rKTs


J643

(e-text produced by ADARSHA)

see text in transliteration
98.148a
༄#། །རྒྱ་གར་སྐད་དུ། ་་ཨཱརྱ་མཉྫུ་ཤྲཱི་ཀུ་མཱ་ར་བྷཱུ་ཏཱཥྚོཏྟ་ར་ཤ་ཏ་ཀ་ནཱ་མ་དྷཱ་ར་ཎཱི་མནྟྲ་ས་ཧི་ཏ། ་བོད་སྐད་དུ། ་འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ། ཕྱོགས་བཅུའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤེས་བྱ་མཐའ་དག་མ་ལུས་པར་ཁྱབ་ཅིང་མཆོག་ཏུ་རྨད་དུ་བྱུང་བ་རྣམ་པར་དག་པའི་བློ་མངའ་བ་རྣམས་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ཐུགས་དྲི་མ་དང་སྐྱོན་ཐམས་ཅད་དང་བྲལ་བ། ཡོན་ཏན་དྲི་མ་མེད་པའི་ཚོགས་གྱི་འོད་ཟེར་གྱིས་བརྒྱན་པའི་སྐུ། ཞབས་རྟེན་གྱི་པད་མ་ལ་ལྷ་དང ། མི་དང ། ལྷ་མ་ཡིན་དང ། ཀླུ་དང ། རིག་སྔགས་འཆང་རྣམས་ཀྱི་ཐོར་ཙུགས་དང་ཅོད་པན་གྱི་རྩེ་མོས་བསྡུགས
98.148b
པ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས་ངན་སོང་གིས་འགྲོ་བ་སྣ་ཚོགས་རྣམ་པར་འཇོམས་པ་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་བྷོ་མ་ཧཱ་མ་ཎི་རུ་ཙི་ར་ཀ་ལཱ་པ་བི་རྩི་ཏྲ། མུག་ཏ་དཱ་མ། ཨ་ལཾ་ཀྲྀ་ཏ་ཤ་རི་ར། པ་ར་སཏྭ་མོ་ཙ་ཀ་།ཏ་ཐཱ་ག་ཏ་མ་ཧཱ་དྷརྨ་ཀོ་ཥ་དྷ་ར། པྲ་བར་དྷརྨ་ལ་བྷ། བི་ཛ་ཡ་སུ་ར་ཏ། སཾ་བྷོ་ག་ཨུ་པ་དེ་ཤ་ཀ་།ཀླེ་ཤ་ག་ར་པྲ་ཤ་མ་ཀ་།ཤཱུནྱ་ཏཱ་སཝ་བྷ་བ། ཨ་ནུ་སཝ་རི། མ་ཧཱ་བོ་དྷི་སཏྭ་བ་ར། བ་ར་ཏ། བ་ར་ཎ་ད་ད། ཨོཾ་མ་ཧཱ་པཱ་ཤ་པྲ་ས་ར། ཨ་ས་མ་ས་མ། ཨ་ནན་ཏ་ས་མ། ས་མན་ཏ་བྷ་དྲ། ས་མན་ཏ་སན་དྷ་ར། ས་མན་ཏ་ཨ་ཀ་ར། ས་མན་ཏ་པྲ་ས་ར། ས་ར་ས་ར། ཧེ་ཧེ། མཉྫུ་ར་བ། མ་ཧཱ་བཛྲ་ཁཌ་ག་ཙྪིནྡ་ཙྪིནྡ། བྷིནྡ་བྷིནྡ། བི་ར་ཛ་བི་ར་ཛ། ཀརྨ་ཨ་བ་ག་མ་ཀ་།ཀུ་རུ་ཀུ་རུ། ཧཱུ་རུ་ཧཱུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ། དྷ་དྷུ་དྷ་དྷུ། དྷུ་དྷུ་དྷུ་དྷུ། མ་ཧཱ་མ་ཧཱ་མ་ཧཱ་མ་ཧཱ། མོ་ཧ་ཡ་མོ་ཧ་ཡ། བྷོ་བྷོ། བྷི་མ་བྷི་མ། ནཱ་ད་ནཱ་ད། ས་ར་ས་ར། མ་ཧཱུ་བི་དྷི་ས་ཏྭ། མོ་ཙ་ཡ། མ་མ་ནཱ་ཐ། མ་ནུ་སྲི་ཏ། ཨ་པཱ་ཡ་དུཿ ཁཾ། སུ་ཀ་ད། མ་ཧཱ་ཀ་རུ་ཎྀ་ཀཱ། ཨ་ནཱ་ཐོ་ཧཾ། དུཿ ཁི་ཏོ་ཧཾ། ས་ར་ཛོ་ཧཾ། ཨུ་པ་དྲུ་ཏོ་ཧཾ། ཨ་བི་བིག་ཏོ་ཧཾ། ཀུ་སི་དྷོ་ཧཾ། མཱ་ར་ན་དྷརྨོ་ཧཾ། ཏྭ་ན་བྷ་ག་བཱཾ། དུཿ ཁི་ཏ་ནཱཾ། སུ་ཁན་ད་ད། ཨ་ནཱ་ཐ་ནཱཾ། ས་ནཱ་ཐཱ་ཀ་ར། ས་ར་ཛ་སཾ། བི་ར་ཛ་སྐ་ར། ཨུད་པད་དྲུ་ཏཱ་མཱཾ། སཝ་ར་ཨུ་པ་དྲ་བ་པྲ་ཤ་མ་ཀ་། བི་བི་ཀ་ཏ་ནཱཾ། ཀུ་ཤ་ལ་སཾ་བྷ་ར། པ་རི་པཱུ་ར་ཡི་ཏཱ། ཀུ་སི་ད་ནཱཾ། མ་ཧཱ་བིརྱ་དྷ་ཏཱ། མཱ་ར་ཎ་དྷརྨེ་ཎ། མ་མ་ཏི་པ་དཱ་དཱ་ཏཱ། མ་མ་བི་བྷ་ག་བཱན། ནཱ་ཐོ་བྷ་བ། ཤ་ར་ནཱཾ། པ་ར་ཡ་ནཱཾ། ཏྲ་ཏཱ། སརྦ་དུཿ ཁཱ་ནི་མེ་པྲ་ཤ་མ་ཡ། སརྦ་ཀླ་ཤ་རཱ་ཛཱོཾ་སི་མི། ཨ་བ་ན་ཡ། སརྦ་སན་ས་ར་ཨུ་པ་དྲ་བ། དུཿ ཁ་ནི་མེ་ནཱ་ཤ་ཡ། སརྦཾ་ཀུ་ཤ་ལ་དྷརྨ་པ་རི་པཱུ་ར་མེ་ཀུ་རུ། སརྦ་ཀརྨ་ཨ་བ་ར་ཎ། ཀླེ་ཤ་པ་ར་བ་ཏ་མེ་བི་ཀི་ར། མཱ་ཧཱ་བོ་དྷི་སཏྭ་སི་བི་དྷི། བཱིརྱ་པཱ་ར་མི་ཏཱ། ཡོ་གོཾ་མེ་སན་ནི་ཡོ་ཛ་ཡ། ཨ་ར་ཎ་དྷརྨ། བི་ར་ཀ་བི་ར་ཛ། སན་ཛ་ཧ། པྲ་ཛ་ཧ། དྷ་ར་ཎི་ས་མ། ཁ་ས་མ། ཛ་ལ་ནི་དྷ་ས་མ། མེ་རུ་ས་མ། མ་ཧཱ་བོ་དྷི་ས་ཏྭ་པ་ར་ད་སཝཱ་ཧཱ། རིག་སྔགས་དོན་ཀུན་བསྒྲུབ་པ་འདི། །འཇམ་པའི
98.149a
དབྱངས་ཀྱིས་བཤད་པ་ན། །དེ་མ་ཐག་ཏུ་སེམས་ཅན་རྣམས། །སྐྱེ་དང་རྒ་བ་ཟད་པར་འགྱུར། །ངན་འགྲོ་ཐམས་ཅད་ཞི་གྱུར་ནས། །བདུད་ཀྱི་སྡེ་རྣམས་རབ་ཏུ་འདར། །ལྷ་རྣམས་ཐམས་ཅད་རབ་ཏུ་དགའ། །ལོག་འདྲེན་རྣམས་ནི་སྐྲག་པར་གྱུར། །སྡིག་པ་ཞི་བར་བྱེད་པ་ཡི། །གཟུངས་འདི་བཤད་པའི་མོད་ལ་ཡང ། །གྲངས་མེད་ཕྲག་ནི་དུང་ཕྱུར་སྙེད། །འཁོར་བའི་བཙོན་ར་དག་ནས་ཐར། །འཇམ་དཔལ་གཞོན་ནུར་གྱུར་པ་ཡིས། །འཇམ་པའི་དབྱངས་ནི་རབ་བསྒྲགས་ཤིང ། །གང་ཚེ་རིག་སྔགས་བཤད་པ་ན། །བྲག་དང་ནགས་དང་ཚལ་དུ་བཅས། །རྒྱུ་བ་དང་ནི་མི་རྒྱུ་བའི། །ས་གཞི་དེ་ཡི་ཚེ་ན་གཡོས། །སངས་རྒྱས་འོད་ཀྱི་སྣང་བ་ཡིས། །ས་ཡི་སྟེང་ཡང་ཁྱབ་པར་གྱུར། །བགེགས་དང་ལོག་འདྲེན་ཐམས་ཅད་དང ། །སྲིན་པོ་མི་བཟད་གཟུགས་ཅན་རྣམས། །སྟོབས་བཅུ་ལྡན་ལ་ཕྱག་འཚལ་ཞེས། །སྐད་ཕྱུང་ཚིག་ནི་འཐུན་པར་སྨྲས། །ལྷ་རྣམས་ཞི་བའི་ཆ་ལུགས་ཅན། །ཐམས་ཅད་ཡིད་ནི་དགའ་གྱུར་ནས། །གང་ན་རྡོ་རྗེའི་རལ་གྲི་ཆེ། །དེ་ཡི་དྲུང་ལྷགས་སྨྲས་པ་ནི། །ཕྱག་འཚལ་མཆོག་སྦྱིན་རྡོ་རྗེའི་མཆོག་།འཇམ་པའི་དབྱངས་ནི་སྟོབས་ཆེན་ལ། །ཤུགས་སྟོང་ལྡན་པ་རྒྱལ་བ་ཅན། །བགེགས་ཀྱི་ཡུལ་འཁོར་རབ་འཇོམས་པ། །སྔགས་འཆང་གསང་སྔགས་ཆེན་པོ་འཆང ། །སྣ་ཚོགས་གཟུགས་ཅན་མི་ཡི་བདག་།ཤིན་དུ་སྟོབས་ལྡན་གཟུགས་མཛེས་འཇིགས། །དྲག་པོ་དྲག་པོ་རབ་འཇོམས་པ། །གཟི་བརྗིད་གཟི་བརྗིད་མངའ་བའི་དཔལ། །དཔལ་ལྡན་མཉམ་པ་མེད་པའི་དཔེ། །རྡོ་རྗེ་ཅན་ཏེ་སྙིང་སྦྱོང་བ། །མི་ཤེས་པ་ཡི་རབ་རིབ་སེལ། །སྒེག་པའི་ཆ་ལུགས་མཆོག་མངའ་བ། །སྐྱེ་དགུའི་བདག་པོ་སྒེག་པར་དགྱེས། །གཞུ་སྟོབས་ཅན་ལ་ཕྱག་རིང་བ། །ཉོན་མོངས་དགྲ་རྣམས་སེལ་བར་མཛད། །མཛེས་པ་ན་བཟའ་སྣ་ཚོགས་གསོལ། །མེ་ཏོག་ཕྲེང་རྒྱན་སྣ་ཚོགས་ཅན། །སྤྱན་བཟང་དབུ་ནི་མཛེས་པ་སྟེ། །དགྱེས་ཤིང་ན་བཟའ་མཛེས་པར་གསོལ། །འཇམ་པའི་དབྱངས་དེ
98.149b
རབ་ཏུ་བཞད། །དཀར་ནག་འབྱེས་པའི་སྤྱན་མངའ་བ། །ཧ་ཧའི་སྒྲ་ནི་གྲགས་པར་བསྒྲགས། །རབ་ཏུ་དང་བས་བསྟན་པ་དགའ། །རྒྱ་ཆེན་གསེར་གྱི་མདོག་དང་ལྡན། །རྒྱ་མཚོ་སྙིང་པོའི་སྤྱོད་ཡུལ་ཅན། །ཚུལ་མཁྱེན་ཚུལ་ལྡན་འཇིགས་པ་ཏེ། །སྡང་བའི་སྙིང་ནི་འཇིགས་པར་མཛད། །ཆ་ལུགས་སྔོ་ལ་ས་སྐྱོང་བ། །ལྷ་ཡི་བདག་པོ་དགའ་བར་མཛད། །འདོད་པའི་ལྷ་སྟེ་འདོད་སེལ་བསྟན། །རྒྱལ་པོའི་འཇིག་རྟེན་ས་འཛིན་པ། །བརྟན་པོ་རྣམས་ལ་བརྟན་པར་གྲགས། །ཡོན་ཏན་དག་གིས་ཕྱོགས་སུ་བཞད། །བཏུད་པ་ཡིས་བཏུད་ཕྱག་བགྱིས་པ། །རྟག་ཏུ་མཆོད་ཅིང་རྗེད་པ་ལགས། །སྟོབས་པོ་ཆེ་ལ་ཤུགས་ཆེ་བ། །ཕྱག་རིང་གཡུལ་ཆེན་མངའ་བ་པོ། །སྒེག་ཆེན་རྡོ་རྗེ་དམ་པ་སྟེ། །འཛེམ་ཤེས་རབ་བསྲུང་ངོ་ཚ་ཤེས། །དཀྱིལ་འཁོར་ཆེན་པོའི་སྙིང་པོའི་མཆོག་།དཀྱིལ་འཁོར་ཆེན་པོ་སྟོན་པ་པོ། །དཀྱིལ་འཁོར་ཆེན་པོར་གྲགས་པ་སྟེ། །དཀྱིལ་འཁོར་ཆེན་པོ་མཛད་པ་ལགས། །དཀྱིལ་འཁོར་སློབ་དཔོན་དཀྱིལ་འཁོར་ཅན། །ཞབས་ལ་རྗེད་པའི་ཚོགས་དང་ལྡན། །ཧ་ཧ་སཝཱ་ཧཱའི་བདག་ཆེ་བ། །མཆོད་པ་ཆེན་པོ་ས་དང་མཉམ། །ཧཱུཾ་གིས་འཇིག་མཛད་འཇིགས་པ་སྟེ། །འཇིགས་པའི་འོད་ཀྱིས་གསལ་བ་པོ། །ལྷ་དང་ལྷ་མིན་རྣམས་ཀྱིས་བཏུད། །དེ་བཞིན་མཆོད་ཅིང་རི་མོར་བགྱིད། །ཞམ་རིང་གད་རྒྱངས་ཆེན་པོ་ཅན། །རླུང་དྲག་མུན་པ་སེལ་མཛད་པ། །འཇིག་རྟེན་གསུམ་དུ་སྙན་པར་གྲགས། །གནོད་སྦྱིན་སྲིན་པོས་བསྙེན་བཀུར་བ། །དྲག་པོ་དཀར་མཛད་བདེ་འབྱུང་བ། །མངའ་བདག་གཙུག་གི་ནོར་བུ་ཅན། །འཛུམ་ཞིང་སྒེག་པར་ཀུན་དུ་སྟོན། །སྤྱོད་པ་ས་ལྟར་བརྟན་པ་ལགས། །ནོར་བུའི་དཀྱིལ་འཁོར་འོད་མཛེས་པ། །ཉི་མ་གསལ་བ་ལམ་མེ་བ། །ཉི་མའི་འོད་འདྲ་འཇའ་ཁུགས་བཞིན། །ཐ་ལེར་ཞུགས་ཤིང་རྒྱ་ཆེར་བཞད། །མཐོང་ན་དགའ་ཞིང་དགའ་བར་མཛད། །ནོར་སྦྱིན་དེ་བཞིན་གསང་སྔགས་སྦྱིན། །དབང་ཕྱུག་སྦྱིན་ཞིང་རྒྱལ་སྲིད་སྦྱིན། །གཟུགས་སྦྱིན་དེ་བཞིན་སྟོབས་སྦྱིན་པ། །དཔལ་ལྡན་དཔལ་མཛད་བགེགས་གནོན་རི། །
98.150a
