rKTs


H635

(e-text produced by ACIP)

see text in transliteration
192b
རྒྱ་གར་སྐད་དུ། ཨཱརྱ་ཤྲཱི་མ་ཧཱ་ཀཱ་ལ་ནཱ་མ་དྷཱ་ར་ནཱི། བོད་སྐད་དུ། འཕགས་པ་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་གདན་ལ་བདུད་བཏུལ་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པ་ཞིག་ན་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་སོ། །བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ལྷའི་སྡེ་དཔོན་ཆེན་པོའི་ཚོགས་ཀྱི་བདག་པོ་མ་ཧཱ་ཀཱ་ལ་འདོད་ཁམས་ཀྱི་དབང་ཕྱུག་ལ་དབང་བསྒྱུར་བ། དཔལ་མགོན་པོ་ནག་པོ་ཆེན་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་སྟེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གི་རིག་པ་འབུལ་གྱི་བཞེས་སུ་གསོལ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གཱ་ན་གུ་ཏི་སཝཱ་ཧཱ། ན་མཿ ་ཤྲཱི་མ་ཧཱ་ཀཱ་ལ་གཱ་ནེ་གུ་ཏི་ཤཱ་ཡཱ། ན་མོ་ཡོ་གི་ན་ཎི་ན། ཏདྱ་ཐཱ། ཨོཾ་ཧི་ལེ་ཧི་ལེ། ཀི་ཏེ་ཀི་ཏེ་ནི། ཙི་དེ་ཙི་དེ་ནི་སཝཱ་ཧཱ། ནད་ཐམས་ཅད་དང ། རིམས་ཐམས་ཅད་དང ། གདོན་ཐམས་ཅད་དང ། མི་ངས་ཐམས་ཅད་དང ། འབྱུང་པོ་ཐམས་ཅད་དང ། ཉེས་པར་བསྒོམས་པ་ཐམས་ཅད་དང ། ཉེས་པར་བལྟས་པ་རྣམས་སྟེང་དུ་གཞན་འཕྲུལ་དབང་བྱེད་ལ་ཐུག་པ་
193a
༄#། །མན་ཆད་བཅིང་ངོ ། །འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་ངོ ། །ཐད་ཀ་ཁོ་ར་ཁོར་ཡུག་ཏུ་ནི་རི་ལ་ཐུག་པ་ཚུན་ཆད་བཅིང་ངོ ། ། གཞན་ཡང་འདི་བཏོན་པས་གཙུག་ལག་ཁང་དང ། དཀྱིལ་འཁོར་གྱི་སྲུང་མ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང ། རྣལ་འབྱོར་ཀུན་གྱི་དགྲ་བླ། བདུད་འདུལ་རྣམས་ཀྱི་དབང་ཕྱུག་།སྲིན་པོ་ལངྐ་པུ་རིའི་གྲོང་ཁྱེར་གཏན་ནས་རློག་པ། གནོད་སྦྱིན་གྱི་བུ་མོ་ནམ་མཁའི་གློག་མ་སྤྲིན་རྡུལ་དུ་རློག་པ། ལྷ་མ་ཡིན་གྱི་བུ་མོ་ནམ་མཁའི་གློག་མ་སྙིང་རྡུལ་དུ་རློག་པ། དཀོན་མཆོག་གསུམ་གྱིས་བསྟན་པ་སྲུང་བར་ཁས་བླངས་ཤིང་དམ་བཅས་པའོ། །འཕགས་པ་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།