། །དེ་ལྟར་གོམས་པར་བྱས་པ་ལས་ཟླ་བ་དྲུག་གིས་སྔོན་མ་ཐོས་པའི་བསྟན་བཅོས་ཐམས་ཅད་ཀྱང་དོན་དང ། གཞུང་གི་སྒོ་ནས་མངོན་སུམ་དུ་འགྱུར་ཞིང་ལེ་གཅིག་གིས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། ། ར་པ་ཙ་ནའི་འཁོར་ལོའི་
465b
ཆོ་གའོ། །ོཾ་བཱ་གཱི་ཤཝ་རི་མུཾ། སྔགས་འདི་སྔ་མ་བཞིན་དུ་བཟླས་པས་གོང་དུ་སྨོས་པའི་འབྲས་བུ་རྣམས་འབྱིན་པར་འགྱུར་ཏེ། འཁོར་ལོའི་དབུས་སུ་ཡི་གེ་མུཾ་དམར་པོ་འབར་བའི་ཕྲེང་བའི་ཚོགས་ཅན་བལྟ་བར་བྱའོ། །ཤེས་རབ་ཀྱི་འཁོར་ལོའི་ཆོ་གའོ། །ོཾ་དྷརྨ་དྷཱ་ཏུ། བཱ་གཱི་ཤཝ་ར་མུཾ་སཝཱཧཱ། སྔར་བཤད་པའི་རིམ་པས་ལྔ་པོའི་བདག་ཉིད་དུ་བསམས་ལ་ཡི་གེ་མུཾ་གྱི་སྙིང་པོ་ཅན་གྱི་འཁོར་ལོ་རྩིབས་བཅུ་དྲུག་པ་རྣམ་པར་བསམ་པར་བྱའོ། །དེ་ལྟར་རྣམ་པར་བསམས་ན་སྔར་བཤད་པའི་འབྲས་བུ་རྣམས་སྐྱེད་པར་འགྱུར་རོ། །ོཾ་བཛྲ་ཏཱི་ཀྵྞ་བ་ར་ད་མུཿ སཝཱཧཱ། བདག་ཉིད་ཡི་གེ་མུཾ་ཡོངས་སུ་གྱུར་པ་ལས་མེའི་ཕུང་པོ་ལྟ་བུས་ཕྱོགས་ཀྱི་དཀྱིལ་འཁོར་སྣང་བར་བྱེད་པ། ངག་གི་དབང་ཕྱུག་དཔའ་བོ་གཅིག་པུ་གྲུབ་པར་ཡུད་ཙམ་རྣམ་པར་བསམས་ལ། རང་གི་སྙིང་གར་ཡི་གེ་ཨོཾ་ལས་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་བརྒྱ་སྟོང་གིས་རྣམ་པར་སྤྲས་པས་འཇིག་རྟེན་གྱི་ཁམས་མ་ལུས་པ་སྣང་བར་བྱེད་པ་རྣམ་པར་བསམས་པར་བྱས་ནས་ཟླ་བ་དྲུག་ཙམ་གྱིས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་ཞིང་སྔར་སྨོས་པའི་འབྲས་བུ་རྣམས་འདིས་སྐྱེད་པར་འགྱུར་རོ། །དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེ་དུ་གསུམ་
466a
༄#། །པ་རྫོགས་སོ།། །།ལ་བཱ་ཎཱཾ་བྷ་སཱོ་ཤི་ཏཱི་ཀྵྞོ་སི་ཨུ་ད་གྲོ་སི་བྷ་ཡཾ་ཀ་རཿ ། ཨ་མུ་ཀ་སྱ། ད་ཧ་གཱ་ཏྲཱ་ཎི། ད་ཧ་མཱ་སཾ། ད་ཧ་ཏྭ་ཙན་ན་ཁཱ་ན་ནྱ་བི་ད་ཧ་སྠི་ནི་ཨ་སྠཱི་ནི་བྷྱོ་མ་ཛྫ་ཀ་ད་ཧ། ལ་བཱ་ཎཾ། ཙྪིན་ད་ཏི། ལ་བཱ་ཎཾ་བྷི་ན་དེ་ཏི། ལ་བ་ཎཾ་བ་ཙ་ཏི། ཤཝ་ཎི་ཏཾ་ལ་བ་ཎེ་ཧྲཱི་ཡ་མཱ་ནེ་ཀུ་ཏོ་ནི་ད་ཀུ་དོར་ཏིཿ ་ཡ་དི་བ་ས་ཏི་ཡོ་ཛ་ན་ཤཱ་ཏེ། ནན་དཱི་ནཱཾ་ཙ་ཤ་ཏནྟ་རེ་ན་ག་རེ་ལོ་ཧ་པྲ་ཀཱ་རེ་ཀྲྀཥྞ་སརྦ་ཀྲྀ་ཏཱ་ཀུ་ལེ་ཏ་ཏྲེ་བ་བ་སམཱ་ནི་ཧིལ་བ་ཎ་བནྡྷ་སུ་ར་སྐྲྀ་ཏཿ ། ཨོཾ་ཙི་ཙི་ཙི་ཙི་བི་ཀློ་ལི་བི་ཀློ་ལི་ཨ་མུ་ཀཾ་ས་དྷ་ན་པ་རི་པཱ་རཾ་མེ་བས་མཱ་ན་ཡ་སཝཱཧཱ། སྡེན་དུ་བསྙེན་པའི་ཆོ་ག་ཁྲི་བྱས་ལ་དེའི་འོག་ཏུ་བསྒྲུབ་པ་བརྩམ་པར་བྱ་སྟེ། མེ་ཏོག་དང་ལྡན་པའི་ཤིད་མྱ་ངན་མེད་པའི་རྩ་བར་བཞུགས་པའི་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ། ཕྲེང་བ་དང ། ན་བཟའ་དམར་པོའི་རྒྱན་གྱིས་རྗེས་སུ་བྱུགས་པ། ཕྱག་བཞི་ཞགས་པ་དང ། ལྕགས་ཀྱུ་དང ། གཞུ་དང ། མདའ་བསྣམས་པ། སྒེག་པའི་ཆ་ལུགས་ཅན། གཡས་དང ། གཡོན་གཉིས་ན་སྒྲོལ་མ་དང ། ཁྲོ་གཉེར་ཅན་གཉིས་དང་བཅས་པར་བདག་ཉིད་རྣམ་པར་བསམས་ལ། དུས་གསུམ་དུ་ཚཝའི་སྦྱིན་སྲེག་བརྒྱ་རྩ་བརྒྱད་བྱས་ན་ཉི་མ་བདུན་གྱིས་སྐྱེས་པའམ། བུད་མེད་དབང་དུ་འགྱུར་རོ། །
466b
ཞག་ཉེ་ཤུ་རྩ་གཅིག་གིས་སྐྱེས་བུ་ཆེན་པོ་དབང་དུ་འགྱུར་རོ། །ཚཝ་དང་བཅས་པའི་སྤྲ་ཚིལ་གྱིས་བསྒྲུབ་པར་བྱ་བའི་གཟུགས་སོར་བཞི་པའི་ཚད་དུ་བྱས་ལ། སེང་ལྡེང་གི་མེ་མདག་དུ་བ་མེད་པ་ལ་དུས་གསུམ་སྔགས་བརྗོད་པས་བསྲེས་ན་གང་གི་མིང་ནས་བཟུང་བ་དེ་དབང་དུ་འགྱུར་རོ། །རྡོ་རྗེའི་ཆུ་ལ་སོགས་པའི་ཚཝ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་སྦྱིན་པར་བྱ་ཞིང་ཟོས་པ་ཙམ་གྱིས་དབང་དུ་འགྱུར་རོ། །ོཾ་ལ་བ་ཎཱཾ་བྷོ་སི་ཏིཀྵྞོ་སི་ཨུ་ད་གྲོ་སི་ཧྲྀ་ད་ཡཾ་ག་མ་ཨ་མུ་ཀ་སྱ་ཧྲྀ་ད་ཡཾ། པི་ཏཾ་ནཱ་སྟི། ལོ་ཀེ་ཙི་ཀི་ཧ་ས་ཀཿ ། ཨོཾ་ཙི་ཊི་ཙི་ཊི། བི་ཀློ་ལི། བི་ཀློ་ལི། མཧཱ་བི་ཀློ་ལི། མཧཱ་ལོ་ལི་ཨ་མུ་ཀཾ་མེ་བ་ས་མཱ་ན་ཡ་སཝཱཧཱ། སྔོན་དུ་བསྙེན་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ལ་དུས་གསུམ་དུ་ཚ་ཆུ་ཁྱོར་གང་གི་མིང་དང་བཅས་འཐུངས་ན་དེ་དབང་དུ་འགྱུར་རོ། །ཚཝ་དང ། སྐེ་ཚེ་ཆ་མཉམ་པར་བྱས་པ་གང་གི་མིང་དང་བཅས་དེ་སྦྱིན་སྲེག་བྱས་ན་དེ་དབང་དུ་འགྱུར་རོ། །ོཾ་ཀུ་རུ་ཀུལླེ་སཝཱཧཱ། རྗེ་བཙུན་འཕགས་མ་སྒྲོལ་མའི་སྙིང་པོ་སྲིད་པ་གསུམ་དབང་དུ་བྱ་བའི་ལས་ཐོགས་པ་མེད་པར་འགུགས་པར་གྲགས་པ། སྔར་སྨོས་པའི་ཏིང་ངེ་འཛིན་ལ་གནས་ཏེ་ཡི་གེ་འབུམ་བཟླས་པ་བྱས་ལ་ཕྱིས་ཆེན་\?