M0001 - D0260

འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ

Volume 001 - Page 3
བོད་སྐད་དུ
འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ
-
-
འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ
དེ་ནས་དཔལ་ལྡན་རྡོ་རྗེ་འཆང་
གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག
དཔའ་བོ་འཇིག་རྟེན་གསུམ་ལས་རྒྱལ
རྡོ་རྗེ་དབང་ཕྱུག་གསང་བའི་རྒྱལ
རྣམ་རྒྱས་པདམ་དཀར་པོའི་སྤྱན
པདམ་རབ་ཏུ་རྒྱས་པའི་ཞལ
རང་གི་ལག་གིས་རྡོ་རྗེ་མཆོག
ཡང་དང་ཡང་དུ་གསོར་བྱེད་པ
ཁྲོ་གཉེར་ལྡན་པའི་རླབས་ལ་སོགས
ལག་ན་རྡོ་རྗེ་མཐའ་ཡས་པ།
དཔའ་བོ་གདུལ་དཀའ་འདུལ་བ་པོ

<- page2 // page 4->