ཀུན་དུ་རྨོངས་པ་སེལ་བར་མཛད། །འདུས་པའི་ནང་དུ་གདན་གཤེགས་པ། །ཞབས་ལ་མཆོད་པའི་ཚོགས་བསགས་པ། །དཔུང་རྒྱན་སྙན་ཆ་གདུབ་ཀོར་ཅན། །ནོར་བུའི་རྒྱན་གྱིས་བརྒྱན་པ་སྟེ། །རྒྱུ་དང་མི་རྒྱུ་འགྲོ་བའི་སྒྲོན། །རབ་རིབ་སེལ་བར་མཛད་པ་པོ། །སྟོན་པ་སྟོན་མཛད་སྐྱོང་མཛད་པ། །དབང་པོ་མངའ་བདག་དམག་གི་མཆོག་།འཇིགས་པ་སེལ་བར་མཛད་པ་ཏེ། །འཇིགས་པ་མེད་པའི་གནས་སྦྱིན་པ། །དཀར་བ་སྔོ་བ་འོད་བཟང་བ། །མགྲིན་སྔོན་གྱི་ནི་སྟོན་པ་ལགས། །ཇི་ལྟར་འདུལ་བ་འདུལ་འགྱུར་བ། །དེ་བཞིན་ཆ་ལུགས་རབ་ཏུ་སྟོན། །ཤེས་རབ་རལ་གྲིས་འདེབས་པར་མཛད། །སྟོང་ཉིད་ཆོས་ནི་ལྷུར་འཛིན་པ། །བྱམས་པ་མཆོག་དང་ཐ་མ་མཁྱེན། །རྣམ་པར་གྲགས་པ་གསན་པ་ངེས། །རིག་སྔགས་འཆང་བ་རྣམས་ཀྱིས་བསྟོད། །རིག་སྔགས་འཆང་བ་སྟོབས་པོ་ཆེ། །ཤིན་དུ་རྣམ་རྒྱལ་འཁོར་ལོས་བསྒྱུར། །འཇིགས་མེད་བློ་གྲོས་ཤེས་རབ་ཅན། །དེ་བཞིན་གཤེགས་པ་ཆོས་འཛིན་པ། །མགུར་བཟངས་འདུལ་མཛད་ཞི་བ་སྟེ། །ཞི་བའི་ལམ་ནི་སྟོན་མཛད་པ། །ལྷ་དང་ལྷ་མིན་བཅས་པས་བཀུར། །སེམས་ཅན་ཐམས་ཅད་འཇིགས་མེད་མཛད། །སེམས་ཅན་ཀུན་ལ་རབ་སྟོན་པ། །བརྟན་པོ་སེམས་ཅན་ཀུན་གྱི་མཆོག་།སེམས་ཅན་རྣམས་ཀྱི་བློ་ལ་མཁས། །སྲེད་མེད་བུ་སྟེ་དྲག་ཤུལ་སྟོབས། །མེ་ཡི་འོད་དང་འདྲ་བ་སྟེ། །བྱིས་པ་སྐུ་མཆོག་མཆོག་སྦྱིན་པ། །རྩེད་མོ་རོལ་མོ་སྟོན་པར་མཛད། །ཕྱག་རྒྱ་མཛད་པས་གསང་སྔགས་མཛད། །བདག་གིར་མི་འཛིན་རྡུལ་མེད་བརྟན། །མཁའ་འདྲ་དཔེ་མེད་སྨྲ་མཁས་པ། །བདུད་དཔུང་ངེས་པར་འཇོམས་པ་པོ། །མི་མཆོག་བརྩན་བ་བསྐྱོད་དུ་མེད། །དེ་བཞིན་ཐུབ་མེད་རྣམ་པར་རྒྱལ། །བརྟན་པོ་སངས་རྒྱས་དེ་བཞིན་གཤེགས། །མྱ་ངན་མེད་ཅིང་གནས་པ་མེད། །འཇོམ་མེད་ཚིག་བཟང་ཆ་ལུགས་བཟང ། །དཔའ་བོ་དགྲ་རྣམས་རབ་འཇོམས་པ། །ཚན་ཆེན་ངེས་འཇོམས་རྣམ་འབྱོར་པ། །འདོད་པ་གནོད་པ་ཁྱབ་པར་གཤེགས། །མགོན
98.150b