\་དང ། བདུག་པ་དང ། བྱུག་པ་དང ། ཕྱེ་མ་དང ། སོ་རྩི་ལ་སོགས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །
467a
༄#། །སྤོས་དྲི་ཞིམ་པོས་བདག་ཉིད་ལ་བདུགས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མེ་ཏོག་དམར་པོའི་སྦྱིན་སྲེག་གང་གི་མིང་དང་བྱས་པ་དེ་དབང་དུ་འགྱུར་རོ། །བཟའ་བ་དང ། བཏུང་བ་ལ་མངོན་པར་སྔགས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ཡུངས་ཀར་གྱི་སྦྱིན་སྲེག་བྱའོ། །ཕྱིས་ཚེས་གྲངས་དང ། རྒྱུ་སྐར་དང ། ཞག་བཟང་པོ་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། གྲོ་གའམ། གོས་ལ་གུར་གུམ་མམ། གི་ཝང་ངམ། ག་བུར་ལ་སོགས་པས་ཨུཏྤ་ལའི་འདབ་མ་ལྟ་བུའི་རྩིབས་བཅུ་དྲུག་པའི་འཁོར་ལོ་བྲིས་ལ། འཁོར་ལོའི་དབུས་སུ་སྒྲུབ་པ་པོ་དང ། བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་བྲི་བར་བྱའོ། །འདབ་མ་རྣམས་ལ་ཀུ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས་བརྟེན་པའི་དབུས་སུ་བསྒྲུབ་བྱ་གཅིག་པུའི་མིང་བྲི་བར་བྱའོ། །ཕྱི་རོལ་ནས་ཡི་གེ་ཨོཾ་རིམ་པ་གསུམ་དུ་བྱས་པའི་འཁོར་ལོ་ལ་སྐུད་པ་དམར་པོས་བཅིངས་ནས་སྤྲ་ཚིལ་གྱི་རང་བཞིན་ཅན་གྱི་གཟུགས་ཀྱི་སྙིང་གའི་དབུས་སུ་བཅུག་ལ་སེང་ལྡེང་གི་མེ་མདག་ལ་དུས་གསུམ་དུ་བསྲོས་ན་རྐང་པས་འགུགས་པར་བྱེད་དོ། །སྐྱེས་པའམ། བུད་མེད་དབང་དུ་བྱེད་ན་ཟངས་མའི་ཁབ་ཀྱིས་རྐང་པ་ཕུག་ལ་བསྲོས་
467b
པས་དབང་དུ་འགྱུར་རོ། །ཡི་གེ་ཡཾ་ལས་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཡོངས་སུ་བསམས་ལ། དེའི་སྟེང་དུ་ཡོངས་སུ་གནས་པའི་བསྒྲུབ་པར་བྱ་བ་སྐྲ་མ་བཅིངས་ཤིང་གཅེར་བུ་མགྲིན་པ་ཞགས་པས་བཅིངས་པ། སྙིང་ལ་ལྕགས་ཀྱུས་བསྣུན་པ། རླུང་གི་ཤུགས་ཅན་གྱི་རིག་སྔགས་ཀྱིས་ཐམས་ཅད་དྲངས་ཏེ་སྒྲུབ་པ་པོའི་རྐང་པའི་དྲུང་དུ་ལྷུང་ཞིང་བྱ་བ་ཐམས་ཅད་རྣམ་པར་བསམ་པར་བྱའོ། །གོམས་པར་བྱས་པས་ནམ་མཁའ་ལས་འདྲེན་པར་ཡང་བསྒོམས་པ་ཙམ་གྱིས་འགྱུར་རོ། །མར་དང་སྦྲང་རྩི། ཀ་ར་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ། དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་མངོན་པར་མཆོད་ཅིང་སྔགས་བཟླས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །པདྨ་དཀར་པོའི་སྡོང་བུ་བྱས་ལ་བ་སེར་སྐྱའི་མར་གྱིས། སོ་མ་བཏང་བའི་ཁམ་ཕོར་ལ་དུ་བ་ཆགས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པས་མིག་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དུར་ཁྲོད་དུ་ཀ་པཱ་ལ་ཆེན་པོ་ལ་པདྨ་དཀར་པོའི་སྡོང་བུ་དང ། སྣུམ་ཆེན་པོས་མར་ངོའི་ཚེས་བརྒྱད་དམ། བཅུ་བཞིའི་མཚན་མོ་དུ་བ་བསྒྲུབ་པར་བྱས་ལ། དེས་མིག་ལ་བསྐུས་ན་ཐམས་ཅད་དགའ་བར་འགྱུར་རོ། ། མ་ལེ། བི་མ་ལེ། ཀུ་མ་ཀུ་མེ། ས་མ་ཡེ་ན། བད་དྷོ་སི། བིན་དྭ་ན། ཨིཙྪ། ཨིཙྪ།
468a
༄#། །ཡཱ་དེ་བོ་བཪྵ་ཏི། བིདྷྱོ་ཏ་ཡ་ཏི། གརྫྫ་ཏི། གརྫྫ་ཏི། བིསྨ་ཡ་མཧཱ་རཱ་ཛ། ས་མཱ་དྷི་བརྡྷ་ཏ་ཡན་ཏུཾ། དེ་བེ་བྷྱོ། མ་ནུ་ཥེ་བྷྱོ། གན་དྷར་བྷེ་བྷྱོ། ཤི་ཁི་གྲ་ཧ་དེ་བ། ཨཱ་ནནྟ་སྱ། གྲ་ཧཱ་ཎི་ཡ། ཨ་ག་མ་ན་ཡ། ཀྲ་མ་ཎི་ཡཱ་ཛུ་ཧོ་མི་ཧ་སཝཱཧཱ། སྔགས་ཀྱི་རྒྱལ་པོ་འདིས་བསྙེན་པའི་ཆོ་ག་བྱས་ལ་ཁང་པའི་མདུན་གྱི་དབུས་སུ་བ་ལྕིས་བྱུགས་ལ་གྲུ་བཞིར་བྲེས་ཏེ་དཱུར་བའི་གཅལ་བཀྲམ་ནས་མེ་སྦར་ལ། ཨར་གའི་མེ་ཏོག་བརྒྱ་རྩ་བརྒྱད་བླངས་ལ་སྔགས་བཟླས་ཤིང་མེ་ཏོག་རེ་རེ་མེ་ལ་སྦྱིན་སྲེག་བྱས་ན་འདོད་པའི་སྐྱེས་པ་དང ། བུད་མེད་འགུགས་པར་འགྱུར་ཞེས་མཁས་པས་དེ་ལྟར་ཤེས་པར་བྱས་ལ་གུས་པར་བྱའོ། །དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་བཞི་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང ། ལོཙྪ་བ་དགེ་བའི་བློ་གྲོས་ཀྱིས་བསྒྱུར། དགེ་སློང་ཚུལ་ཁྲིམས་རྒྱལ་བས་གཏན་ལ་ཕབ་པ།།