rKTs


H587

(e-text produced by ACIP)

see text in transliteration
423a
རྒྱ་གར་སྐད་དུ། ཨཱརྱ་སརྦ་ཨ་བྷ་ཡ་པྲ་དཱ་ན་ནཱ་མ་དྷ་ར་ཎི། བོད་སྐད་དུ། འཕགས་པ་ཐམས་ཅད་ལ་མི་འཇིགས་པ་སྤྱིན་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་
423b
དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དྷ་ནས་ཡུལ་རྒྱུ་ཞིང་ཨ་མྲའི་ཚལ་དུ་གཤེགས་ཏེ་བྱོན་ནས་ཨ་མྲའི་ཚལ་ལུས་འཕགས་རིའི་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ལྷ་མ་ཡིན་རྣམས་ནི། རབ་ཏུ་གནོད་པར་བགྱིད་པ་སྟེ། བཅོམ་ལྡན་འདས། ལྷ་མ་ཡིན་རྣམས་ནི། བདག་ལ་ཡུན་རིང་པོར་ཕྱིར་རྒོལ་བའི་དགྲ་ལགས་ན། དེ་ལས་བཅོམ་ལྡན་འདས་ཀྱིས་བདག་ལ་ཆོས་བསྟན་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷའི་དབང་པོ་བརྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ། ཁྱོད་ཀྱིས་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་རིག་སྔགས་དོན་ཐམས་ཅད་བྱེད་པ། འཇིགས་པ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ།་དུག་ཐམས་ཅད་འཇིལ་བ། མཚོན་ཐམས་ཅད་རེངས་པར་བྱེད་པ། རྐང་མེད་དང ། རྐང་གཉིས་དང ། རྐང་བཞི་པ་ཐམས་ཅད་རེངས་པར་བྱེད་པ། དགྲ་ཐམས་ཅད་
424a
༄#། །ཕུང་པར་བྱེད་པ། ལྷ་དང ། ནམ་མཁའ་ལྡིང་དང ། སྦྱིན་བྱེད་མའི་བུ་དང ། ཤ་ཟ་དང ། བརྗེད་བྱེད་དང ། སྨྱོ་བྱེད་དང ། བྲམ་ཟེའི་སྲིན་པོ་དང ། འབྱུང་པོ་དང ། རོ་ལངས་དང ། བྱའི་གདོན་དང ། སྲུལ་པོ་དང ། ནམ་གྲུ་དང ། གནོན་པོའི་གདན་དང ། གནོན་པོ་དང ། བརྗེད་བྱེད་ཀྱི་གདོན་དང ། ལྷའི་གདོན་དང ། ཀླུའི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། དྲི་ཟའི་གདོན་དང ། མི་འམ་ཅིའི་གདོན་དང ། ལོག་འདྲེན་གྱི་གདོན་དང ། མ་མོའི་གདོན་ཕུང་བར་བྱེད་པ། མདངས་འཕྲོག་པ་དང ། ཟས་སུ་ཕྲེང་བ་ཟ་བ་དང ། ཟས་སུ་སྤོས་ཟ་བ་དང ། ཟས་སུ་མེ་ཏོག་ཟ་བ་དང ། ཟས་སུ་བདུག་པ་ཟ་བ་དང ། ཟས་སུ་ཁྲག་འཐུང་བ་དང ། ཟས་སུ་རྣག་འཐུང་བ་དང ། ཟས་སུ་མི་གཙང་བ་ཟ་བ་རྣམས་དང ། ཟས་སུ་གཅིན་འཐུང་བ་རབ་ཏུ་ཕུང་བར་བྱེད་པ། རིམས་ནད་ཐམས་ཅད་དང ། རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། བད་ཀན་ལས་གྱུར་པ་དང ། འདུས་པ་ལས་གྱུར་པ་དང ། འགྲོ་བ་དྲག་ཤུལ་སྤྱོད་པ་རབ་ཏུ་འཇིགས་པར་བྱེད་པ། འཐབ་པ་དང ། རྩོད་པ་དང ། འགྱེད་པ་དང ། མཚང་འདྲུ་བ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པ་འདི་ཟུངས་ཤིག་དང ། ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་རིག་སྔགས་བཤད་པར་བྱའོ། །ཏདྱ་ཐཱ། ཨ་ཌེ་མ་ཌེ་པྲ་མ་