པོ་རྒྱལ་བའི་སྲས་ཀྱི་མཆོག་།གཤིན་རྗེ་ཕམ་མཛད་སྐྱེ་དགུ་བསྲུང ། །ལས་དང་ཉོན་མོངས་རབ་བསྲེག་པ། །སྟོན་མཛད་ཉོན་མོངས་སེལ་བ་ལགས། །ལེགས་པ་ཁྱོད་ཀྱི་མཆོག་གི་མཚན། །བརྒྱ་རྩ་བརྒྱད་པ་རབ་གསལ་ཞིང ། །དད་པ་བསྐྱེད་པར་བྱེད་པ་འདི། །ལྷ་མཆོག་རྣམས་ཀྱིས་རབ་ཏུ་བཤད། །བགེགས་ཆེན་དང་ནི་ལོག་འདྲེན་དང ། །གནོད་སྦྱིན་ལྷ་མིན་སྲིན་པོ་དང ། །མདངས་འཕྲོག་གཏུམ་པོ་རྒོད་རྣམས་ཀྱིས། །དེ་རིང་ལེགས་པར་བསྟོད་པར་གྱུར། །འཇམ་དཔལ་རྡོ་རྗེ་མཆོག་གིས་རབ། །བསྒྱིངས་པས་བལྟས་པའང་བདེ་བར་གྱུར། །དེ་དག་ཀུན་ལ་བལྟས་ནས་ཀྱང ། །འདི་སྐད་དུ་ནི་ཚིག་སྨྲས་པ། །ཁྱེད་ཀུན་རྟག་ཏུ་བགེགས་མེད་ཅིང ། །ངེས་ལེགས་ཐར་པ་ཐོབ་གྱུར་ལ། །འཇིགས་མེད་བཀྲ་ཡང་ཤིས་པར་ཤོག་།ང་ལ་འཇིགས་པར་མ་སེམས་ཤིག་།དེ་ནས་རབ་ཏུ་ཆེར་བཞད་ཅིང ། །འབྲུག་ཆེན་སྒྲ་ནི་སྒྲོགས་པ་ཡི། །དེ་བཞིན་གཤེགས་པ་ཞལ་གསལ་བས། །ཤར་ཕྱོགས་གཟིགས་ནས་བཀའ་སྩལ་པ། །ཀྱེ་མ་གསང་སྔགས་མཆོག་གི་ཡུལ། །སེམས་ཅན་གཏི་མུག་བསལ་བའི་ཕྱིར། །སེམས་ཅན་རྣམས་ཀྱི་བསོད་ནམས་ཚོགས། །ཤིན་ཏུ་རྒྱས་པ་བྱུང་བར་གྱུར། །ཀྱེ་མ་བསོད་ནམས་ཆེར་བྱས་པའི། །སེམས་ཅན་རྣམས་ནི་རབ་སྦྱང་ཕྱིར། །དམ་པ་སྦྱིན་པའི་གྲུབ་པའི་གཟུངས། །འཇམ་པའི་ཀློག་གིས་རབ་ཏུ་བཤད། །ལ་ལ་གང་ཞིག་མཉམ་བཞག་ནས། །སྡུག་བསྔལ་ཐམས་ཅད་སེལ་བ་ཡི། །གྲུབ་པའི་གཟུངས་འདི་འདོན་པ་འམ། །ཡང་ན་ཉན་ཏམ་སེམས་ཀྱང་རུང ། །དེ་ཡི་དོན་ཀུན་འགྲུབ་འགྱུར་ཞིང ། །སྡུག་བསྔལ་ཀུན་ལས་ཐར་བར་འགྱུར། །སྡིག་པ་ཐམས་ཅད་རྣམ་དག་པ། །དེ་ཡིས་ངེས་པར་ཐོབ་པར་འགྱུར། །དེ་བཞིན་གཤེགས་པའི་ས་ཆེན་ཡང ། །རིང་པོར་མི་ཐོགས་དེ་ཡིས་འཐོབ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས། །རབ་དགའ་ཤིན་ཏུ་དྲི་མ་མེད། །འོད་བྱེད་པ་དང་འོད་འཕྲོ་ཅན། །སྦྱང་དཀའ་དེ་བཞིན་མངོན་དུ་གྱུར། །རིང་དུ་སོང་དང་མི་གཡོ་བ། །ལེགས་པའི་བློ་གྲོས
98.151a
