rKTs


J843

(e-text produced by ADARSHA)

see text in transliteration
106.267a
།།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ།། ༄#། ་།རྒྱ་གར་སྐད་དུ། ་ཨཱརྱ་སརྦ་ཨན་ཏ་རཱ་ཡི་བི་ཤོ་དྷ་ནི་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་བྲམ་ཟེའི་གྲོང ། ཤིང་ཨ་མྲའི་གནས་ཤེས་བྱ་བ་དེའི་བྱང་ཕྱོགས་ན་ལུས་འཕགས་རི་ལ་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འཆི་འཕོའི་ཆོས་སུ་གྱུར་ཏེ། དེའི་ཚེའི་འདུ་བྱེད་ཀྱི་ལྷག་མ་ལུས་པའི་སྔ་ལྟས་ཁོང་དུ་ཆུད་ནས་སྐྲག་པ་སྐྱེས་ཏེ། བཙུན་མོའི་འཁོར་དང ། གཡོག་དང་བཅས་པར་བཅོམ་ལྡན་འདས་ཀྱི་གན་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཡང་ཚེ་དོན་དུ་གཉེར་བ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། ཀོའུ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་གང་དག་གིས་བདུད་ཐམས་ཅད་དང ། ཕྱིར་རྒོལ་བ་ཐམས་ཅད་དང ། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་དུ་ཚར་གཅད་པར་འགྱུར་བ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་པའི་གསང་སྔགས་གཞི་འདི་རྣམས
106.267b
ཉོན་ཅིག་།ཏདྱ་ཐཱ། ཨ་བྷ་ཡེ། བྷ་ཡ་བི་ག་ཏེ། བྷ་ཡ་པ་རི་ཤོ་དྷ་ནེ། ཨ་བྷ་ཡེ། ཨ་བྷ་ཡན་ད་དེ། ནི་དུ་བ་གླིཥྚི། ཨ་ན་ཀུ་ལེ། ཨ་ཀུ་ལ་བ་རི་ཤོ་དྷ་ནེ། ཨ་བི་ཀལ་པེ། ཨ་ཀལ་པེ་ནེ། ཨ་ཙྱུ་ཏེ། ཤུ་བྷེ་ཤུ་བྷ། ཏེ་ཛོ་ཏེ་ཛ་བ་ཏི། ཤ་ནེ་ཨུ་པ་ཤ་མེ། མ་ཧོ་པ། ཤ་མེ། མེ་དྲེ། ་མཻ་ཏྲྱུད་དྷི་ཏེ་ཏོ་ཤེ། །ཏོ་ཤ་ཡ་ཎེ་ས་ཏྱེ། ས་ཏྱ་དར་ཤི། ། བི་རུད་དྷེ། ས་ཧི་ཏེ། སི་ཧི་ཏ་ཏྭེ། ཨརྦེ་ཨརྠ་སིད་དྷེ། ཨ་མྲི་ཏ། ཨ་མྲི་ཏ་པ་ཏེ། ཨ་བྷཱི་ཏེ། བཛྲ་སཏྱེ་ཨཀྵེ་ཡེ། ཨཀྵ་ཡ་པྲ་བྷེ། དྲན་ཏྲ་བ་རེ། ཤུད་དྷེ་ཤུད་དྷི། པྲ་བྷེ། ཨ་བ་བྷ་སེ། ཨ་བ་བྷཱ་ས་བ་ཏི། ཨུ་པ་ཡོ་ཀེ་། ནུད་ཏ་རེ། ས་མ་ཙིད་ཏེ། བུད་དྷ་ཨ་དྷིཥྛཱ་ནེ། ཤཱི་ལེ་བི་ཤོ་དྷ་ནེ། ཨ་སང་ཧརྱེ། སུ་ནི་གྲི་ཧཱི། ཏམ་མ་ར་བཱ་ལཱ་ནཱམ། པ་ར་ཛ་ཡོ་དྲིཥྚི་ག་ཏྲ་ནཾ། ཛྭ་ལ་ནན་དྷརྨོ་ལ་ཀཱ་ལ། ཨུད་གྷ་ཊ་ནཱཾ། དྷརྨ་ནི་དྷ་ན་སྱ། སཾ་གྲ་ཧ་ནཱཾ། དྷརྨ་གོ་ཤ་སྱ། ཀོའུ་ཤི་ཀ་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་དག་ནི་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་གང་དག་གིས་བདུད་ཐམས་ཅད་དང ། ཕྱིར་རྒོལ་བ་ཐམས་ཅད་དང ། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་དུ་ཚར་བཅད་པར་འགྱུར་བ་དག་གོ། །འདི་བཟླས་བརྗོད་བྱས་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ་གཏོགས་པར་བར་དུ་གཅོད་པ་ཐམས་ཅད་རྣམ་པར་དག་པར་འགྱུར། དོན་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། དེའི་ཚེ་འདི་སྐད་དུ་ཁོ་བོ་ལྷ་ལས་མ་གྱུར་ལ། །འདི་ཉིད་ན་ནི་འདུག་བཞིན་དུ། །ཁོ་བོས་ཚེ་ཡང་ཐོབ་ཟིན་གྱིས། །གྲོགས་དག་དེ་ལྟར་ཤེས་པར་གྱིས། །ཤེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །འདིའི་མཐུ་ཐམས་ཅད་ཀྱིས་བདག་གི་བར་དུ་གཅོད་པ་དང ། བགེགས་དང ། ལོག་འདྲེན་ཐམས་ཅད་ནི་མེད་པར་གྱུར་ཅིག་།ཕུན་སུམ་ཚོགས་པ་ཐམས་ཅད་ནི་གྲུབ་པར་གྱུར་ཅིག་།ན་མོ་ཨ་ཀེ་ཏུ་ལེན་གེ་ཙཎ་ཌ་ན་ཡེ་སཝཱ་ཧཱ། སརྦ་ཨརྠ་སཱ་དྷ་ནི་ཡེ་སཝཱ་ཧཱ། དྷརྨཱ་སཱ་དྷ་ནི་ཡེ་སཝཱ་ཧཱ། སརྦཱ་ད་ར་ཡེ་བི་ཤོ་དྷ་ནི་ཡེ་སཝཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་བཙུན་མོའི
106.268a
འཁོར་དང་བཅས་ཤིང་འཁོར་དང་བཅས་པ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ། །འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སྐར་ཞུས།། ་