424b
ཌེ།་པྲ་མེ་དི་རི། གོ་ལ་མེ། པོ་ལེ་པོ་ལེ། མོཊྚེ་མོ་ཏ། བཊྚེ། བ་རཊྚེ། ཁ་ར་ཎེ། ག་ཎ་ག་ཎེ། ག་ཎ་པྲ་ག་ཎེ། མོ་ཎེ། པྲ་ཏི་མོ་ཎེ། ཀཱ་ལི་པྲ་ཀཱ་ལི་ཙཎྜ། མ་ཧཱ་ཙཎྜེ། པྲ་ཏི་ཙཎྜེ། བེ་གེ་ཨ་ཏི་བེ་གེ་།སོ་ན། གོ་ན། མོ་ཧཱ། པྲ་མོ་ཧཱ། བྲ་མ་ཊ། ནཱ་ཤ་ནི། པྲ་ནཱ་ད་ཤ་ནི། དྷ་བ་ནི། པྲ་དྷ་བ་ནི། བ་ལ་ག་ནི། པྲ་བ་ལ་ག་ནི། ནརྀ་ཏྱེ་ནི། པྲ་ནི་ཏྱ་ནི། ཀྲོ་དྷ་ནི། པྲ་ཏི་ཀྲོ་དྷ་ནི། ཧ་ན་ཧ་ན། བི་ཧ་ན་བི་ཧ་ན། སརྦ་དུ་ཥྚ་པྲ་དུཥྚཾ་ནཱ་ཤ་ཡ། སརྦ་ཨ་བྷ་ཡ་པྲ་དེ། བདག་འཁྲོ་དང་བཅས་པ་འཇིགས་པ་ཐམས་ཅད་དང ། གནོད་པ་ཐམས་ཅད་དང ། ནད་འགོ་བ་ཐམས་ཅད་ལས་སྲུངས་ཤིག། སྲུངས་ཤིག་།གནས་འདིར་བདག་གི་དོན་ཐམས་ཅད་འགྲུབ་པར་གྱུར་ཅིག། དེ་ལྟ་བས་ན། ཁི་དི་ཁི་དི། ཙུམ་བྷེ། སརྦ་སིདྡྷི་ཧི་དེ་ར་ཏེ། ན་མཿ ་སརྦ་བུདྡྷ་ནཱན་སཝཱཧཱ། ལྷའི་དབང་པོ། ཐམས་ཅད་ལ་མི་འཇིགས་པ་སྦྱིན་པའི་རིག་སྔགས་ཚིག་བཞི་བཅུ་རྩ་གཅིག་པོ་འདི་སྐུད་པ་ལ་མདུད་དེ་བཅིངས་སམ། སྐྲ་ལ་མདུད་པ་པོར་ར་མ།་བཟླས་བརྗོད་བྱས་སམ། ཡུངས་ཀར་རམ། གི་ཝང་ལ་ལན་གཅིག་བསྔགས་ཏེ་བསྐུས་སམ། གོ་ཆ་ལ་བསྔགས་ན། མཚོན་གྱིས་མི་ཚུགས། དུག་གིས་མ་ཡིན། རིམས་ནད་ཀྱིས་མ་ཡིན། ཉིན་གཅིག་པས་མ་ཡིན། ཉིན་གཉིས་པས་མ་ཡིན། ཉིན་གསུམ་པས་མ་ཡིན། ཉིན་བཞི་པས་མ་ཡིན། མེས་མ་ཡིན། གསང་སྔགས་ཀྱིས་མ་ཡིན།
425a
༄#། །རོ་ལངས་ཀྱིས་མ་ཡིན། དུག་གིས་མ་ཡིན། ནད་ཀྱིས་མ་ཡིན་ཏེ། ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིག་སྔགས་དང ། གསང་སྔགས་སྦྱོར་བ་སྒྲུབ་པ་ཐམས་ཅད་སྦྱོར་བ་རྣམས་ཀྱིས་མ་གྲུབ་པ་རྣམས་གྲུབ་པར་བྱེད་དོ། །སྦྱར་ཏེ་གྲུབ་པ་རྣམས་གཞན་གྱིས་མི་ཚུགས་པར་བྱེད་དོ། །ཕ་རོལ་གྱིས་བཅིངས་པ་ལས་གྲོལ་བར་བྱེད་དོ། །གཞན་གྱིས་རིག་སྔགས་གཅོད་པར་བྱེད་དོ། །བདག་གི་རིག་སྔགས་འཕེལ་བར་བྱེད་དོ། །གདོན་ཐམས་ཅད་ཕུང་བར་བྱེད་དོ། །གདོན་གང་གིས་མི་གཏོང་ན་ཡང ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷའི་དབང་པོ་བརྒྱ་བྱིན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བནྡྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་བཅད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།