ཆོས་ཀྱིས་སྤྲིན། །ས་ཆེན་དམ་པ་དེ་དག་ཀྱང ། །གང་ཞིག་ངེས་གནས་འདོད་པ་ཡི། །སེམས་ཅན་ཆེན་པོས་མི་ཐོགས་པར། །ཚེ་ཟད་ནས་ནི་ཐོབ་པར་འགྱུར། །སྡིག་པ་ཐམས་ཅད་རྣམ་དག་དང ། །སེམས་ཅན་ཀུན་ལ་སྡུག་པ་དང ། །སྤྲོས་པ་ཐམས་ཅད་ཞི་བ་ཡི། །བྱང་ཆུབ་བླ་མེད་ཐོབ་པར་འགྱུར། །རིག་སྔགས་འཆང་ཀུན་བསྐྱེད་པ་དང ། །སྡིགས་པ་ཐམས་ཅད་ཞི་བྱེད་ཅིང ། །བཀྲ་ཤིས་མཆོག་ཏུ་དགེ་བ་ཡི། །མིང་བརྒྱ་ཙ་བརྒྱད་ཡིད་འོང་འདི། །སོར་མོ་བཅུ་ཡི་ཐལ་སྦྱར་ནས། །འཇམ་པའི་དབྱངས་ཀྱིས་མདུན་འདུག་ལ། །ཤིན་ཏུ་དང་བའི་སེམས་ཀྱིས་སུ། །ནང་པར་ལངས་ནས་སུ་བརྗོད་པ། །དེ་ལ་རིག་སྔགས་འཆང་ཀུན་དང ། །དེ་བཞིན་ལྷའི་བདག་པོ་རྣམས། །གནོད་སྦྱིན་སྲིན་པོ་མང་པོ་དག་།རྟག་ཏུ་ཡང་ནི་བསྲུང་བར་བྱེད། །དེ་བཞིན་གཤེགས་པའི་སྲས་ཀུན་དང ། །དེ་བཞིན་གཤེགས་པ་ཉིད་རྣམས་དང ། །དེ་བཞིན་རྡོ་རྗེའི་མཚོན་འཆང་རྣམས། །དེ་ལ་ངེས་པར་བསྲུང་བར་བྱེད། །དེ་ནས་སངས་རྒྱས་སྐུར་བཞུགས་ཤིང ། །མཉམ་པར་བཞག་པར་སྣང་བར་འགྱུར། །གནོད་སྦྱིན་ལྷའི་བདག་པོ་རྣམས། །བགེགས་དང་ལོག་འདྲེན་ཆེན་པོ་དག་།དགའ་ཞིང་བསམ་པ་དམ་པ་ཡིས། །རྒྱང་མ་དག་ནས་ཕྱག་ཀྱང་འཚལ། །དེ་ཕྱིར་བགེགས་རྣམས་དགའ་གྱུར་པས། །འཚེ་བར་བྱེད་ཀྱང་མི་ནུས་སོ། །ལན་གཅིག་ཀླགས་ན་ཚངས་ཆེན་དང ། །བསོད་ནམས་མཉམ་པ་ཐོབ་པར་འགྱུར། །ཤེས་རབ་ཆེན་པོ་གང་ཞིག་གིས། །ཉིན་རེ་མཚན་མཆོག་བརྗོད་བྱས་ན། །དྲི་མ་མེད་ཅིང་རབ་དག་ལ། །རབ་ཏུ་འོད་གསལ་སྒྲ་སྙན་དང ། །སེམས་ཅན་ཐམས་ཅད་དགའ་བའི། །ཡིད་དུ་འོང་བའི་གནས་ཀྱང་འཐོབ། །མཚུངས་པ་མེད་ཅིང་སྟོབས་བསྐྱེད་ལམ་མཆོག་འགྲོ་བ་དང ། །འོད་གསལ་དམ་ཚིག་ཅན་གྱི་ལྷ་རྣམས་ཀྱིས་བསྟོད་ཅིང ། །ཡིད་འཕྲོག་ལྷ་དང་ལྷ་མིན་ཚོགས་ཏེ་འདུན་པ་ཡི། །
98.151b
གཟུངས་འདི་རྒྱལ་བ་རྣམས་ཀྱི་ལེགས་པར་གསུངས་པ་ཡིན། འཕགས་པ་འཇམ་དཔལ་གྱི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་རྫོགས་སྷོ།། །།